BBC ཡི་གསར་འགྱུར་མི་དམངས་དྲ་བས་བརྒྱུད་བཀོད་བྱས་པ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་བཅུ་ནི་དབྱིན་ཇི་རྒྱལ་ཚོགས་ཀྱིས་བཀའ་འཁྲོལ་བྱུང་པའི་གཉེན་ཁྲིམས་གསར་བ་བརྩི་སྲུང་བྱེད་པའི་ཉིན་ཐོག་མ་ཡིན་ལ། ཉིན་དེར་དབྱིན་ཇིའི་པོར་ཁྲོམ(Brightom)གྲོང་ཁྱེར་དུ་མཚན་མཐུན་དགའ་རོགས་ཟུང་བཅུ་ཡིས་ཁྲིམས་མཐུན་བཟའ་ཟླར་འགྱུར་བའི་འགྲོ་ལུགས་བསྒྲུབས་འདུག
སྤྱིར་བཏང་གི་འགྲོ་ལུགས་འདི་བསྒྲུབས་པར། པོར་ཁྲོམ་ཧོར་ཧུ་ཐོ་འགོད་ས་གནས་ཀྱིས“བག་གསར་དང་མག་གསར”ལ་རྟེན་འབྲེལ་གྱི་མཛད་སྒོ་ཆུང་ཆུང་ཞིག་སྤེལ་ཏེ། གྲོང་ཁྱེར་འདིའི་མཚན་མཐུན་དགའ་རོགས་སུམ་བརྒྱ་ལྷག་མཆིས་པ་ཁྲིམས་མཐུན་གཉེན་སྒྲིག་བྱ་ཐུབ་པར་ཁ་གཡང་སྒྲོག
མཚན་མཐུན་དགའ་རོགས་ཟུང་བཅུ་ཡིས་པོར་ཁྲོམ་གྲོང་སྲིད་ཁྱམས་ར་ནས་འགྲོ་ལུགས་བསྒྲུབས་ཏེ། དྲན་རྟེན་གྱི་དཔང་ཡིག་བླངས་ཟིན་ལ། གཉེན་ཐོ་འགོད་མཁན་ཧོར་མིན་གྱིས། པོར་ཁྲོམ་ཧུ་ཝུ་གྲོང་ཁྱེར་སྲིད་གཞུང་གི་མཚན་མཐུན་དགའ་རོགས་མང་པོས་དུས་ཐོག་ཏུ་གཉེན་སྒྲིག་འགྲོ་ལུགས་བསྒྲུབ་པར་རེ་བ་བཅངས་འདུག
འགྲོ་ལུགས་བསྒྲུབས་པའི་མཚན་མཐུན་དགའ་རོགས་བཅུ་ཡི་ཁྲོད་ཀྱི། ལོ་བདུན་ཅུ་སོན་པའི་ལན་སི་ཁོ་ཁྲིན་དང་གྱ་གཉིས་ལོན་པའི་རོན་ལེ་ལན་མི་སི་བཟའ་ཟླ་གཉིས་ཀྱིས་དགའ་བ་མནོན་མ་ཐུབ་པར་བརྗོད་རྒྱུར། ཁོ་གཉིས ༡༩༦༢ ལོར་ངོ་ཐུག་རྗེས་ཀྱི་ལོ་ང་གཉིས་བར་གཞན་དང་འདྲ་བར་གཉེན་སྒྲིག་བྱ་ཐུབ་པ་ཡིད་ལའང་འཆར་མ་མྱོང་། ངོ་མ་སེམས་ཀྱི་དགའ་བ་བརྗོད་ཐབས་མེད་པ་ཞིག་རེད། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་དབྱིན་ཇི་རུ་མཚན་མཐུན་གཉེན་ཁྲིམས་བསྒྲགས་འདུག་ལ། ཁྲིམས་ལུགས་གསར་འཛུགས་མ་བྱས་པའི་སྔོན་དུ་མཚན་མཐུན་དགའ་རོགས་ཁྲིམས་མཐུན་གྱིས་གཉེན་བསྒྲིགས་པ་ནི་མེད།
གྲོང་ཁྱེར་སྲིད་གཞུང་གི་མགྲིན་ཚབ་པས། མཛད་སྒོ་འདི་ལྟ་བུས། དགའ་རོགས་འདི་དག་ལ་དགའ་བདེ་ཚོར་བ་ཕྲན་ཙམ་མྱོང་བས་གོ་སྐབས་ཙམ་སྟེར་ནུས་པས་སྤེལ་བ་ཡིན་ནོ་ཞེས་བརྗོད་འདུག
(རྩོམ་འགན་པ། ལྷ་དབང)