ཟླ ༡ པའི་ཚེས ༡༥ ཉིན། ཀྲུང་དབྱང་སྒྲིག་ཨུའི་ལྟ་ཞིབ་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་ལོ་གཅིག་རིང་ཏང་གི་སྤྱོད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཀྱི་འཕེལ་ཚད་དང་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། རུལ་རྒོལ་མི་མུ་མཐུད་ནས་དྲག་གནོན་བྱས་ཏེ་མགོ་འཆོར་དུ་འཇུག་མིན་པ་དང་། ཀྲོའུ་ཡུང་ཁང་། ཅང་ཅེ་མེས། ལི་ཏུང་ཧྲིན། ལི་ཁྲོང་ཞི། ཧྲིན་ཀྲིན་ཝེ་སོགས་ནག་ཉེས་བསགས་ཡོད་པས་ཁྲིམས་འཛིན་སྡེ་ཁག་ལ་ཐག་གཅོད་པར་བསྐྱལ་ཡོད་ཅིང་། ལེན་ཅི་ཧྭ་དང་སུའུ་རོང་སོགས་ཀྱི་གྱོད་གཞིར་ད་ལྟ་ཞིབ་བཤེར་བྱེད་ཀྱིན་པའི་སྒང་རེད།
【འབྲིང་རིམ་ལས་བྱེད་པ 68གྱི་གྱོད་དོན་ཐག་བཅད་པའམ་ཞིབ་བཤེར་བྱེད་སྒང་ཡིན】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡིས་ཁྲིམས་འགལ་སྒྲིག་འགལ་ལ་ཐོགས་པའི་འབྲིང་རིམ་ལས་བྱེད་པ ༦༨ གྱི་གྱོད་དོན་ཐག་བཅད་པའམ་ཞིབ་བཤེར་བྱེད་ཀྱིན་པའི་སྒང་ཡིན་ཟེར།
【མི 500 ལྷག་གི་ར་མདར་ཕྱིན་ནས་བསླུས་དངུལ་སྒོར་དུང་ཕྱུར ༣༠ ཕྱིར་བླངས】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། རྒྱལ་སྤྱི་ནས་ཧམ་དངུལ་གྱི་ར་མདར་རྒྱུགས་ཤུགས་ཇེ་ཆེར་བཏང་ཞིང་། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོ་ཆུང་གིས་རྒྱལ་སྤྱིའི་ཧམ་དངུལ་བདའ་འདེད་གཞུང་ལས་ཁང་བཙུགས་ཏེ་རྒྱལ་སྤྱིའི་བསླུས་དངོས་ཀྱི་ར་མདར་འགྲོ་བའི་ལས་ཀའི་སྒྲིག་གཞི་ཆགས་ནས། ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་བྱ་བ་ཕྱི་ཕྱོགས་སུ་འབྲོ་བའི་གཞི་རྐང་རྟོགས་པར་བྱས། 《མཉམ་འབྲེལ་རྒྱལ་ཚོགས་རུལ་རྒོལ་སྤྱི་ཆིངས》གྱི་སྒྲོམ་གཞིའི་འོག་ནས་ཕྱོགས་གཉིས་སམ་དུ་མ་ནས་མཉམ་འབྲེལ་ལ་ཤུགས་བརྒྱབ་པ་སྟེ། ཨ་རི་དང་ཁ་ན་ཏ། ཨོ་སི་ཐྲི་ལ་ཡ་སོགས་རྒྱལ་ཁབ་དང་རུལ་རྒོལ་ཁྲིམས་འཛིན་མཉམ་འབྲེལ་གྱི་ལམ་སྲོལ་ཆགས་པར་བྱས་པ་དང་། 《པེ་ཅིང་གི་རུལ་རྒོལ་བསྒྲགས་གཏམ》སྤེལ་ནས་རུལ་རྒོལ་གྱི་ཁྲིམས་འཛིན་མཉམ་ལས་དྲ་བ་མགོ་བརྩམས་པ་རེད། སྒེར་གྱི་གྱོད་དོན་ཐག་གཅོད་ཤུགས་ཆེ་རུ་བཏང་སྟེ་ཁྱོན་ཕྱི་བྱོལ་བ ༥༠༠ ལྷག་ཟིན་ཞིང་། ཧམ་དངུལ་སྒོར་དུང་ཕྱིར ༣༠ ལྷག་གི་རྗེས་ཆོད་པ་རེད།
【སྐོར་ཞིབ་སྐབས་པེ་ཨིན་ཕེ། ཝན་ཆིན་ལྱང་། དབྱང་ཅེ་ཙི་སོགས་ཀྱི་གནད་དོན་རྟོགས】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། ལོ་གཉིས་ཀྱང་མ་འགོར་བར་ཞིང་ཆེན་དང་གྲོང་ཁྱེར ༣༡ དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་གྱི་འཆར་ཅན་སྐོར་ཞིབ་བྱས་ཚར་བ་རེད། ཧྲན་ཞི(山西)ཡི་རུལ་སུངས་ཚབས་ཆེ་བའི་གནད་དོན་དང་པེ་ཨིན་ཕེ། ཝན་ཆིན་ལྱང་། ཝུ་ཁྲང་ཧྲོན་སོགས་ཀྱི་གནད་དོན་ནི་སྐོར་ཞིབ་སྐབས་སུ་ཤེས་རྟོགས་བྱུང་། ༢༠༡༤ ལོར་ཁྱོན་སྡེ་ཚན་དང་ཀྲུང་དབྱང་གི་ཁེ་ལས། བྱ་བཞག་ཚན་པ ༡༩ ལ་ཆེད་མངགས་སྐོར་ཞིབ་བྱས་པ་རེད།
【ཧྲན་ཞིའི་མ་ལག་ཅན་གྱི་རུལ་སུངས་གྱོད་དོན་འབྲེལ་བའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་རྩར་བཅད】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་མི་སྣར་རྩར་བཅད་པ་སྟེ། ཧྲན་ཞི་ཡི་མ་ལག་ཅན་གྱི་རུལ་སུངས་གྱོད་དོན་དང་འབྲེལ་བའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་རྩད་བཅད་པ་དང་། ཧུ་ནན་གྱི་ནན་ཧྭན་དབྱང་ནས་ལྐོག་རྔན་བརྫངས་ནས་འདེམས་བསྐོ་བྱེད་པའི་གྱོད་དོན་ལ་རྩད་གཅོད་ནན་མོ་བྱས་པ་རེད།
【ཀྲུང་དབྱང་སྒྲིག་ཨུད་ཀྱིས་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གྱོད་དོན ༣༣ ཁྱབ་བསྒྲགས་བྱས】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། ༢༠༡༤ ལོར། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་དཔེ་མཚོན་ཅན ༣༣ ཐེར་འདོན་བྱས་པ་རེད། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་སྒྲིག་ཨུད་དང་ལྟ་ཞིབ་ཐིང་གིས་སྔ་རྟིང་ཐེངས ༡༣༦ ལ་གནད་དོན་དཔེ་མཚོན་ཅན ༧༨༨ ཐེར་འདོན་ཁྱབ་སྒྲོག་བྱས། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་དྲ་ཚིགས་སུ“སྤྱོད་ཚུལ་བཞིའི”གཏུག་བཤེར་བྱེད་ས་ཤར་གཏོང་བྱས་ཏེ་མང་ཚོགས་དང་གསར་འགྱུར་སྨྱན་སྦྱོར་གྱི་ལྟ་རྟོག་ནུས་པ་གང་ལེགས་བཏོན་པ་རེད།
【རྒྱལ་ཡོངས་ནས་ཀྲུང་དབྱང་གཏན་འབེབས་བརྒྱད་དང་འགལ་བའི་གནད་དོན ༥༣༠༨༥ ཞིབ་གཅོད་བྱས】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། ༢༠༡༤ ལོར། རིམ་པ་སོ་སོའི་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན ༥༣༠༨༥ ཞིབ་གཅོད་བྱས་ཤིང་། མི ༧༡༧༤༨ ལ་ཞིབ་གཅོད་བྱས་པ་དང་། མི ༢༣༦༤༦ ལ་ཏང་སྲོལ་སྲིད་སྲོལ་གྱི་ཆད་པ་བཅད།
【སྒྲིག་ཨུད་ལྟ་ཞིབ་པའི་ལས་བྱ་བ་སྒྲིག་འགལ་ཁྲིམས་འགལ་མཁན ༡༥༧༥ ལ་ཆད་པ་བཅད】
ཟླ ༡ པའི་ཚེས ༧ ཉིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་པུའུ་པུའུ་ཀྲང་ཧྭང་ཧྲུ་ཞན་གྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་རུ་བརྗོད་དོན། སྒྲིག་ལམ་ལྕགས་ལྟར་སྲ་བའི་དཔུང་སྡེ་ལ་སྐྱོན་ཆ་འགེབས་རྒྱུ་ཅུང་ཟད་ཀྱང་མེད་དེ། ཁྲིམས་འགལ་སྒྲིག་འགལ་གྱི་སྒྲིག་ཨུད་ལྟ་ཞིབ་ལས་བྱ་བ ༡༥༧༥ ཞིབ་གཅོད་བྱས་ཤིང་། ཐིང་རིམ་པ ༣༤ དང་། རྫོང་རིམ་པ ༢༢༩ ཡོད། དེས་ལས་བྱེད་པར་སློབ་གསོ་བཏང་ཞིང་དཔུང་སྡེ་གཙང་མར་བཟོས་པ་དང་། སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་ལས་བྱ་བ་སྒྲིག་འགལ་ཁྲིམས་འགལ་བྱུང་རིགས་རྩད་ཞིབ་དོ་ཏན་བྱས་ཏེ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས།(རྩོམ་འགན་པ། རྟ་མགྲིན)