ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༤ ལོའི་ནོར་པེལ་ཞི་བདེའི་བྱ་དགའ་གནང་། མཱ་ལ་ལ་སྲིད་འཛིན་བྱེད་འདོད་ཆེ་ཟེར།

2014-12-12
  ནོ་པེལ་གཟེངས་རྟགས་ཀྱི་གཞུང་ཕྱོགས་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། སྤྱི་ཟླ ༡༢ པའི་ཚེས ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར། ༢༠༡༤ ལོའི་ནོ་པེལ་ཞི་བདེའི་གཟེངས་རྟགས་གནང་བའི་མཛད་སྒོ་ནོར་ཝེའི་རྒྱལ་ས་ཨོ་སི་ལུའུ་རུ་འཚོགས་ཤིང་། མཛད་སྒོའི་ཐོག་ནོ་པེལ་ཨུ་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཐོར་པེ་ཅོན་ཡཱ་གེ་ལན་གྱིས་གཟེངས་རྟགས་ཐོབ་མཁན་གཉིས་ཁྱབ་བསྒྲགས་གནང་བ་དང་། ནོ་པེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་བྱིས་པའི་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་མཁན་རྒྱ་གར་བ་སཱ་ཏི་ཡར་ཤི་དང་། བུད་མེད་ཀྱི་སློབ་གསོའི་ཁེ་དབང་ངམ་ཐོབ་ཐང་རྩོད་ལེན་བྱས་པར་བརྟེན་ཐཱ་ལི་པན་རྩ་འཛུགས་ཀྱི་མེ་མདའ་ཕོག་པའི་ཕ་ཁི་སི་ཐན་གྱི་བུ་མོ་ལོ་བཅུ་བདུན་ཅན་མཱ་ལ་ལ་ཡོའུ་སཱ་ཧྥུ་ཀྲ་དབྱེ་གཉིས་ལ་གཟེངས་རྟགས་ཀྱི་རྟགས་མ་གནང་འདུག ད་ཆ་ལོ ༡༧ ཡིན་པའི་མཱ་ལ་ལ་ཡིས་ཚེས ༡༠ ཉིན་དབྱིན་ཇིའི་རྒྱང་སྒྲོག་ཀུང་སིའི་བཅར་འདྲི་དང་ལེན་བྱེད་དུས་སྲིད་དོན་ལ་ཞུགས་འདོད་ཡོད་ཚུལ་དང་། ཕ་ལི་སི་ཐན་གྱི་སྲིད་འཛིན་དུ་འགྲན་ཞུགས་ཀྱང་གནང་ངེས་པའི་སྐོར་བརྗོད་བྱུང་།
  ༢༠༠༩ ལོ་ནས་བཟུང་། ལོ་ན ༡༣ ལའང་སོན་མེད་པའི་མཱ་ལ་ལ་ཡིས་དབྱིན་ཇིའི་རྒྱང་སྒྲོག་ལས་ཁུངས་ཀྱི་དྲ་ཟིན་ཐོག་ཐཱ་ལི་པན་རྩ་འཛུགས་ཀྱིས་བུ་མོ་རྣམས་སློབ་གྲྭར་འགྲོ་བར་བཀག་འགོག་བྱེད་པའི་སྐོར་གྱི་སྲིད་ཇུས་དང་འཇིགས་སྐུལ་བྱ་འགུལ་དག་རང་གི་མྱོང་བ་དངོས་དང་འབྲེལ་ནས་མཚང་བྲུས་ཤིང་། ཁོ་མོས་སྨྱུ་གུ་དང་དཔེ་དེབ་གཉིས་ལ་བརྟེན་ནས་འཛམ་གླིང་སྒྱུར་བཅོས་བྱེད་ཐུབ་པའི་ལྟ་བ་བཏོན།
  ༢༠༡༢ལོའི་ཟླ ༡༠ པའི་ཚེས ༩ ཉིན། ཐཱ་ལི་པན་རྩ་འཛུགས་ཀྱིས་མཱ་ལ་ལར་མེ་མདའ་ཡིས་བརྒྱབ་ནས་མགོ་ལ་ཕོག་ནས་རྨས་ཕོག དེ་རྗེས་ཁོ་མོ་དབྱིན་ཇིར་བྲོས་བྱོལ་ནས་སྨན་བཅོས་བྱས། ཐཱ་ལི་པན་རྩ་འཛུགས་ཀྱིས་ད་དུང་མུ་མཐུད་དུ་ཁོ་མོ་གསོད་ཐབས་འཐེན་བཞིན་ཡོད།
  ༢༠༡༣ ལོའི་ཟླ ༤ བར། མཱ་ལ་ལ་ཨ་རིའི《དུས་རབས》ཞེས་པའི་དུས་དེབ་སྐད་གྲགས་ཅན་གང་དེའི་རྒྱབ་ཤར་བཀོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་བརྒྱའི་གྲས་སུ་བདམས། ལོ་དེའི་ཟླ་བདུན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོ་མོའི་སྐྱེས་སྐར་དེ་མཱ་ལ་ལའི་ཉིན་མོ་ཞེས་པར་གཏན་འཁེལ་བྱས། ཟླ་བཅུ་གཅིག་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོ་རུ་ཁོ་མོར་མཇལ་འཕྲད་གནང་།
  སཱ་ཏི་ཡར་ཤི་ནི་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་རྩོད་ལེན་མཁན་སྐད་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ཞི་བདེའི་དེད་དཔོན་ཀན་ཏི་ཡི་འཚེ་མེད་ཞི་བའི་དགོངས་པ་རྒྱུད་འཛིན་གནང་ནས། བཤུ་གཞོག་འོག་ཚུད་པའི་བྱིས་པ་རྣམས་ཀྱི་ཁེ་དབང་ཆེད་ཞི་བདེའི་ཁྲོམ་སྐོར་ཐེངས་མང་རིང་རྩ་འཛུགས་གནང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱིས་པའི་ཁེ་དབང་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་གནང་།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག