ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལེན་ཅི་ཧྭ་སྒྲིག་འགལ་ཚབས་ཆེ་དོཊ་ཀྱིས་རྟོག་དཔྱོད་བྱེད་སྒང་རེད།

2014-12-23 ཟླ་བ།

  ཤིན་ཧྭ་གསར་ཁང་གིས་པེ་ཅིང་ནས་ཟླ ༡༢ པའི་ཚེས ༢༢ བཏང་བའི་གློག་འཕྲིན་ལྟར་ན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ཚོགས་པའི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལེན་ཅི་ཧྭ(令计划)སྒྲིག་ལམ་ལ་ཚབས་ཆེར་འགལ་ཏེ་ཉེ་ཆར་རྩ་འཛུགས་ཀྱིས་རྟོག་དཔྱོད་བྱེད་སྒང་རེད་འདུག
མི་སྣའི་ལོ་རྒྱུས།
ལེན་ཅི་ཧྭ། ཕོ། རྒྱ་རིགས། ༡༩༥༦ ལོའི་ཟླ ༡༠ པར་སྐྱེས། ཧྲན་ཞི་ཕིན་ལུ་ཡི་མི་ཡིན། ༡༩༧༣ ལོའི་ཟླ ༡༢ པར་ལས་ཀར་ཞུགས། ༡༩༧༦ ལོའི་ཟླ ༦ པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས་ཤིང་། ཧུ་ནན་སློབ་ཆེན་བཟོ་ཚོང་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཞོར་ཞིབ་འཇུག་པའི་བསླབ་ཚད་དང་བཟོ་ཚོང་དོ་དམ་གྱི་ཤེས་རམས་པའི་བསླབ་གནས་མཆིས།
ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་ཡོད།
༡༩༧༣-༡༩༧༥ བར་ཧྲན་ཞི་ཞིང་ཆེན་ཕིན་ལུ་རྫོང་གི་ཤེས་གཞོན་དང་རྫོང་དཔར་ཁང་གི་ལས་ཀ་བ།
༡༩༧༥- ༡༩༧༨ ཧྲན་ཞི་ཞིང་ཆེན་ཕིན་ལུ་རྫོང་གི་ཐོན་ཨུའི་ལས་བྱེད་པ་དང་ཧྲུའུ་ཅི་གཞོན་པ།
༡༩༧༨-༡༩༧༩ ཧྲན་ཞི་ཞིང་ཆེན་ཡོན་ཁྲིན་ས་ཁུལ་གྱི་ལས་བྱེད་པ།
༡༩༧༩-༡༩༨༣ བར་གུང་གཞོན་ཚོགས་པའི་ཀྲུང་དབྱང་དྲིལ་སྒྲོག་པུའུ་གཞུང་ལས་ཁང་། དྲིལ་སྒྲོག་ཁང་། ཚགས་དེབ་ཁང་ནས་ལས་ཀ་གཉེར།
༡༩༨༣-༡༩༨༥ བར་ཀྲུང་གོའི་ན་གཞོན་ཆབ་སྲིད་སློབ་གླིང་གི་ཆབ་སྲིད་སློབ་གསོ་ཆེད་ལས་སུ་སློབ་སྦྱོང་བྱས།
༡༩༨༥-༡༩༨༨ བར་གུང་གཞོན་ཚོགས་པའི་ཀྲུང་དབྱང་དྲིལ་སྒྲོག་པུའུ་གཞུང་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ།
༡༩༨༨-༡༩༩༠ བར་གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅུ་ཁྲུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན།
༡༩༩༠-༡༩༩༤ བར་གུང་གཞོན་ཚོགས་པའི་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ། 《ཀྲུང་གོའི་གུང་གཞོན་ཚོགས་པ》ཡི་སྒྲིག་གཙོ།
༡༩༩༤-༡༩༩༥ བར་གུང་གཞོན་ཚོགས་པ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་།
༡༩༩༥-༡༩༩༦ བར་ཀྲུང་དབྱང་གཞུང་ལས་ཐིང་ཞིབ་འཇུག་ཁང་གི་ཚོ་ཆུང་གསུམ་པའི་འགན་ཁུར་བ།
༡༩༩༦-༡༩༩༧ བར་ཀྲུང་དབྱང་གཞུང་ལས་ཐིང་ཞིབ་འཇུག་ཚོ་ཆུང་གསུམ་པའི་རུ་དཔོན།
༡༩༩༧-༡༩༩༨ བར་ཀྲུང་དབྱང་གཞུང་ལས་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ།
༡༩༩༨-༡༩༩༩ བར་ཀྲུང་དབྱང་གཞུང་ལས་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན།
༡༩༩༩-༢༠༠༠ བར་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་དང་ཞིབ་འཇུག་ཁང་གི་ཀྲུའུ་རེན།
༢༠༠༠-༢༠༠༣ བར་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ། ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་ལས་ཁུངས་སྒྲིག་འཇུག་ཨུ་ཡོན་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།
༢༠༠༣-༢༠༠༧ བར་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ། ཀྲུང་དབྱང་ལས་ཁུངས་སྒྲིག་འཇུག་ཨུ་ཡོན་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།
༢༠༠༧-༢༠༠༧ བར་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་ལས་ཁུངས་སྒྲིག་འཇུག་ཨུ་ཡོན་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།
༢༠༠༧-༢༠༠༨ བར་ཀྲུང་དབྱང་ཧྲུའུ་ཅུ་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན།
༢༠༠༨-༢༠༡༢ བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བཟོ་ཨུའི་ཧྲུའུ་ཅི།
༢༠༡༢-༢༠༡༢ བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། (༢༠༡༢ ལོའི་ཟླ ༨ པ་ནས་ཁུར)
༢༠༡༢-༢༠༡༣ བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། 
༢༠༡༣- སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།
ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་བདུན་པ། བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག