ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧྥེ་གླིང་ཝེར་ཏེ་གླིང་ཟུར་གྱི་ཕུ་ཀུ་གླིང་ཕྲན་དུ་ལོ ༢༠ རིང་མེ་རི་ཐོག་མ་འཕྱུར།

2014-12-03

  ཤིན་ཧྭ་གསར་འགྱུར་ཁང་ཏ་ཁར་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཕུ་ར་ཡ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཝེར་ཏེ་གླིང་ཟུར་གྱི་ཕུ་ཀུ་གླིང་ཕྲན་དུ་ཉེ་ཆར་མེ་རི་འབར་ཞིང་། མེ་རི་འབར་ས་ནས་འཕྱུར་བའི་ཞུན་རྡོ་དང་མེ་རྡུལ་གྱིས་རི་ངོས་ཁག་གཅིག་ཉིལ་ཡོད། དེ་ནི་ཕུ་ཀུ་མེ་རི་ལོ ༢༠ ཙམ་འཇམ་ཐིང་ཐིང་ངང་གནས་རྗེས་འབར་ཐེངས་ཐོག་མ་དེ་ཡིན་པ་རེད།
  ཝེར་ཏེ་གླིང་ཟུར་ནང་སྲིད་པུའི་པུའུ་ཀྲང་མ་ལི་ས•མོ་ལའེ་སི་ཡིས་ཕུ་ཀུ་གླིང་ཕྲན་ས་ཁུལ་དུ་ཡུལ་དེ་གའི་དུས་ཚོད་ཚེས ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པའི་གཡས་གཡོན་ཙམ་ལ་ས་ཡོམ་ཐེངས་མང་བརྒྱབ་ཡོད། ད་ཐེངས་མེ་རི་འཕྱུར་ཚད་དེ་མེ་རི་འཕྱུར་ཚད་མཐོ་ཤོས་ཡིན་པའི ༡༩༥ ༡ལོ་དང་ཧ་ལམ་འདྲ་པོ་ཡོད་ཅེས་བརྗོད་པ་རེད།
  ཝེར་ཏེ་གླིང་ཟུར་གྱི་ཙུང་ཐུང་རོའུ་རེ•ཁ་ལུའོ་སི•ཕུང་སའེ་ཁ་ཡིས་དེ་ཉིན་གཏམ་བཤད་སྤེལ་ནས་དམངས་ཚོགས་ལ་ཡིད་རྣལ་དུ་ཕབ་ནས་སྲིད་གཞུང་གི་མཛུབ་ཁྲིད་གཞིར་བཟུང་ཉེན་གཡོལ་གྱི་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་དམངས་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་ཐུབ་པའི་ཁས་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
  ཕུ་ཀུ་མེ་རི་འབར་ཐེངས་གོང་མ་ནི ༡༩༥༥ ལོའི་ཟླ་བཞི་པར་ཡིན་པ་དང་དུས་ཡུན་ཟླ་གཅིག་ཙམ་རིང་རྒྱུན་མཐུད་ནས་འབར་ཡོད། (རྩོམ་འགན་པ། ལྷ་དབང)
 
འབྲེལ་ཡོད་རྩོམ་ཡིག