ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བུད་མེད་ཅིག་གིས་རྒྱན་ཤོག་ཐོག་མ་ཉོས་པར་ཨ་སྒོར་ཁྲི ༩༠༠༠ ཡི་བྱ་དགའ་ཆེན་པོ་ཐོབ་ཅིང་། ལས་ཀ་གཡུགས།

2014-12-07 ཟླ་བ།
  ཧོང་ཀོང་གི《རིག་འདུས་ཚགས་པར》དུ་བཀོད་པ་ལྟར་ན། ཨ་རིའི་ཝ་ཤིང་ཊོན་མངའ་སྡེ་ཡི་བུད་མེད་ཅིག་གིས་མི་ཚེ་འདིའི་རྒྱན་ཤོག་ཐོག་མ་ཉོས་པར། རླུང་རྟ་བརྒྱུགས་ཏེ“སྤོ་ལོ་སྟོབས་ལྡན”(Powerball)གྱི་བྱ་དགའི་དངུལ་མཐོ་ཤོས་ཏེ་ཨ་སྒོར་ཁྲི ༩༠༠༠ ཐོབ་ཡོད་འདུག
  ཤེས་གསལ་ལྟར་ན། བུད་མེད་དེའི་མིང་ལ་ཁཱ་མོ་ཟེར་ཞིང་། ཨ་རིའི་དྲིན་གཟོའི་དུས་ཆེན་གྱི་སྐབས། མོ་དང་ཁྱོ་ག་གཉིས་ཀྱིས་སིའ་ཐོ་ཡི་ཚོང་ཁང་ཞིག་ནས་ཚགས་པར་དང་ལྷོ་ཀུབ་སོགས་ཉོ་བའི་ཞོར་ལ་སྤོ་ལོ་སྟོབས་ལྡན་གྱི་རྒྱན་ཤོག་གཉིས་ཉོས་པ་དང་། དེའི་རྗེས་སུ་རླུང་རྟ་བརྒྱུགས་ཏེ་བྱ་དགའ་ཆེན་པོ་ཐོབ་པ་རེད།
  ཁཱ་མོ་ལ་བྱ་དགའ་ཐོབ་རྗེས། ད་མ་ཐག་པོ་ཡུན་མཁའ་འགྲུལ་ཀུང་ཟིའི་ལས་ཀ་རྩ་དགོངས་ཞུ་རྒྱུའི་ཐག་བཅད་ཅིང་། མོ་ཊ་གསར་པ་ཞིག་ཀྱང་ཉོ་འཆར་འཐེན་སོང་། ཤེས་གསལ་ལྟར་ན། ཁྲལ་ཐེངས་གཅིག་བཅག་རྗེས་ཀྱི་ཨ་སྒོར་ཁྲི ༥༦༨༠(དམངས་སྒོར་དུང་ཕྱུར ༣.༥ ཙམ)ལེན་རྒྱུ་ཡིན་ནམ། ཡང་ན་ཐེངས ༣༠ ལ་བགོས་ཏེ་བྱ་དགའ་ཆ་ཚང་ལེན་རྒྱུ་ཡིན་མིན་མོས་ད་དུང་ཐག་བཅད་མི་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག