ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཡུ་མོ་དངོས་སུ་བསད་ནས་གློག་བརྙན་ཕབ་ཅིང་། ད་དུང་ཆོག་མཆན་ཡོད་ཟེར།

2014-11-13 ཟླ་བ།
    དེ་རིང་ཞོགས་པར་ཆུ་ཚོད ༡༡:༣༧ ཙམ་དུ། དྲ་གྲོགས་ཤིག་གིས་ཐེར་འདོན་བྱས་དོན་ལ། ད་ཆ་བོད་དུ་བཟོ་བཞིན་ཡོད་པའི་གློག་བརྙན་གསར་པ《རྒྱུན་བུའི་སྟེང་གི་རྣམ་ཤེས》ཡི་འཁྲབ་ཁྲིད་པ་ཀྲང་དབྱང་གིས། བྱུང་རིམ་གྱི་དགོས་མཁོ་ལྟར་འཁྲབ་སྟོན་པ་ཞིག་ལ་ཡུ་མོ་སྦྲུམ་མ་ཞིག་དངོས་སུ་གསོད་དུ་བཅུག་ཡོད་འདུག་ལ། དེར་ཡོད་པའི་གནས་ཚུལ་དངོས་མཐོང་མཁན་དག་གིས་མིག་ཆུ་དབང་མེད་བཞུར་བ་དང་། གནས་ཚུལ་འདི་ལྟ་བུ་གལ་སྲིད་ཕྱིའི་རྒྱལ་ཁབ་ནས་བྱུང་ཚེ་སྲོག་ཆགས་སྡུག་གསོད་བཏང་བའི་ཉེས་མིང་གིས་གཏུག་བཤེར་བྱེད་ཀྱི་རེད་ཟེར་གྱི་འདུག དེ་རིང་ཕྱི་དྲོ། ར་སྤྲོད་བྱས་མེད་པའི་པོད་ཕྲན་པ“光影静心”ཟེར་བ་ཞིག་གིས་ཁོ་དངོས་སུ་དེར་ཡོད། གོང་ནས་ཆོག་མཆན་ཐོབ་པ་མ་ཟད། ཡུ་མོ་དེ་བཟའ་རུང་ཡུ་མོ་ཡིན། མངལ་ཡང་སྦྲུམ་མེད་ཟེར། དེ་རྗེས་དྲ་བའི་གསར་འགོད་པས་འཁྲབ་ཁྲིད་པ་འདི་ལ་ཁ་པར་བཏང་རུང་། རྩོམ་འདི་མ་སྤེལ་ཡར་སྔོན་བར་དུ་ཁ་པར་ལེན་མཁན་མི་འདུག
    “འཁྲབ་ཁྲིད་པ་ཀྲང་དབྱང་གི《རྒྱུན་བུའི་སྟེང་གི་རྣམ་ཤེས》ད་ལྟ་བོད་དུ་འཕབ་སྒང་ཡིན། ཁེ་སྔོན་གཏམ་རྒྱུད་ཀྱི་དགོས་མཁོའི་དབང་གིས་འཁྲབ་སྟོན་པས་ཡུ་མོ་ཞིག་གསོད་དགོས་པར་ཐུག ལྡན་འབྲས་ཡག་པོ་ཡོང་ཆེད་འཁྲབ་ཁྲིད་པས་ཨུ་ཚུགས་བརྒྱབ་ནས། ཡུ་མོ་དེ་ངོ་མ་བསད་སོང་། ཤེས་གསལ་ལ་དེར་ཡོད་པའི་མི་མང་པོ་ཞིག་མིག་ཆུ་ཤོར་སོང་། དེ་བས་ཕངས་སེམས་ཆེ་བ་ཞིག་ནི་ཡུ་མོ་དེ་སྦྲུམ་མ་རེད་འདུག དོན་འདི་སྨྱན་བྱེད་ཀྱིས་ཤེས་ཚར་རེད། དོན་འདི་འདྲ་གལ་སྲིད་རྒྱལ་ཕྱི་ནས་བྱུང་བ་ཡིན་ཚེ་སྲོག་ཆགས་སྡུག་གསོད་བཏང་བའི་ཉེས་མིང་གིས་ཁྲིམས་ལ་གཏུག་ཆོག” དེ་རིང(ཟླ ༡༠ པའི་ཚེས ༢༢) སྔ་དྲོ་ཆུ་ཚོད ༡༡:༣༧ དུ། དྲ་གྲོགས་ཤིག་གིས་པོད་ཕྲན་དུ་གནས་ཚུལ་འདི་རྗེན་པར་བཏོན་པས་དེ་མ་ཐག་དྲ་གྲོགས་ཚོས་དོ་སྣང་བྱས་ཤིང་། འཁྲབ་སྟོན་པ་ཙོང་ཧྥིན་ཡན་གྱིས་ཀྱང་དོན་འདི་བརྒྱུད་འགོད་བྱས་ཤིང་། གལ་སྲིད་ངོ་མ་ཡིན་ན། རང་ཉིད“སྐད་ཆ་ལབ་རྒྱུ་མི་འདུག”ཟེར།
    ཕྱི་དྲོར། ར་སྤྲོད་བྱས་མེད་པའི་དྲ་གྲོགས་དོ་བདག་ཡིན་ཟེར་བ་ཞིག་གིས་དེ་ལ་གོང་གི་ཆོག་མཆན་ཡོད་པ་མ་ཟད། ཡུ་མོ་དེ་སྦྲུམ་མ་ཞིག་ཀྱང་མིན་པར་བཟའ་ཆོག་པའི་ཡུ་མོ་ཡིན་ཟེར། “ངས་དང་ལ་བླངས་ནས་ཁྱོད་ལ་བཤད་ཆོག ལ་ཐོས་ལུང་ཐོས་དེ་ལ་ཡིད་མ་རྟོན། ཡུ་མོ་དེ་སྦྲུམ་མེད་ལ་རི་སྐྱེས་ཀྱང་མིན། ང་ཚོར་ཆོག་མཆན་ཡོད། དེ་བཟའ་རུང་ཡུ་མོ་ཞིག་ཡིན། དེ་མ་བྱས་གོང་ང་ཚོར་སྦྲིད་སྨན་ཡང་ཡོད་པས་དེའི་སྡུག་བསྔལ་ཆུང་དུ་གཏོང་ཅི་ཐུབ་བྱས་ཡོད། སེམས་ཀྱིས་མི་བཟོད་རུང་གློག་བརྙན་གྱི་དགོས་མཁོ་རེད། ང་ཚོས་དེ་ཟོས་མེད། བྱས་རྗེས་ཅན་དུ་བརྩིས་ནས་སྦས་བཞག ཁྱོད་ཀྱིས་གནས་ཚུལ་རྫུན་མ་འདི་བསུབ་པའི་རེ་བ་ཡོད། ང་དོ་བདག་གིས་ཁྱོད་ལ་ཁག་ཐེག་བྱས་པ་ཡིན”ཟེར། དེ་རྗེས་དྲ་གྲོགས་དེས་པོད་ཕྲན་དུ་བསུབས་འདུག
    འཁྲབ་ཚོགས་ཀྱིས་ཡུ་མོ་སར་སྦས་རྗེས་བསད་པ་དེ་བཟའ་རུང་ཡུ་མོ་ཡིན་ཚུལ་བཤད་ཀྱི་འདུག་ཅིང་དེ་སྡུག་གསོད་ཡིན་མིན་བཤད་དཀའ་ཡང་། སྔོན་ཆད་རྒྱལ་ནང་གི་འཁྲབ་ཚོགས་མང་པོ་ཞིག་གིས་སྲོག་ཆགས་ལ་མནར་གཅོད་མང་པོ་བཏང་བས་མི་རྣམས་ལ་ཞེ་ནད་ཆེན་པོ་ཡོད་པས། དོན་གྱི་སྔ་ཕྱི་གསལ་པོ་ཧ་མ་གོ་གོང་མཛུབ་མོ་ཐད་ཀར་འཁྲབ་ཁྲིད་པའི་སྟེང་ལ་བཙུགས་ནས་ཐལ་ཆེ་ལུགས་དང་། ཐ་ན་དྲ་གྲོགས་སྤོ་རྐྱལ་ཁ་ཤས་ཀྱིས་འབྲེལ་ཡོད་ལས་ཁུངས་ཀྱིས་སྲོག་ཆགས་ལ་སྡུག་སྦྱོང་གཏོང་མཁན་འཁྲབ་ཚོགས་ལ་ཆད་པ་ནན་མོ་གཅོད་དགོས་ལུགས་བརྗོད་ཀྱི་འདུག
    ཡིན་ནའང་། ༢༠༠༢ ལོའི་ཟླ ༢ པའི་ཚེས ༡ ཉིན་ལག་བསྟར་བྱས་པའི《གློག་བརྙན་དོ་དམ་སྲོལ་ཡིག》དང ༢༠༠༤ ལོའི་ཟླ ༡༠ པའི་ཚེས ༢༠ ཉིན་ལག་བསྟར་བྱས་པའི《བརྙན་འཕྲིན་ཟློས་གར་ཞིབ་བཤེར་དོ་དམ་གཏན་འབེབས》ནང་དུ། སྲོག་ཆགས་འཁྲབ་སྟོན་པར་སྲུང་སྐྱོབ་བྱེད་དགོས་པའི་གཏན་འཁེལ་གཅིག་ཀྱང་མེད།
    ད་ལྟ། ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་བ་གཙོ་བོ་འཇིག་ཉེའི་རི་སྐྱེས་སྲོག་ཆགས་ཡིན་པ་ལས་སྤྱིར་བཏང་གི་སྲོག་ཆགས་མ་རེད། ༢༠༠༩ ལོར། པེ་ཅིང་དུ《སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》འཆར་ཟིན་འགོད་ཀྱི་ཡོད་ལུགས་ཀྱི་གནས་ཚུལ་ཐོན་ཞིང་། ཟིན་འགོད་ཚོགས་པའི་དབུ་བཞུགས་ཏེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཁྲིམས་རིག་སོའོ་སྤྱི་ཚོགས་ཁྲིམས་རིག་ཁང་གི་ཀྲུའུ་རིན་གྱིས་ཀྱང་། 《སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་མ་མཐའ་ནི་སྲོག་ཆགས་ལ་མནར་གཅོད་གཏོང་དུ་མི་འཇུག་རྒྱུ་དང་། སྤྱི་དམངས་ཀྱི་སེམས་སུ་སྲོག་ཆགས་ལ་དགེ་མཚན་ཆེ་བའི་འདུ་ཤེས་ཆགས་སུ་འཇུག་རྒྱུ་དེ་རེད་ཅེས་བརྗོད་མྱོང་།
    ཡིན་ནའང་། དུས་ད་ལ་ཐུག་གི་བར་དུ། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ད་དུང་བཏོན་མེད་པ་རེད། རྒྱལ་ནང་གི་འཁྲབ་ཚོགས་ཀྱིས་སྲོག་ཆགས་སྡུག་གསོད་བཏང་བའི་དཔེ་མཚོན། ༢༠༡༠ ལོར་དྲ་གྲོགས་ཞིག་གིས་བརྙན་ཟློས་ཤིག་དྲ་བར་བཞག་པ་རུ། གློག་བརྙན《ཁྱི་རྒྱལ》གྱི་འཁྲབ་སྟོན་པ་ཡའོ་ཧྲིག་ཀང་གིས་གློག་བརྙན་འཕབ་དུས་དངོས་ཉམས་ཐོན་ཆེད་དམག་ཁྱི་ཞིག་ལ་འབར་རྫས་བཏགས་ཏེ་ཐེར་ཚལ་སྦར་ཚལ་དུ་བཏང་བའི་སྐོར་བརྗོད་ཀྱི་ཡོད། གློག་བརྙན་དེ ༡༩༩༣ ལོར་བསྐྲུན་ཞིང་། བརྙན་ཟློས་དེ ༢༠༠༧ ལོར་འཁྲབ་ཁྲིད་པ་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་ལེ་ཚན《གསེར་མདོག་གི་ལོ་ཟླ》རུ་ཞུགས་དུས་ཀྱི་རེད། བརྙན་ཟློས་དེ་སྤེལ་རྗེས། རྒྱའི་འཁྲབ་སྟོན་པ་ཀོའུ་ཅུ་ཅུ་སོགས་གློག་བརྙན་ལས་རིགས་ཀྱི་སྐར་མ་མང་པོས་ཞབས་མཆན་བཞག་ནས་འཁྲབ་ཁྲིད་པས་ཚེ་སྲོག་ལ་བརྩི་བཀུར་ཞུ་གི་མེད་ལུགས་སྐོར་ལ་དགག་པ་བརྒྱབ།
    ཧོ་ལེ་ཝུའི་འཁྲབ་ཚོགས་སུ་སྲོག་ཆཊ་ལ་མནར་གཅོད་བྱས་ན་བྱ་དགའ་ཆེན་པོའི་རེ་བ་མེད། ཨ་རི་ནས་གློག་བརྙན་འཕྲིན་དུ་སྲོག་ཆགས་སྤྱོད་དུས། ཨ་རིའི་མི་ཆོས་རིང་ལུགས་མཐུན་ཚོགས(American Humane Association) ཀྱིས་མགོ་རྔ་བར་གསུམ་ལ་ལྟ་རྟོག་བྱེད་ཀྱི་ཡོད་པ་མ་ཟད། གློག་བརྙན་ནང"སྲོག་ཆགས་ལ་གནོད་འཚེ་མ་ཕོག"པའི་གསལ་བསྒྲགས་ཀྱང་སྤེལ་གྱི་ཡོད། ད་དུང་སྲོག་ཆགས་འཁྲབ་སྟོན་པར་རྨས་ཕོག་པའམ་སྡུག་པོ་བཟོས་ན། ཁོ་ཚོས་ཨ་རིའི་སྲོག་ཆགས་སྲུང་སྐྱོབ་ཁྲིམས་ལུགས་གཞིར་བཞག་སྟེ་ཐད་ཀར་ཁྲིམས་ལུགས་ཀྱིས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་ལག་ལེན་བྱེད་ཀྱི་ཡོད།
    དེ་ཙམ་དུ་མ་ཟད་དེ། “སྲོག་ཆགས་ལ་གནོད་པ་བྱས་མེད”ཅེས་པའི་འདི་གཅིག་པུའི་དོན་མིན་ཏེ། གལ་སྲིལ་གློག་བརྙན་འཕྲིན་དུ་མཛུབ་སྟོན་ལྟར་སྲོག་ཆགས་ལ་བདག་སྐྱོང་བྱས་ཚེ། “སྲོག་ཆགས་ལ་གནོད་པ་བྱས་མེད”ཅེས་པའི་དཔང་གཅོད་ཐོབ་ཐུབ་ཅིང་། དཔྱད་རིམ་ཞིག་ཀྱང་དེ་དང་མཉམ་དུ་སྟེར་གྱི་ཡོད། དཔྱད་རིམ་དེའི་ནང་དུ་གློག་བརྙན་དེ”ཡོངས་སུ་དང་ལེན་ཐུབ”དང་། “དང་ལེན་ཐུབ།” “དམིགས་བསལ” “དང་ལེན་མི་ཐུབ” “ལྟ་རྟོག་མ་ཐུབ”སོགས་བཀར་ཡོད།
    གལ་སྲིད་གློག་བརྙན་ཞིག་ལ་དཔྱད་རིམ་མཐོན་པོ་ཞིག་མ་རེག་ན་ཕལ་ཆེར་བྱ་དགའ་ཆེན་པོ་ལེན་རྒྱུའི་སྐལ་བ་མེད། འདི་འུར་སྒྲོག་གི་སྐད་ཆ་ཞིག་མིན་ཏེ། ༢༠༠༣ ལོར་བསྐྲུན་པའི་སྒྲུང་རབས《སོར་གདུབ་རྒྱལ་པོ༢》དེའི་དཔྱད་རིམ་དམའ་བའི་རྐྱེན་གྱིས་ཨོ་ཟི་ཁཱའི“གསེར་མི”ལག་ནས་ཤོར་བ་རེད། ༢༠༡༢ ལོར། HBOཡིས་འཁྲབ་སྟོན་པ་ཞིག་གིས་བརྙན་འཕྲིན་ཟློས་གར་ཞིག་འཁྲབ་དུས་རྟ་ལ་རྨས་ཕོག་པ་རྒྱུ་མཚན་དུ་བྱས་ཏེ་གཡུགས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག