ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀེམ་ཅོང་ཨན་གྱིས་ཁོར་བྱང་ནས་རྒྱལ་ཕྱིའི་ཐ་མག་བཀག ལས་བྱེད་པར་རྒྱལ་ཞེན་མི་འདུག་ཅེས་རྒོལ་གཏམ་བཏང་།

2014-12-04 ཟླ་བ།
  ཁོར་ལྷོ་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་སྤེལ་བ་ལྟར་ན། ཀྲུང་གོ་དང་ཁོར་བྱང་ས་མཚམས་སུ་ཉོ་ཚོང་གི་ལས་ཀ་གཉེར་མཁན་ཞིག་གིས་བརྗོད་གསལ་ལ། ཁོར་བྱང་གཙོ་འཛིན་མཐོ་ཤོས་ཀེམ་ཅོང་ཨན་གྱིས་ཉེ་ཆར་ལས་བྱེད་མི་སྣས་ཕྱི་རྒྱལ་གྱི་ཐ་མག་ཁག་འཐེན་མི་ཆོག་པར་བཟོས་ཡོད་པས། ད་ཆ་ཁོར་བྱང་གིས་ཐ་མག་ནང་འདྲེན་དང་ཕྱི་རྒྱལ་གྱི་ཐ་མག་འཛད་སྤྱོད་བྱེད་མཚམས་ཕྱོགས་ཡོངས་ནས་བཞག་ཡོད་འདུག
  དོན་དེ་ཤེས་མཁན་གྱིས་བརྗོད་དོན་ལ། ཀེམ་ཅོང་ཨན་གྱིས་རྒྱལ་ཁབ་ནང་ནས་བཟོས་པའི་སྤུས་ཚད་ཡག་པོ་འདུག ད་དུང་ནང་འདྲེན་བྱས་པ་འཐེན་དོན་ག་རེ་ཡིན་སྐོར་བརྗོད་པ་མ་ཟད། ལས་བྱེད་མི་སྣར་རྒྱལ་ཁབ་ལ་ཤ་ཞེན་མི་འདོད་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག ད་ཆ་ཁོར་ལྷོ་འཚོ་བ་རོལ་བཞིན་པའི“བྱང་བྱོལ་བ”དག་གིས་བརྗོད་གསལ་ལྟར་ན། ནང་འདྲེན་ཐ་མག་རྔུབ་པ་དེ་ཁོར་བྱང་ལ་མཚོན་ལ་དབང་ཆ་དང་རྒྱུ་ནོར་གྱི་མཚོན་རྟགས་ཡིན་སྟབས། ཁོར་བྱང་ཡོངས་སུ་ནང་འདྲེན་ཐ་མག་མི་ཉུང་བ་ཞིག་ཉོ་འཚོང་བྱེད་ཀྱི་ཡོད་པ་མ་ཟད། ཁོར་བྱང་རྒྱལ་ས་ཕོང་དབྱང་དང་ས་ཁུལ་འགའ་རེའི་གྲོང་ཁྱེར་དུ་མར་བྷོ་རོ་དང་། ཅོད་པན་སོགས་རྒྱལ་ཕྱིའི་ཐ་མག་མིང་ཆེན་རྫུན་མ་བཟོ་བཞིན་ཡོད་ནའང་། ཁོར་བྱང་གི་ལས་བྱེད་མི་སྣས་སྔར་བཞིན་ཕྱི་རྒྱལ་གྱི་ཐ་མག་ངོ་མར་དགའ་པོ་བྱེད་ཀྱི་ཡོད་འདུག
  ཐ་མག་ནང་འདྲེན་བསྡམ་རྒྱ་དེས་ཁོར་བྱང་རང་གི་ཐ་མག་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཐུབ་མིན་བཤད་དཀའ། ༢༠༠༧ ལོར། ཁོར་བྱང་གི་གཙོ་འཛིན་མཐོ་ཤོས་ཀེམ་ཅོང་རེ་ཡིས་དེ་སྔོན་ཉི་ཧོང་གི་མོ་ཊ་འགོག་རྒྱ་བསྡམས་མོད། མོ་ཊའི་བདག་པོ་ཚོས་མོ་ཊའི་ཁ་དོག་དང་ཚོང་རྟགས་བརྗེ་བ་སོགས་བྱས་པས་ཐབས་ཤེས་འདིས་དོན་ལ་གོ་དེ་འདྲ་ཆོད་མེད་པ་རེད། ཁོར་བྱང་དང་ཉོ་ཚོང་གཉེར་མཁན་མང་ཆེ་བས་མོ་ཊ་དང་བསྡུར་ཚེ་ཐ་མག་གི་བོངས་ཚད་ཆུང་ལ་ལྐོག་ནས་ཉོ་ཚོང་བྱེད་སླ་བ། དགོས་མཁོ་ཆེ་བ་བཅས་ཀྱི་དབང་གིས། ཕྱོགས་ཡོང་ནས་བཀག་རྒྱ་བསྡམ་རྒྱུ་ལས་སླ་པོ་ཞིག་མིན་སྙམ་གྱི་འདུག
  ཀེམ་ཅོང་རེ་ཡི་མ་བྱན་རྒྱལ་ཁོངས་ཉི་ཧོང་ནས་ཡིན་པ(藤本健二)དེས་སྨྲས་པ་ལྟར་ན། ཀེམ་ཅོང་རེ་ལོ་བཅུ་གྲངས་ཙམ་ནས་བཟུང་ཐ་མག་འཐེན་འགོ་ཚུགས་ཤིངYSLརྟགས་ཅན་ལ་དགའ་པོ་ཡོད། ཀེམ་ཅོང་ཨན་ཁོར་བྱང་གི་གཙོ་འཛིན་མཐོ་ཤོས་ཆགས་པའི་རྗེས་ལ་མི་མང་འདུ་སར་ཡང་ཐ་མག་འཐེན་གྱི་ཡོད་མོད། ཐ་མག་གི་རྟགས་ཅི་ཡིན་མིན་ཤེས་མེད་པ་རེད།(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག