ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱ་མི་རྒན་རྒོན་གཉིས་ཀྱིས་བསླངས་དངུལ་སྒོར ༣༠༠ ཆ་ཚང་སློབ་ཆེན་དུ་ཡོད་པའི་བུ་མོར་བསྐུར།

2014-11-15 དཔལ་མོ།

   ཨན་ཧེའུ་ཞིང་ཆེན་གོ་ཡང་རྫོང་གི་བཟའ་ཟླ་གཉིས་ཀྱིས་ཧོང་ཧྲི་གྲོང་ཁྱེར་བར་དུ་སློང་མོ་བྱས་ཏེ་སྐར་སྒོར་སྒྱེ་མོ་གང་ཡོད་པ་དངུལ་ཁང་ནས་ཤོག་སྒོར་བརྗེས་མ་ཐག སྒོར་མོ་ཡོད་ཚད་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་བུ་མོ་ལ་བསྐུར།  

འདི་ནི་བཟའ་ཟླ་གཉིས་ཀྱིས་རང་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་ཁྱེར་ཏེ་གཞུང་ལམ་བརྒལ་བཞིན་པའི་ཚུལ་རེད །  

   ལོ་ན ༤༩ ཅན་གྱི་ཕ་རྒན་ཀོ་ཀང་ལིན་གྱི་མིག་གཉིས་ཀ་ལོང་བ་ཡིན་ཞིང་། ལོ་ན ༥༤ ཅན་གྱི་ཆུང་མའི་རྐང་ལག་མི་བདེ། ཀོ་ཀང་ལིན་གྱིས་བཤད་དོན། ཟླ ༧ པའི་ནང་ཕ་ཡུལ་གོ་ཡང་རྫོང་དུ་ཐན་པ་བྱུང་ཞིང་། ཁོ་ཚང་གི་འཚོ་རྟེན་དུ་གྱུར་བའི་ས་མུའུ ༦ ནས་འབྲུ་རིགས་བསྡུ་རྒྱུ་མ་བྱུང་བ་དང་། ཡུལ་དུ་ད་དུང་བྱིས་པ་གཉིས་ཀྱིས་སློབ་གྲྭ་འགྲིམ་བཞིན་ཡོད་ཟེར། ཟླ ༩ པའི་ཟླ་དཀྱིལ་དུ་བཟའ་ཟླ་གཉིས་ཀྱིས་བྱིས་པར་གསང་ནས་ལམ་རིང་མོར་སློང་མོ་བྱས་ཏེ་ཉིན་འགའི་སྔོན་ལ་ཧོང་ཧྲི་གྲོང་ཁྱེར་དུ་འབྱོར་ཟེར། དགུང་མོར་བཟའ་ཟླ་གཉིས་ཀ་ཟམ་པའི་འོག་ནས་ཞག་འདུག་བྱས་པ་རེད།

པར་འདི་ནི་དངུལ་ཁང་གི་ལས་བཟོ་པས་རྒན་རྒོན་གཉིས་ལ་ཟ་མ་བྱིན་པར་རྒད་མོས་བཟའ་ཟླ་ལ་རོགས་བྱས་ནས་ཟས་སྣོད་ཁ་འབྱེད་བཞིན་པ་རེད།

   ནམ་ཟླ་རིམ་གྱིས་ཇེ་འཁྱག་ཏུ་གྱུར་བས་རྒན་རྒོན་གཉིས་ཀྱིས་བྱིས་པ་རྣམས་ལ་དགུན་ལ་སོགས་སྒྲིག་ཆེད་ཕ་ཡུལ་དུ་ཐེངས་ཤིག་ལོག་རྒྱུའི་སེམས་ཐག་བཅད་འདུག ཟླ ༡༡ པའི་ཚེས ༡༢ ཉིན། ཁོ་གཉིས་ཀྱིས་ལམ་བར་ནས་སློང་མོ་བྱས་པའི་ཤོག་སྒོར་དག་དངུལ་ཁང་དུ་བཅོལ་རྗེས་སྐར་སྒོར་ཚང་མ་ཤོག་སྒོར་བརྗེ་རྒྱུའི་གྲ་སྒྲིག་བྱས་འདུག དངུལ་ཁང་འགའ་བཙལ་མཐར་སྦྲག་སྲིད་དངུལ་ཁང་ཞིག་གིས་ཁོ་གཉིས་ཀྱི་རེ་བ་དེ་དང་ལེན་བྱས། གསར་འགོད་པས་སྐར་སྒོར་དེ་ལས་མང་ཆེ་བ་ཞོ་གང་ཅན་དང་། ཉུང་ཤས་སྐར་ལྔ་ཅན་དང་སྐར་གཅིག་ཡིན་པ་མཐོང་། སྐར་སྒོར་ཚང་མ་ངོས་མཉམ་གྱིས་བརྩེགས་ན་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་བཅུ་ཡས་མས་ཡོད་འདུག

 

པར་འདི་ནི་བཟའ་ཟླ་གཉིས་ཀྱིས་ལས་བཟོ་མི་སྣས་ཁྱེར་ཡོང་བའི་ཟ་མ་ཟ་བ་དང་། དངུལ་སྒོར་ཁག་གཅིག་བརྩིས་ཁྲ་བརྒྱབ་ཚར་འདུག  

   རྒན་རྒོན་གཉིས་ཀ་སྔ་དྲོའི་ཆུ་ཚོད ༨ དང་སྐར ༡༢ ཀྱི་སྟེང་དངུལ་ཁང་དུ་ཡོང་ཞིང་། ལས་བཟོ་མི་སྣས་རྩིས་བརྒྱབ་ཚར་དུས་ཆུ་ཚོད ༡༡ དང་སྐར ༡༠ ལ་སླེབས་འདུག སྐར་སྒོར ༣༠༠༠ ལྷག་ཡོད་པ་དེ་ཤོག་སྒོར་ལ་བརྗེ་ན་སྒོར ༣༠༤ རེད། བཟའ་ཟླ་གཉིས་ཀྱིས་དེ་མ་ཐག་སྒོར ༣༠༠ སློབ་ཆེན་དུ་ཡོད་པའི་བུ་མོ་ལ་བསྐུར། 

པར་འདི་ནི་ཁོང་གཉིས་ཀྱིས་རྩིས་ཁྲ་བརྒྱབ་ཚར་རྗེས་དངོས་པོ་དག་ཁྱེར་ཏེ་དངུལ་ཁང་ནས་ཕྱིར་འབུད་པའི་ཚུལ་རེད།  

   ཀོ་ཀང་ལིན་ནི་མིག་དབང་ཉམས་ཀྱང་ལག་བདེ་ཅན་ཞིག་ཡིན་ཏེ། ཁོས་རང་གི་ལག་རྩལ་ལ་བརྟེན་ནས་བཟོས་པའི་སྨྱུག་མའི་སྣོད་ཆུང་ངུ་དག་སྦྱིན་པ་གནང་མཁན་གྱི་མི་དག་ལ་སྟེར་བཞིན་ཡོད། 

པར་འདི་ནི་ལམ་འགྲོ་བ་ཞིག་གིས་སྨྱུག་མའི་སྣོད་ཆས་འདེམ་བཞིན་པའི་ཚུལ་རེད།  

བཟའ་ཟླ་གཉིས་ཀྱིས་དངོས་པོ་ཚང་མ་ཁྱེར་ནས་གཞུང་ལམ་བརྒལ་བའི་ཚུལ་རེད།  

འབྲེལ་ཡོད་རྩོམ་ཡིག