ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧྲན་ཤིས་ལིང་ཁྲོན་གྱི་ལོ་སྟོང་གི་གནའ་བོའི་པེ་ཅི་ཞང་དགོན་པ་ཉམས་གསོ་ལེགས་གྲུབ་བྱུང་།

2014-12-08 བདེ་སྐྱིད།

  ཤིན་ཧྭ་གསར་འགྱུར་ཁང་ཐའེ་ཡོན་ནས་ཟླ ༡༢ ཚེས ༢ ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཟླ་བརྒྱད་རིང་ཉམས་གསོ་བྱས་པ་བརྒྱུད་ཧྲན་ཤིས་ཞིང་ཆེན་ལིང་ཁྲོན་རྫོང་ལི་དབྱི་གྲོང་རྡལ་ཤིས་ཅེ་གྲོང་ཚོར་གནས་པའི་པེ་ཅི་ཞང་དགོན་པ་ཉམས་གསོ་བདེ་བླག་བྱུང་ཡོད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ༡༩༩༦ ལོར་པེ་ཅི་ཞང་དགོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་བཞི་པའི་ནང་བཅུག་པའི་ཁྱབ་བསྒྲགས་བྱས་ཡོད། ལོ་མང་རིང་ཉམས་གསོ་བྱ་རྒྱུར་ལུས་པའི་རྐྱེན་གྱིས་པེ་ཅི་ཞང་དགོན་པར་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད། ༢༠༡༤ ལོའི་ཟླ ༢ པ་ནས་བཟུང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི ༢༨༧ བཏང་ནས་པེ་ཅི་ཞང་དགོན་པ་ཉམས་གསོ་བྱེད་འགོ་བཙུགས་པ་དང་མིག་སྔར་ལས་གྲྭ་དེ་ལས་མཇུག་འགྲིལ་ཡོད།
  ད་ཆ་ལོ་ངོ་སྟོང་གི་གནའ་བོའི་པེ་ཅི་ཞང་དགོན་པ་ཉམས་གསོ་ཡག་པོ་བྱུང་ནས་སུང་རྒྱལ་རབས་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་ཡོད་པ་དེ་རྒྱང་རིང་ནས་བལྟས་ཚེ་ལྕགས་རིས་ཡོངས་སུ་བསྐོར་བའི“གནའ་བོའི་འཛུགས་སྐྲུན་གྱི་མུ་ཏིག”ལྟར་སྣང་།(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག