ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁོར་བྱང་གིས་ཆ་རྐྱེན་གང་ཡང་མེད་པར་ཕྱོགས་དྲུག་གྲོས་མོལ་སླར་གསོ་རྒྱུའི་གྲོས་འགོ་བཏོན་པ་ཨ་རིས་ཁས་མ་བླངས།

2015-01-26
  ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པ་ཕུའུ་ས་ཅིས་ཨ་རིས་ཆ་རྐྱེན་གང་ཡང་མེད་པར་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་པའི་སྐོར་གྱི་ཁོར་བྱང་གི་གྲོས་འགོ་ཁས་བླངས་མེད་པ་དང་ཁོར་བྱང་ཕྱོགས་ལ་སྔོན་ཆད་ཀྱི་ཁས་ལེན་དེ་ཁ་དན་ཚིག་ལ་གནས་རྒྱུའི་སྐུལ་མ་སླར་ཡང་བཏང་ཡོད་ཅེས་བརྗོད་པ་རེད།
  འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕུའུ་ས་ཅིས་ཁོར་བྱང་གིས་རང་ངོས་ཀྱི་རྒྱལ་སྤྱིའི་འོས་འགན་སྲུང་དགོས་པ་དེའི་ནང་2005ལོར་མཉམ་འབྲེལ་གསལ་བསྒྲགས་ནང་བཏོན་པའི་ཁས་ལེན་ཡང་ཚུད་པ་དང་དེ་ནི་གནད་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཅིང་། ཁོ་མོས་ཨ་རི་ཕྱོགས་ཀྱིས “ཁུངས་ལུང་གང་ཡང་མེད་པའི་གྲོས་འགོ་དེ་རང་བཞིན་གྱིས་ཁས་ལེན་མི་སྲིད ”ཅེས་བཤད་པ་རེད།
  ཁོར་བྱང་གི་ཉིང་རྡུལ་མཚོན་ཆའི་གནད་དོན་གྱི་ཕྱོགས་དྲུག་གི་གྲོས་མོལ་གྱི་འཐུས་མི་ལི་ཡུང་ཧའོ་ཡིས་ཚེས་19ཉིན་སིང་ཀ་ཕོར་དུ་ཨ་རིའི་ཁོར་བྱང་གནད་དོན་གྱི་དམིགས་བསལ་འཐུས་མི་ཟུར་བ་པོ་སི་ཨོ་སི་སོགས་དང་མཉམ་དུ་དངོས་གཞི་མིན་པའི་གྲོས་མོལ་ཉིན་གཉིས་བྱས་རྗེས་ཁོར་བྱང་ཕྱེད་གླིང་གི་དུས་བབ་ཛ་དྲག་དེ་སེལ་དགོས་ན། གོམ་པ་དང་པོ་ནི་ཨ་རི་དང་ཧན་གོས་མཉམ་འབྲེལ་དམག་སྦྱོང་བྱེད་མཚམས་འཇོག་དགོས་པ་ཡིན་ཞེས་ནན་བཤད་བྱས་པ་དང་། གཞན་ཡང་ཁོང་གིས་ཁོར་བྱང་གིས་དུས་རྒྱུན་དུ་ཆ་རྐྱེན་གང་ཡང་མེད་པར་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་འདོད་བྱེད་ཀྱི་ཡོད་ཅེས་ཀྱང་བརྗོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག