ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གླིང་ཆེན་ཨ་ཧྥེ་རི་ཁ་ལྷོ་མའི་རྔ་མོང་ལུག་མཚོ་བོད་ས་མཐོར་ཐོག་མར་ནང་འདྲེན་བྱས།

2015-01-06 བདེ་སྐྱིད།

  ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས ༢༠༡༤ ལོའི་ཟླ ༡༢ ཚེས ༣༡ ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་གྱི་མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་གླིང་དེས་རྔ་མོང་ལུག ༤ ནང་འདྲེན་བྱས་པ་དེ་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ལྷོ་མའི“ཡུལ་དེ་རང་གི་སྲོག་ཆགས་རིགས”ཡིན་པའི་རྔ་མོང་ལུག་མཚོ་བོད་ས་མཐོར་ནང་འདྲེན་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད།
  རྔ་མོང་ལུག་ནི་གླིང་ཆེན་ཨ་ཧྥེ་རི་ཁ་ལྷོ་མ་ནས་ཐོན་པའི་རྨིག་གཉིས་མ་དང་རྔ་མོང་རིགས་ཀྱི་སྲོག་ཆགས་ཤིག་ཡིན་པ་དེའི་བཟོ་ལྟ་ལུག་དང་འདྲ་པོ་ཡོད་པ་དང་ད་ཆ་འཛམ་གླིང་ཡོངས་སུ་མགོ་གྲངས་ཁྲི ༣༠༠ ཙམ་ཡོད་པའི་ཁྲོད་ཀྱི ༩༠ %ཡན་ཆི་ལི་དང་། ཕེ་རུ། པོ་ལི་ཝེ་ཡ་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། རི་མཐོའི་སྐྱེ་དངོས་ཚེར་མ་ཟས་སུ་བྱེད་པ་དང་ཆ་སྙོམས་ཚེ་ཚད་ལོ ༢༠ ནས ༢༥ བར་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་རྔ་མོང་ལུག་གི་ཕྱིའི་རྣམ་པར་རབ་བཏགས་རི་མོའི་ཚོང་པ་དང་དྲ་གྲོགས་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
  མཚོ་སྔོན་གྱི་མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་གི་འགོ་གཙོ་གཞོན་པ་ཆི་ཤིན་ཀྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ནང་འདྲེན་བྱས་པའི་རྔ་མོང་ལུག་དེ་དག་ཁྲོད་མོ་གསུམ་དང་ཕོ་གཅིག་ཡོད་པ་རྣམས་ཆ་སྙོམས་ལོ ༣ ཟིན་ཡོད་པ་རེད། གཞན་ཡང་གླིང་དེས ༢༠༡༤ ལོར་གླིང་ཆེན་ཨ་ཧྥེ་རི་ཁ་ནས་སྤྲེའུ་སྤུ་སེར ༣ ནང་འདྲེན་བྱས་རྗེས་ཉེ་དུས་སླར་ཡང་སྤྲེའུ་སྤུ་སེར ༢ ནང་འདྲེན་བྱས་ཡོད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། རྔ་མོང་ལུག་དང་གསར་དུ་ནང་འདྲེན་བྱས་པའི་སྤྲེའུ་སྤུ་སེར་དེ་དག ༢༠༡༥ ལོའི་རྒྱ་ཆེའི་ཡུལ་སྐོར་བར་སྟོན་རྒྱུ་ཡིན་པ་རེད།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག