ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཕ་ཁི་སི་ཐན་གྱི་སློབ་གྲྭར་འཇབ་རྒོལ་ཐེབས་ཏེ་མི ༡༤༡ ཚེ་ལས་འདས་ཤིང་། དེའི་ནང་སློབ་མ ༡༣༢ འདུག

2014-12-18 བན་དེ་མཁར།
  ཨི་སི་ལམ་བྷོག་གི་ཟླ ༡༢ པའི་ཚེས ༡༦ ཉིན་གྱི་གློག་འཕྲིན་ལྟར་ན། ཕ་ཀི་སི་ཐན་གྱི་དམག་མིའི་མགྲིན་ཚབ་པས་ཚེས ༡༦ ཉིན་གྱི་དགོང་མོར་བརྗོད་དོན། ཉིན་དེར་ཕ་ཁི་སི་ཐན་ནུབ་བྱང་ཁུལ་གྱི་གྲོང་ཁྱེར་པའེ་ཧྲ་བ་རུ་བྱུང་པའི་དམག་མི་དགེ་སློབ་སློབ་གྲྭ་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དེས་མི ༡༤༡ རྐྱེན་ལམ་དུ་ཤོར་བ་དང་། དེའི་ཁྲོད་དུ་སློབ་མ ༡༣༢ དང་དགེ་རྒན ༩ ཡོད་འདུག
  ཕ་ཁི་སི་ཐན་དམག་མིའི་མགྲིན་ཚབ་པས་པའེ་ཧྲ་བ་རུ་བསྡུས་པའི་གསར་འགྱུར་འགྲེམ་སྤེལ་ཚོགས་འདུའི་ཐོག་བཤད་རྒྱུར། འཇབ་རྒོལ་དེས་ད་དུང་མི ༡༣༣ ལ་རྨས་སྐྱོན་ཐེབས་ལ། དེའི་ཁྲོད་དུ་སློབ་མ ༡༢༡ དང་། དགེ་རྒན ༣ བདེ་འཇགས་པུའུ་ཡི་མི ༩ བཅས་ཡོད་པ་རེད།
  དེར་མ་ཟད་པའེ་ཧྲ་བའི་དམག་མི་དགེ་སློབ་སློབ་གྲྭར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་འདིར་ཁ་གཏད་ནས་དུས་ཚོད ༡༠ ལྷག་གི་རོགས་སྐྱོར་བྱས། འོན་ཀྱང་། དེའི་ཁྲོད་ནས་དྲག་ཆས་སྤྲས་བའི་མི ༧ བསད།
  ཚེས ༡༦ པའི་ཞོགས་པའི་ཆུ་ཚོད ༡༠ དང་སྐར་མ ༣༠ ཡས་མས་སུ། དམག་མི་ལ་བརྫུས་བའི་དྲག་ཆས་སྤྲས་བའི་མི་འགས་པའེ་ཧྲ་བ་སྐམ་དམག་སྤྱི་འཛུགས་སློབ་གྲྭ་ལ་འཇབ་རྒོལ་བྱས། སློབ་གྲྭ་འདི་ནི་དམག་ཕྱོགས་ཀྱིས་དོ་དམ་བྱེད་པ་དང་། གཙོ་བོ་དམག་མི་བུད་མེད་དང་སློབ་ཕྲུག་ཕལ་བ་བསྡུ་བ་རེད། སྣང་ཚུལ་འདི་དངོས་སུ་མཐོང་པའི་མིས་སྐབས་དེར་དྲག་ཆས་སྤྲས་བའི་མི་སྣ་སློབ་གྲྭའི་ལྟག་སྒོ་ནས་ནང་དུ་འཛུལ་བ་དང་། མེ་མདའི་དྲག་འཐབ་བྱས་པ་མཐོང་ལ། ཕ་ཁི་སི་ཐན་གྱི་ཐ་ལི་པན་གྱིས་འཇབ་རྒོལ་གྱི་དོན་རྐྱེན་འདི་བཟོས་བ་བསྒྲགས་པ་རེད།
  ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧའོ་ཟེ་ཡིན་དང་ཙུང་ལི་ཞེ་ལེན་ཧྥུ་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་འདི་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཞེ་ལེན་ཧྥུས་པ་ཀི་སི་ཐན་རྒྱལ་དམངས་ཡོངས་ཀྱིས་ཉིན ༣ གྱི་རིང་ལ་ནག་ཉེས་ཅི་ཡང་མེད་པའི་འདས་པོ་རྣམས་ལ་མྱ་ངན་ཞུ་དགོས་བ་བསྒྲགས།
ཕ་ཁི་སི་ཐན་གྱི་འཇིགས་རྒོལ་དཀའ་ངལ།
  ༩.༡༡”དོན་རྐྱེན་བྱུང་བ་ནས་བཟུང་སྟེ། ཕ་ཁི་སི་ཐན་ནི་འཇིགས་སྐུལ་རིང་ལུགས་ཀྱི་གནོད་ཐེབས་ས་ཁུལ་ཞིག་ཏུ་གྱུར་བས། མི་ཁྲི་ཚོ ༥ ལྷག་འཆི་ལམ་ལ་དེད་ལ། ད་ཐེངས་ཐ་ལི་པན་གྱི་འཇིགས་སྐུལ་འཇབ་རྒོལ་འདི་ནི་ཕ་ཁི་སི་ཐན་གྱི་དམག་མིའི་འཇིགས་རྒོལ་བྱ་སྤྱོད་ལ་རྒོལ་ལན་སྤྲད་པ་ཡིན། སྐམ་དམག་སྤྱི་འཛུགས་སློབ་གྲྭ་འདིས་གཙོ་བོ་དམག་མི་བུད་མེད་བསྡུས་བ་དང་། ད་དུང་ཕ་ཁི་སི་ཐན་གྱི་དམག་གིས་གཉེར་བཞིན་ཡོད། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འདིའི་ཐད་ནས་བལྟས་ན། ཕ་ཁི་སི་ཐན་གྱི་འཇིགས་རྒོལ་གནས་བབ་ད་དུང་ཛ་དྲག་ཆེ་ལ། འདི་ནི་ཨ་རིས་ཨ་ཧྥུ་ཧན་ནས་དམག་མི་ཕྱིར་འཐེན་བྱེད་མིན་ལ་རག་ལས་བ་དང་། ཐ་ལི་པན་ཡང་ཕ་ཁི་སི་ཐན་དང་ཨ་ཧྥུ་ཧན་གཉིས་ཀྱི་བར་ནས་བསྐྱར་ལངས་རྒྱབ་སྟེ་ཕ་ཁི་སི་ཐན་དང་ཨ་ཧྥུ་ཧན་རྒྱལ་ཁབ་གཉིས་ཀྱི་འཇིགས་རྒོལ་བྱ་འགུལ་ཡུན་རིང་ཅན་དུ་གཏོང་བའི་ཉེན་ཁ་ཡོད།
  ཙུང་ལི་ཞེ་ལེན་གྱིས་ཐ་ལི་པན་གྱི་གྲོས་མོལ་ཨུ་ཡོན་ལྷན་ཚོགས་དང་ཞི་བའི་གྲོས་མོལ་བྱས་མོད། འོན་ཀྱང་གྲུབ་འབྲས་ཅི་ཡང་མ་བྱུང་སྟེ། ཐ་ལི་པན་གྱི་མིས་ཁ་ལ་ཆི་གནམ་གྲུའི་འབབ་ཚུགས་ལ་འཇབ་རྒོལ་བྱས་པས། ཞི་བའི་གྲོས་མོལ་ཡང་དེ་ལྟར་ཅི་ཡིན་འདི་ཡིན་མེད་པར་གྱུར། སྤྱི་ཟླ ༦ པའི་ཚེས ༡༥ ཉིན་ནས་བཟུང་སྟེ་ཕ་ཁི་སི་ཐན་གྱི་དམག་གིས་ནུབ་བྱང་ཁུལ་གྱི་ཐ་ལི་པན་གྱི་སྟོབས་ཤུགས་གཙང་ཕྱགས་བྱེད་མགོ་བརྩམས་ལ། ད་དུང་འགུལ་སྐྱོད་དེའི་མིང་ལ“གྲུ་ཕན་འགུལ་སྐྱོད” ཟེར་ལ། འཇིགས་སྐུལ་མི་སྣ་བརྒྱ་ཕྲག་ལྷག་ཚར་བཅད་པས། ཕ་ཁི་སི་ཐན་སྲིད་གཞུང་དང་ཐ་ལི་པན་གཉིས་བར་གྱི་འབྲེལ་བ་ཐོར་ཞིག་ཏུ་གྱུར་བས། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་འཇིགས་རྒོལ་ལས་བྱུང་བའི་ལྡོག་འབྲས་ཏེ་ཕྱིར་མངོན་བཞིན་མཆིས།
  སྤྱིར་འཛམ་གླིང་ན་ཕུ་ཧྲི་ཐུ་མི་ཁྲི་ཚོ ༤༢༠༠ ལྷག་ཡོད་ལ། དེ་ལས་ཕྱེད་ཀ་ཕ་ཁི་སི་ཐན་ན་ཡོད་པ་དང་། ཐ་ལི་པན་ནི་ཐལ་དྲག་པའི་ཕུ་ཧྲི་ཐུ་མི་རིགས་རིང་ལུགས་ཀྱི་མཚོན་བྱེད་ཅིག་ཡིན་ལ། ཁོ་ཚོས་ཞུན་ཏུའུ་ཁི་ཧྲི་རི་བོ་ནས་ཧིན་རྡུ་གཙང་བོའི་བར་དུ། སྒེར་ཚུགས་ཀྱི་ཕུ་ཧྲི་ཐུ་རྒྱལ་ཁབ་ཅིག་འཛུགས་འདོད་པས། ཕ་ཁི་སི་ཐན་གྱིས་ངེས་པར་དུ་ཐ་ལུ་པན་ནས་བྱུང་བའི་ཛ་དྲག་ཆེ་བའི་འགྲན་རྒོལ་ལ་ཁ་གཏད་གཅོག་དགོས་སོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག