ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཐེར་འདོན་དྲ་ཚིགས་ཤར་གཏོང་བྱས།

2014-12-12
  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ ༡༢ ཚེས ༩ ཉིན་གློག་འཕྲིན་འབྱོར་གསལ། ཚེས ༩ ཉིན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཐེར་འདོན་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་ཤིང་། ཐེར་འདོན་དྲ་ཚིགས་དེས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན(འབྲིང་རིམ་དོ་དམ་ལས་བྱེད་པ་ཚུད་མེད)གྱིས་ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལ་དམིགས་པའི་ཉེས་འདོན་ཞུ་གཏུག་དང་། སྒྲིག་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་བདག་སྤྲོད་བྱས་པའི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ཡིད་ལ་མི་འཐད་པའི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་དང་ཐག་གཅོད་བྱས་པའི་ཞུ་སྦྱོར་གཞན་དག ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྒྲིག་བཤེར་ལས་དོན་གྱི་བསམ་འཆར་དང་གྲོས་འགོ་བཅས་བདག་སྤྲོད་བྱ་རྒྱུ་རེད།
  ད་ཕན་ལོ་ཤས་རིང་དྲ་སྦྲེལ་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་དྲ་རྒྱའི་ཐོག་ནས་ཐེར་འདོན་བྱེད་པ་དེ་མང་ཚོགས་ཀྱིས་སྒྲིག་བཤེར་ལས་ཁུངས་ལ་ཏང་རྩ་འཛུགས་དང་དེ་བཞིན་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་གནད་དོན་གོང་ཞུ་དང་ཐེར་འདོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ལ་རིམ་བཞིན་གྱུར་ཡོད། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཤར་གཏོང་ཡོང་ཆེད་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྒྲིག་བཤེར་ལས་དོན་ཨུ་ལྷན་གྱིས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་ཐེར་འདོན་དྲ་ཚིགས་བཙུགས་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་སྒྲིག་བཤེར་ལས་ཁུངས་ཀྱི་ཆེད་དོན་ལྟ་སྐུལ་ཟུང་འབྲེལ་བྱས་ཏེ་མང་ཚོགས་དང་སྨྱན་སྦྱོར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་པ་རེད།
  ཐེར་འདོན་དྲ་ཚིགས་ཀྱིས་མིང་དངོས་བཀོད་ནས་ཐེར་འདོན་བྱ་རྒྱུ་དར་སྤེལ་བཏང་ཞིང་། ཐེར་འདོན་བྱེད་མཁན་གྱིས་ཐེར་འདོན་དྲ་ཚིགས zygjjg.12388.gov.cn (ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི་གཙོ་ཆེའི་དྲ་ཚིགས་ཙེ་ཀོང་ཀེ་དྲ་བར་ཞུགས་རྗེས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འཕྲིན་ལམ“ངས་ཐེར་འདོན་བྱེད་དགོས་ཡོད”ཅེས་པའི་ཆེད་སྒྲིག་དྲ་ཤོག་ནང་ཞུགས་ན་འགྲིག)ལ་ཞུགས་ནས་འབྲེལ་ཡོད་གནད་དོན་གོང་ཞུ་བྱས་ཆོག་པ་དང་། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ནུས་ལྡན་གྱི་ཁུངས་སྣེར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྒྲིག་བཤེར་ལས་དོན་ཨུ་ལྷན་གྱིས་དུས་ཐོག་ཏུ་བདག་སྤྲོད་བྱ་རྒྱུ་ཡིན་པ་དང“གནད་དོན་ཚང་མར་མཐོང་ཆེན་དང་ལན་རྒྱག་ཐུབ་པ”བྱས་ཏེ་ཐེར་འདོན་བྱེད་མཁན་ཚང་མའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག