ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དབྱིན་ཇིའི་བུ་ལོ ༥ ཅན་གྱིས་སྙི་ཕྲན་ཡིག་ཚད་ལོངས་ནས། འཛམ་གླིང་གི་རྩིས་འཕྲུལ་མཁས་པ་ཆུང་ཤོས་ཆགས།

2014-11-16 གཡང་སྒྲོལ།

ལོ ༥ ཡིན་པའི་ཁོ་རེས་ཞི།  

   དབྱིན་ཇིའིཉིན་རེའི་སྦྲག་ཚགསསུ་བཀོད་པ་ལྟར་ན། དབྱིན་ཇི་དབུས་ཕྱོགས་ཀྱི་གྲོང་ཁྱེར་ཁོ་བུན་ཐྲི(Coventry)ཡི་ལོ་ལྔ་ཅན་གྱི་བུ་ཆུང་ཨ་ཡངཁོ་རེས་ཞི་ཡིས་སྙི་ཕྲནSupporting Windows8.1"རྩིས་འཕྲུལ་གྱི་ཡིག་ཚད་ལོངས་ནས་འཛམ་གླིང་སྟེང་གི་ལོ་ན་ཆེས་ཆུང་བའི་རྩིས་འཕྲུལ་ཆེད་མཁས་པར་གྱུར་ཅིང་། ཟིན་ཐོ་སྔ་མ་བསྐྲུན་མཁན་ནི་ཕ་ཀི་སི་ཐན་གྱི་ལོ ༦ ཡིན་པའི་བུ་ཆུང་མེ་རོ་ཙི་ཡ་ཝར(Mehroz Yawar)ཡིན། 

ལོ ༣ ནས་རྩིས་འཕྲུལ་ལ་ཐུག་མགོ་བརྩམས་ཤིང་། ཁོའི་ཕ་ཡིས་ཁོ་ལ་རྩིས་འཕྲུལ་ཚོད་ལྟ་ཁང་བཙུགས། 

   སྤྱིར་སྙི་ཕྲན་གྱི་རྩིས་འཕྲུལ་རྒྱུགས་གཞི་དེ་ནི་ཆ་འཕྲིན་ལག་རྩལ་གྱི་ལས་རིགས་ལ་འཇུག་པའི་མི་དར་མ་དག་ལ་ཁ་གཏད་པའི་ཚད་འཇལ་རྒྱུགས་གཞི་ཞིག་ཡིན་པ་དང་། དེ་རུ་གཙོ་བོར་རྒྱུགས་ལེན་མི་སྣའི་རྩིས་འཕྲུལ་གྱི་ཤེས་བྱར་ཚད་འཇལ་བ་ཡིན་པ་སྟེ། རྩིས་འཕྲུལ་གྱི་སྲ་ཆས་དང་སྙི་ཆས་ཀྱི་ཤེས་བྱ། དེར་མ་ཟད་སྙི་ཕྲན་གཟུགས་ལམ་དཀར་ཁུང་དང་འབྲེལ་ཡོད་ཀྱི་ཤེས་བྱར་རྒྱུས་ལོན་བྱས་པའི་ཆུ་ཚད་ཚད་འཇལ་བ་རེད། བུ་ཆུང་ཁོ་རེས་ཞི་ནི་ད་ཆ་སློབ་ཆུང་འགྲིམས་བཞིན་ཡོད་མོད། ཁྱིམ་བདག་གི་རེ་ཞུ་བྱས་པ་ལྟར་པཱོར་མེན་ཧན་སློབ་ཆེན་དུ་ཐེངས་འདིའི Windows རྒྱུགས་ལེན་ར་བར་ཞུགས་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་པ་དང་། སྙི་ཕྲན་གྱིས་ཆོག་མཆན་ཐོབ་པའི་འཛམ་གླིང་སྟེང་གི་ལོ་ན་ཆེས་ཆུང་བའི་རྩིས་འཕྲུལ་གྱི་ཆེད་མཁས་པའི་སྔར་མེད་ཟིན་ཐོ་བསྐྲུན་པ་རེད།  

   བུ་ཆུང་ཁོ་རེས་ཞི་ནི་ལོ་ན་གསུམ་ཡིན་པའི་དུས་ནས་བཟུང་རྩིས་འཕྲུལ་ལ་འབྲེལ་འདྲིས་བྱ་རྒྱུར་དགའ་བོ་ཡོད་པ་རེད། ཁོ་བོའི་པཱ་ལགས་ནི IT འཕྲིན་རྩལ་གྱི་བློ་འདྲི་ས་ཡིན་པ་དང་། ཁོང་གིས་རང་ཉིད་ཀྱི་བུ་ཆུང་དེར་ཀློག་ཀླད་ཚན་རྩལ་ཕྱོགས་ལ་ལྷན་སྐྱེས་ཀྱི་རིག་སྟོབས་ཡོད་པ་མཐོང་ནས། ཁྱིམ་དུ་རྩིས་འཕྲུལ་གྱི་ཚོད་ལྟ་ཁང་ཞིག་བསྐྲུན་པ་དང་། བུ་ཆུང་ཁོ་རེས་ཞི་ལ་རྙོག་འཛིང་ཆེ་བའི་སྙི་ཕྲན་ཚད་འཇལ་རྒྱུགས་གཞིའི་སྐོར་གྱི་མཛུབ་སྟོན་གང་མང་གནང་། ཟླ་སྔ་ལྷག་གི་རིང་སྦྱོང་བརྡར་ལེགས་པོ་བྱས་པ་བརྒྱུད་ནས་ཁོ་རང་མི་དར་མ་འགའ་དང་ལྷན་དུ IT འཕྲིན་རྩལ་ལ་ཁ་གཏད་པའི་ཆེད་ལས་མི་སྣའི་རྒྱུགས་རར་ཞུགས་པ་རེད།  

   བུ་ཆུང་ཁོ་རེས་ཞི་དང་ཁོའི་ཕ་ལགས་མཉམ་དུ་རྒྱུགས་རར་སླེབས་དུས། སློབ་ཆེན་པའི་རྒྱུགས་རྟོག་པ་མང་པོ་ཧ་ལས་པར་གྱུར་པ་དང་སྙི་ཕྲན་གྱི་རྩིས་འཕྲུལ་རྒྱུགས་གཞི་དེ་ནི་ཆ་འཕྲིན་ལག་རྩལ་གྱི་ལས་རིགས་ལ་འཇུག་པའི་མི་དར་མ་དག་ལ་ཁ་གཏད་པའི་ཚད་འཇལ་རྒྱུགས་གཞི་ཞིག་ཡིན་པས། ཁོ་རང་རྒྱུགས་རར་ཞུགས་མི་ཆོག་པར་ངོས་བཟུང་། ཡིན་ཡང་ཁོ་བོའི་པཱ་ལགས་ཀྱིས་འབྲེལ་ཡོད་སྡེ་ཁག་དག་ལ་གནས་ཚུལ་བཤད་པ་དང་གྲོས་བསྡུར་བྱས་པ་བརྒྱུད་ནས་ད་གཟོད་རྒྱུགས་རར་ཞུགས་ཐུབ་པ་བྱུང་། དེར་མ་ཟད་ཟླ ༩ བའི་ནང་རྒྱུགས་འཕྲོད་པའི་བརྡ་ཡང་འབྱོར་བ་རེད།  

ཁོ་རེས་ཞིས་པཱོར་མེན་ཧན་སློབ་ཆེན་དུ་དུས་ཚོད ༢ ཡིSupporting Windows 8.1ཡིག་ཚད་བདེ་བླག་ངང་བླངས། 

   ཁོའི་པཱ་ལགས་ཀྱིས་བཤད་རྒྱུར། རང་ཉིད་ཀྱི་བུས་འདི་འདྲའི་རྒྱུགས་འབྲས་བཟང་པོ་བླངས་པར་སེམས་གཏིང་ནས་དགའ་བོ་ཡོད་པ་དང་། རྗེས་ཕྱོགས་དེ་ལས་ཚད་རིམ་མཐོ་བའི་རྩིས་འཕྲུལ་གྱི་རྒྱུགས་གཞིར་འཇུག་པའི་འཆར་གཞི་ཡོད་ལ། མིག་སྔར་གྱི་འགན་འཁུར་གཙོ་བོ་ནི་མུ་མཐུད་དུ་སློབ་སྦྱོང་ལེགས་པོ་བྱ་དགོས་པ་དེ་རེད་ཅེས་ཟེར། བུ་ཆུང་ཁོ་རེས་ཞི་ལ་མཚོན་ན། ད་དུང་ལོ་ན་ཧ་ཅང་ཕྲ་བའི་རྐྱེན་གྱིས་རང་ཉིད་ཀྱི་མ་འོངས་པའི་ལས་རིགས་ལམ་བུ་གང་ཡིན་ཐག་གཅོད་བྱ་མི་ཐུབ་མོད། ཁོ་བའི་རེ་བ་ནི་རང་ཉིད་ཆེས་སྤྲོ་བའི་རྩིས་རིག་པ་དང་རྩིས་འཕྲུལ་དང་འབྲེལ་ཡོད་ཀྱི་ལས་རིགས་སུ་འཇུག་འདོད་ཚུལ་བསྟན།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག