ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཨ་ཧྥུ་ཀ་ནི་སི་ཐན་ནས་ཕྱིར་ལོག་པའི་དམག་མི་རྣམས།
ཀྲུང་གོའི་གསར་འགྱུར་དྲ་བས་ཟླ ༡༠ པའི་ཚེས ༣༠ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕྱིའི་རྒྱལ་ཁབ་ཀྱི་སྨྱན་བྱད་ནས་སྤེལ་བའི་བརྡ་འཕྲིན་ལྟར་ན། ཨ་རིའི་ཧྥུ་ཁོ་སི་གསར་འགྱུར་ཁང་ནས་ས་གནས་དེ་གའི་ཚེས ༢༩ ཉིན་གསལ་བསྒྲགས་བྱས་པར། མི་འགྱངས་བར་གསར་འགྱུར་ངརྙན་འཕྲིན་ཁང་འདི་ནས་དེ་སྔོན་བརྙན་བླངས་པའི་དངོས་བྲིས་གློག་བརྙན་ཞིག་གཏོང་རྒྱུ་ཡིན་པ་དང་། དངོས་བྲིས་གློག་བརྙན་ཁྲོད་དུ། རྟེན་གཞིའི་རྩ་འཛུགས་ཀྱི་འགོ་བ་དང་བོ་པིན་ལ་ཏིན་བཀྲོངས་མཁན་གྱི་ཨ་རིའི་མཚོ་གཟིག་འཕྲལ་རྒོལ་རུ་ཁག་གི་དམག་མིའི་ཐོབ་ཐང་གསལ་བཤད་བྱེད་རྒྱུ་ཡིན་ལ། དངོས་བྲིས་གློག་བརྙན་འདི་ནི་ཕལ་ཆེར་ཟླ་རྗེས་མར་གཏོང་རྒྱུ་རེད།
བརྡ་འཕྲིན་ལ་གཞིགས་ན། གསར་འགྱུར་བརྙན་འཕྲིན་ཁང་གིས་ཐེངས་འདིའི་ལེ་ཚན་གྱི་མིང་ལ《ལ་ཏིན་གསོད་མཁན་གྱི་བུ་རྒོད》ཅེས་བཏགས་་ཡོད་པ་དང་། དུས་མཚམས་གཉིས་ལ་བགོས་ཏེ་གཏང་རྒྱུ་རེད། གཏོང་བའི་དུས་ཚོད་ནི་ཟླ ༡༡ པའི་ཚེས ༡༡ ནས་ཚེས ༡༢ བར་གཏན་ཁེལ་བྱས་འདུག འཁྲབ་ཚན་གྱི་ལས་བྱེད་པའི་ཚོ་ཆུང་གིས་བཤད་རྒྱུར། ཐེངས་འདིའི་དངོས་བྲིས་གློག་བརྙན་ཁྲོད་དུ་མཚོ་གཟིག་འཕྲལ་རྒོལ་རུ་ཁག་གི་དམག་མི་ཁོང་གིས་རང་ཉིད་ནི་ཇི་ལྟར་ཕུལ་དུ་བྱུང་བའི་དམག་མི་ཞིག་ཏུ་གྱུར་བའི་ཚུལ་དང་། རང་ཉིད་ནི་ཇི་ལྟར"མཚོ་ལྷའི་མདུང་རྣོན"གྱི་འགུལ་སྐྱོད་ཁྲོད་དུ་ཞུགས་པ། རང་ཉིད་ཀྱིས་ཇི་ལྟར་ལས་འགན་ཁྲོད་དུ་རྒྱལ་ཁའི་ངང་རྟེན་གཞིའི་རྩ་འཛུགས་ཀྱི་འགོ་བ་པིན་ལ་ཏིན་བཀྲོངས་བའི་སྐོར་གསལ་བཤད་བྱེད་རྒྱུ་རེད།
འཁྲབ་ཚན་གྱི་ལས་བྱེད་པའི་ཚོ་ཆུང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་ནས་བཤད་རྒྱུར། དངོས་བྲིས་གློག་བརྙན་འདིའི་འབྲེལ་ཡོད་ནང་དོན་ད་སྔ་བར་ཕྱི་ལ་སྒྲོག་མྱོང་མེད་པ་དང་། ཐེངས་འདིའི་དངོས་བྲིས་གློག་བརྙན་ཕྱིར་གཏོང་གི་ལེ་ཚན་ཁྲོད་དུ་དམག་མི་དེས་ལ་ཏིན་བཀྲོངས་བའི་བརྒྱུད་རིམ་གསལ་བོ་ཡོད་པ་མ་ཟད། ཁོང་གིས་ལ་ཏིན་གྱི་ཚེ་སྲོག་གི་ཆེས་མཐའ་མཇུག་གི་གནས་ཚུལ་དང་། ཁོང་གིས་ལ་ཏིན་ཇི་ལྟར་བཀྲོངས་བའི་བརྒྱུད་རིམ་གསལ་བཤད་བྱེད་རྒྱུ་རེད།
༢༠༡༡ ལོའི་ཟླ ༥ བའི་ཚེས ༢ཉིན། ཨ་རིའི་མཚོ་གཟིག་འཕྲལ་རྒོལ་རུ་ཁག་ནི་ཕ་ཁི་སི་ཐན་གྱི་རྒྱལ་ཁོངས་སུ་འཇབ་འཛུལ་བྱས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་རྟེན་གཞིའི་རྩ་འཇུགས་ཀྱི་འགོ་བ་པིན་ལ་ཏིན་བཀྲོངས། ཐེངས་འདིའི་འགུལ་སྐྱོད་ལ་རྒྱལ་ཁ་ཐོབ་རྗེས་ཨ་རིའི་གཙོ་འཛིན་ཨོ་བྷ་མས་གནས་ཚུལ་འདི་དོན་དངོས་ཡིན་པ་ར་སྤྲོད་བྱས།(རྩོམ་འགན་པ། རྟ་མགྲིན)