ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

IS ཡིས་བརྙན་ཐུང་གསར་དུ་བསྐུར་ནས་ཨོ་བྷ་མའི་མགོ་གཅད་རྒྱུའི་འཇིགས་བསྐུལ།

2015-01-29 དཔལ་རྒྱམ།
  ཀྲུང་གོའི་ཉིན་རེའི་ཚགས་པར་ལ་ཟླ ༡ ཚེས ༢༨ ཉིན་འབྱོར་བའི་འཕྲིན། དབྱིན་ཇིའི 《ཉིན་རེའི་སྦྲག་ཚགས》ལྟར་ན། ཐལ་མཐའ་བའི་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ(IS)ཅེས་པས་ཟླ ༡ ཚེས ༢༧ ཉིན་བརྙན་ཐུང་བསྐུར་ཏེ། སྲིད་འཛིན་ཨོ་བྷ་མའི་མགོ་གཅད་རྒྱུ་ཡིན་ཞེས་འཇིགས་བསྐུལ་ཅིང་ཐ་ཚིག་བསྒྲགས་པར་མ་ཟད། ཉི་ཧུང་གི་མི་གཏའ་ཧོའུ་ཐིན་ཅན་ཨར་དང་ཅོར་ཏན་གྱི་གནམ་གྲུའི་གྲུ་མཁན་གཉིས་ལ་སྔར་བཞིན་ཅི་བྱས་ཆ་མེད་ཡིན།
   བརྙན་ཐུང་ཁྲོད། གདོང་ཁེབས་བརྒྱབ་པའི་དྲག་ཆས་པ་ཞིག་གིས་སྐད་ཆེན་པོས། ཨོ་བྷ་མ། ཁྱོད་ཀྱིས་ཤེས་དགོས་པ་ནི། ང་ཚོ་ཨ་རིར་འོང་རྒྱུ་ཡིན་པར་མ་ཟད། ཕོ་བྲང་དཀར་བོ་ནས་ཁྱོད་ཀྱི་མགོ་བོ་སྙེ་མ་འབྲེག་འབྲེག་བྱས་ཏེ། ཨ་རི་མུ་ཟི་ལམ་གྱི་མངའ་སྡེ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་ཟེར།
   ཟླ ༡ ཚེས ༢༧ ཉིན། དབྱི་སི་ལན་རྒྱལ་ཁབ་ཀྱིས་སླར་ཡང་ཉི་ཧོང་གི་མི་གཏའ་ཧོའུ་ཐིན་ཅན་ཨར་དང་འབྲེལ་བའི་བརྙན་ཐུང་ཞིག་བཀྲམས་ཤིང་། རྩ་འཛུགས་དེས་བརྙན་ཐུང་ནང་གལ་སྲིད་ཅོར་ཏན་སྲིད་གཞུང་གིས་སྲོག་ཆད་བཅད་པའི་བུད་མེད་བཙོན་མ་སཱ་ཅི་ཏ་ཨར་ལི་ཧྲ་བེས་བཙོན་གྲོལ་མ་བཏང་ན། རྩ་འཛུགས་གང་གིས་ཆུ་ཚོད ༢༤ ནང་ཉི་ཧུང་གི་མི་གཏའ་དང་ཅོར་ཏན་གྱི་གནམ་གྲུའི་ལས་བྱེད་མི་སྣ་གཉིས་ཀ་གསད་རྒྱུ་ཡིན་ཞེས་འཇིགས་བསྐུལ་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག