ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ ༡༢ པའི་ཚེས ༡༠ ཉིན་གྱི་འཕྲིན་དུ། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ནས་ཐ་མག་ཚོད་འཛིན་བཅའ་ཁྲིམས་ཅན་འཛུགས་བསྐྲུན་གྱི་གནས་ཚུལ་ངོ་སྤྲོད་གནང་པར། འཕྲོད་བསྟེན་འཆར་ལྷན་དྲིལ་སྒྲོག་སིའི་སི་ཀྲང་ཟུར་པ་ཡའོ་ཧུང་བེན་གྱིས། རྒྱལ་ཡོངས་སུ་ཐ་མག་འཐེན་མཁན་མི་གྲངས་དུང་ཕྱུར ༣ ལ་བརྒལ་ཡོད་པ་དང་། དེའི་ཁྲོད་ལོ ༡༥ ཡན་གྱི་ཐ་མག་འཐེན་མཁན་གྱིས་བརྒྱ་ཆའི ༢༨.༡ ཟིན་ཡོད། མི་གྲངས་དུང་ཕྱུར ༧.༤ ལ་ཐ་མག་བརྒྱུད་རྔུབ་ཀྱི་གནོད་པ་ཐེབས་འདུག་པས། ཐ་མག་འཛད་སྤྱོད་བྱས་པ་དེས་ནད་ཡམས་རིགས་འབྱུང་སླ་བའི་གནད་དོན་ཆེན་པོ་བཟོས་ཡོད་ཟེར།
ཁོས། ཀྲུང་གོ་ནི་འཛམ་གླིང་སྟེང་ཐ་མག་ཐོན་སྐྱེད་མཁན་དང་འཛད་སྤྱོད་མཁན་ཡིན་ལ། ཐ་མག་གི་གནོད་སྐྱོན་ཐེབས་ཆེ་བའི་རྒྱལ་ཁབ་གྲས་ཀྱི་གཅིག་ཀྱང་རེད། རྒྱལ་ཡོངས་སུ་ཐ་མག་འཐེན་མཁན་མི་གྲངས་དུང་ཕྱུར ༣ ལ་བརྒལ་ཡོད་པ་དང་། དེའི་ཁྲོད་ལོ ༡༥ ཡན་གྱི་ཐ་མག་འཐེན་མཁན་གྱིས་བརྒྱ་ཆའི ༢༨.༡ ཟིན་ཡོད། མི་གྲངས་དུང་ཕྱུར ༧.༤ ལ་ཐ་མག་བརྒྱུད་རྔུབ་ཀྱི་གནོད་པ་ཐེབས་འདུག ཐ་མག་འཛད་སྤྱོད་བྱས་པ་དེས་ནད་ཡམས་རིགས་འབྱུང་སླ་བའི་གནད་དོན་ཆེན་པོ་བཟོས་ཡོད་པ་དང་། ལོ་རེར་ཐ་མག་འཐེན་པར་འབྲེལ་བའི་ནད་རིགས་ཀྱིས་འདས་རྐྱེན་དུ་སོང་པའི་མི་གྲངས་ཁྲི ༡༣༦.༦ ཟིན་འདུག དེ་ལས་མི་གྲངས་ཁྲི ༡༠ ནི་ཐ་མག་བརྒྱུད་རྔུབ་ལས་བྱུང་པའི་འབྲེལ་ཡོད་ཀྱི་ནད་རིགས་དང་རགས་ལས་ཡོད་པ་རེད་ཟེར།
དེ་དང་ཆབས་ཅིག ཁོས། ༢༠༠༦ ལོར《ཐ་མག་ཚོད་འཛིན་སྒྲིག་གཞིའི་སྤྱི་ཆིངས》ལག་བསྟར་བྱས་པ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁ་ཆད་ལས་དོན་པུའུ་བར་གྱི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་བཀོད་འདོམས་བྱས་འོག འབྲེལ་ཡོད་པུའུ་སོ་སོས་བྱེད་ཐབས་ཅི་རིགས་བཏོན་པ་བརྒྱུད། ཐ་མག་ཚོད་འཛིན་ལས་དོན་ལ་སྐུལ་འདེད་དང་འཕེལ་རྒྱས་ཆེན་པོ་ཐོན་ཡོད་ཅིང་། ༢༠༡༤ ལོར། འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ལྷན་གྱིས་གཤམ་གྱི་ལས་དོན་ཁག་སྒྲུབ་པ་སྟེ།
གཅིག ནུས་ཤུགས་ཡོད་རྒུས་ཐ་མག་ཚོད་འཛིན་ལས་དོན་ཁྲིམས་ལུགས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བྱེད་པ། འབྲེལ་ཡོད་སྡེ་ཚན་དང་ཟུང་འབྲེལ་བྱས་ནས《བརྡ་ཁྱབ་བཅའ་ཁྲིམས》ཁྲོད་ཐ་མག་དང་འབྲེལ་ཡོད་དོན་ཚན་ལ་བཟོ་བཅོས་གནང་པ། ཁྱོན་ཡོངས་ནས་ཐ་མག་སྐོར་གྱི་བརྡ་ཁྱབ་སྐུལ་འཚོང་དང་རོགས་སྐྱོར་མེད་པར་གཏོང་ཐད་དགོངས་འཆར་ཐེངས་མང་བཏོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅའ་ཁྲིམས་གཞུང་སྒྲུབ་ཁང་དང་ཟུང་འབྲེལ་བྱས་ངོར《སྤྱི་བའི་ཁོར་ཡུག་ཏུ་ཐ་མག་ཚོད་འཛིན་སྒྲིག་སྲོལ》གྱི་ཁྲིམས་བཟོའི་བརྟག་དཔྱད་དང་བཅའ་ཁྲིམས་དོན་ཚན་གྱི་མ་ཡིག་འགོད་པར་རིགས་སྒྲུབ་བྱས་པ། ད་ལོའི་ཟླ ༡༠ བར་དངོས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡར་སྤྲོད་བྱས་པར་། སྤྱི་ཚོགས་ལས་རིགས་སོ་སོ་དང་སྨྱན་སྦྱོར་ཚན་གདེངས་འཇོག་ཚད་མཐོན་པོ་གནང་པ། སྤྱི་ཚོགས་ལས་རིགས་སོ་སོས་དགོངས་འཆར་སྩོལ་རྒྱུ་དང་ལས་དེར་ཞུགས་ནས་སྤྱི་བའི་ཁོར་ཡུག་ཏུ་ཐ་མག་ཚོད་འཛིན་གྱི་བཅའ་ཁྲིམས་བཟོ་བར་རྒྱབ་སྐྱོར་ཐོབ་པ། ཕྱོགས་གཞན་ནས། ཧུར་ཐག་སྒོས་ས་གནས་སུ་ཐ་མག་ཚོད་འཛིན་བཅའ་ཁྲིམས་བཟོ་བ་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གནང་པ་སྟེ། ༢༠༠༨ ལོ་ནས་བཟུང་། ཧ་ཨར་པེན་དང་། ཐེན་ཅིན། ཅིང་ཏའོ། ཁྲང་ཁྲོན། ཧྲུན་ཀྲིན་སོགས་གྲོང་ཁྱེར ༡༥ ཡིས་བསྟུད་མར་བཅའ་ཁྲིམས་བཀྲམས་པའམ་ས་གནས་རང་བཞིན་ཐ་མག་ཚོད་འཛིན་བཅའ་ཁྲིམས་ལ་བཟོ་བཅོས་གནང་པ། ད་ལོར། ང་ཚོས་ཆེད་དུ་པེ་ཅིང་གྲོང་ཁྱེར་དང་། ཧྲུན་ཀྲིན་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ཁུར་པ་གདན་འདྲེན་བྱས་ནས། ཁོ་ཚོར་ས་གནས་རང་བཞིན་གྱི་ཐ་མག་ཚོད་འཛིན་བཅའ་ཁྲིམས་བཟོ་བ་དང་ལག་བསྟར་བྱས་སྐོར་ངོ་སྤྲོད་དང་ཉམས་མྱོང་བརྗེ་རེས་བྱེད་དུ་བཅུག་པ།
གཉིས། མུ་མཐུད་དུ་ཐ་མག་ཚོད་འཛིན་དྲིལ་སྒྲོག་དང་བདེ་ཐང་སློབ་གསོ་གཏིང་ལོན་པ་སྤེལ་བ། ནུས་ཤུགས་ཡོད་རྒུས《ཀྲུང་གོའི་ཐ་མ་འཐེན་ན་བདེ་ཐང་ལ་གནོད་པའི་སྙན་ཞུ》དང་ཐ་མག་ཚོད་འཛིན་གྱི་བདེ་ཐང་སློབ་གསོའི་ལྟེ་བའི་ཆ་འཕྲིན་སྤེལ་བ་དང་། མི་དམངས་ཀྱིས་ཐ་མག་གི་ཉེས་དམིགས་ལ་རྒྱུས་ལོན་ཡང་དག་ལོན་པར་བྱ་དགོས། ལོ་རེར“འཛམ་གླིང་ཐ་མག་མེད་པའི་ཉིན་མོའི”བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་དང་ཀྲུང་གོའི་ཐ་མག་ཚོད་འཛིན་གྱི་མང་ཚོགས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ། སྨྱན་སྦྱོར་ལ་མཉམ་ལས་གང་ལེགས་བྱས་པ་བརྒྱུད། རྣམ་པ་སྣ་མང་གི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དང་ཐ་མག་ཚོད་འཛིན་གྱི་སྤྱི་ཕན་བརྡ་ཁྱབ་བཟོས་ནས། སྤྱི་ཚོགས་ཡོངས་སུ་ཐ་མག་མི་འཐེན་པ་དང་། ཐ་མག་མི་སྩོལ་པ། ཐ་མག་མི་སྦྱིན་པ་པའི་གོམས་སྲོལ་ཡག་པོ་ཆགས་རྒྱུ་དང་ཐ་མག་ཚོད་འཛིན་བྱེད་པར་རྒྱབ་སྐྱོར་ཡོང་པའི་སྤྱི་ཚོགས་ཁ་དབུགས་བསྐྲུན་དགོས། ཟླ་འདིའི་ཟླ་མཇུག་ཏུ་ང་ཚོས་གཞུང་སྒྲུབ་ཁང་གཉིས་ཀྱིས《བརྡ་སྦྱོར》བཀྲམས་ནས་ལོ་གཅིག་འཁོར་བ་དང་ཀྲུང་གོའི་ཐ་མག་ཚོད་འཛིན་གྱི་མང་ཚོགས་དྲིལ་སྒྲོག་བྱེད་སྒོར་སྤྱི་སྡོམ་བྱེད་པའི་ཚོགས་འདུ་ཚོགས་རྒྱུ་ཡིན། སྐབས་དེར་འདིར་བཞུགས་ཀྱི་སྨྱར་སྦྱོར་ཚན་པ་དེར་ཞུགས་ནས་རྒྱབ་སྐྱོར་ཡོང་པའི་རེ་བ་ཞུ་ཟེར།
གསུམ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱ་རྒྱུ། འཕྲོད་བསྟེན་འཆར་སྐྱེས་སྡེ་ཚན་ཡོད་ཚད་ཐ་མག་མེད་པའི་ལས་ཁུངས་སུ་ཚུད་པར་བྱ་རྒྱུ་དང་། ཐ་མག་མེད་པའི་འཕྲོད་བསྟེན་འཆར་སྐྱེས་ལས་ཁུངས་ཀྱི་ཚད་གཞི་གཏན་འཁེལ་གནང་པ། ལས་བྱེད་མི་སྣས་ཐ་མག་བཀག་ཡོད་པའི་ཁོར་ཡུག་ཕྱི་ནང་དུ་ཐ་མག་འཐེན་མི་ཆོག་པའི་བླང་བྱ་འདོན་རྒྱུ། འཕྲོད་བསྟེན་འཆར་སྐྱེས་སྡེ་ཚན་གྱི་འགོ་ཁྲིད་མི་སྣས་སྣེ་ཁྲིད་ནས་ཐ་མག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འཁེལ་ལག་བསྟར་བྱེད་རྒྱུ། ང་ཚོས་ཧུར་ཐག་སྒོས་གཞོགས་གསུམ་པའི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་སྡེ་ཚན་དུ་གསང་པའི་སྒོ་ནས་དཔྱད་འཇོག་བྱེད་དུ་འཇུག་རྒྱུ་དང་། དུས་འཚམ་དུ་དཔྱད་འཇོག་གི་མཇུག་འབྲས་ཕྱིར་སྒྲོག་གནང་རྒྱུ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་སྒོས་དང་ལེན་བྱས་ནས། འཕྲོད་བསྟེན་འཆར་སྐྱེས་སྡེ་ཚན་གྱི་ལས་བྱེད་མི་སྣས་ཐ་མག་ཚོད་འཛིན་བྱེད་པར་མིག་དཔེ་ལེགས་པོ་ཐོན་པར་བྱ་རྒྱུའོ།
བཞི། ཧུར་ཐག་སྒོས་ཐ་མག་མེད་པའི་ཁོར་ཡུག་བསྐྲུན་རྒྱུ། ཧུར་ཐག་སྒོས་ཐ་མག་མེད་པའི་སྲིད་གཞུང་ལས་ཁུངས། སློབ་གྲྭ། ཁེ་ལས་བཅས་ཐ་མག་མེད་པའི་སྤྱི་བའི་ཁོར་ཡུག་དང་ལས་སྒྲུབ་ཁོར་ཡུག་བསྐྲུན་རྒྱུ། ཀྲུང་དབྱང་ཤེས་དཔལ་གཞུང་སྒྲུབ་ཁང་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དོ་དམ་ཅུས། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་སོགས་ལ་མཉམ་འབྲེལ་སྒོས《གྲོས་ཡིག》སྤེལ་རྒྱུ། ཀྲུང་དབྱང་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞུང་ལས་ཁང་དུ་《བརྡ་སྦྱོར》གྱི་བླང་བྱ་ལག་བསྟར་ཡོང་པའི་འབོད་སྐུལ་གཏོང་པའོ།
ལྔ། ཐ་མག་བྲིན་རྒྱུགས་ལ་ལྟ་སྐུལ་བྱེད་པ། ཀྲུང་དབྱང་གིས་ས་གནས་ལ་ཁ་གསབ་སྤྲོད་པའི་རྣམ་གྲངས་བེད་སྤྱད་ནས། མི་ཚོགས་གཙོ་བོ་དང་། དར་མ། ལོ་གཞོན་གྱིས་ཐ་མག་འཐེན་པའི་གནས་ཚུལ་བརྟག་དཔྱད་བྱེད་རྒྱུ་གཙོར་བཟུང་ནས། རང་རྒྱལ་གྱི་མི་ཚོགས་ཀྱིས་ཐ་མག་འཐེན་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། ཐ་མག་འགོག་པའི་སྲིད་བྱུས་འདོན་པར་ཚན་རིག་གི་རྒྱབ་གཞི་འཛིན་ས་འཚོལ།
དྲུག་ནི། ཐ་མག་གཅོད་པའི་ཞབས་ཞུ་རྒྱ་སྐྱེད་པ། དུས་ཐུང་ལ་ཐ་མག་གཅོད་པར་ཐེ་གཏོགས་ཀྱི་ཞབས་ཞུ་ཁྱབ་བརྡལ་གཏོང་པ། སྨན་པས་ཐ་མག་གཅོད་པའི་བྱེད་ནུས་ལ་ཟབ་སྦྱོང་གནང་པ། ཐ་མག་གཅོད་པའི་སྨན་བཅོས་ཚད་ལྡན་དུ་གཏོང་པ། ༡༢༣༢༠ གི་འཕྲོད་བསྟེན་སྐུད་ལམ་རྒྱུད་ནས་ཐ་མག་འཐེན་མཁན་ལ་ཐ་མག་གཅོད་པའི་ཞབས་ཞུ་མཁོ་འདོན་གནང་རྒྱུ།(རྩོམ་འགན་པ། ལྷ་དབང)