ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཕ་རི་སིར་འཇབ་རྒོལ་བྱེད་མཁན་གཏུམ་སྤྱོད་པ ༣ གྱི་ཐོབ་ཐང་རྩད་ཆོད། གཉིས་ཕུ་ནུ་རེད་འདུག

2015-01-08 ཟླ་བ།
  ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཕ་རི་སིར་འཇབ་རྒོལ་བྱེད་མཁན་གཏུམ་སྤྱོད་པ ༣ གྱི་ཐོབ་ཐང་ངོས་ཟིན་པ་དང་། དེའི་ནང་གི་གཉིས་ནི་ཕུ་ནུ་ཡིན་པ་སྟེ་ལོ ༣༤ ཡིན་པའི་སེ་ཌི་དང་ལོ ༣༢ ཡིན་པའི་ཞེར་ཧྥུ་གཉིས་རེད། ཁོ་གཉིས་ཀ་ཕ་རི་སིའི་ཁུལ་ཨང་བཅུ་པ་ནས་སྐྱེས་པ་རེད།
  དབྱིན་ཇིའི《ཉིན་རེའི་གློག་འཕྲིན་ཚགས་ཤོག》ཏུ་འཁོད་པ་ལྟར་ན། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཕ་རི་སིར་འཇབ་རྒོལ་བྱེད་མཁན་གཏུམ་སྤྱོད་པ ༣ གྱི་ཐོབ་ཐང་ངོས་ཟིན་ཡོད་པ་ལས་གཉིས་སྤུན་མཆེད་ཡིན་པ་སྟེ། ལོ ༣༤ སོན་པའི(Sad) དང་ལོ ༣༢ སོན་པའི་ཞེར་ཧྥུ(Cherif Kouachi) ཡིན་འདུག་ཅིང་གཉིས་ཀ་ཕ་རི་སིའི་ཁུལ་ཨང་བཅུ་པ་ནས་སྐྱེས་པ་ཡིན་འདུག དེ་ལས་ཞེར་ཧྥུ་ནི་དབྱི་རག་གི་རྟེན་གཞི་རྩ་འཛུགས་ཀྱི་ཕ་རི་སིའི་ཁུལ་ཨང ༡༩ པའི་ཡན་ལག་ཚོགས་པའི་ཁོངས་མི་ཡིན་པར་ངོས་འཛིན་བྱས་ཤིང་། ༢༠༠༨ ལོར་འཇིགས་སྐུལ་བྱ་འགུལ་ལ་འབྲེལ་དོགས་ཆེ་བས་ཁྲིམས་ཆད་བཅད་མྱོང་། ཁོ་སྤུན་མཆེད་གཉིས་ཀ་ཨར་ཅི་རི་ཡའི་མི་རྒྱུད་ཡིན་ཞིང་ད་ལོའི་དབྱར་ཁར་སི་རི་ཡ་ནས་ཧྥ་རན་སིར་ཕྱིར་ལོག་མ་ཐག་པ་ཡིན། པར་འདི་ནི་ལོ ༣༢ ཅན་གྱི་ཞེར་ཧྥུ་རེད།
  འཇབ་རྒོལ་བ་གཅིག་ནི་ད་ལོ་ལོ ༡༨ ཡིན་ཞིང་མིང་ལ་མོད་ཧ་ཊ་ཟེར།( Hamyd Mourad) སྐྱེས་པ་འདིར་སྡོད་ས་ངེས་གཏན་མེད་ཅིང་། གནས་ཚུལ་སྤེལ་བ་ལྟར་ན་ན་ནིང་གྲོང་ཁྱེར་གྱི་སི་ལན་གྱི་སློབ་གྲྭར་ཞུགས་མྱོང་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་ད་ཆ་སི་ལན་གྲོང་ཁྱེར་ནས་བདའ་འདེད་བྱེད་བཞིན་ཡོད་པ་དང་རྒྱལ་ཁོངས་གང་ནས་ཡིན་པ་ད་དུང་རྟོགས་མི་འདུག  པར་འདི་ནི་ལོ ༣༤ ཅན་གྱི་སེ་ཌི་རེད།
འབྲེལ་ཡོད་རྩོམ་ཡིག