ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གི་༢༠༡༦ལོའི་རྟོག་ཞིབ་ས་ཚིགས་ཐོག་མ་གྲུང་ཆིང་དུ་རེད་འདུག

2016-01-06 བློ་ཕུན།

ཟླ ༡ ཚེས ༥ ཉིན་གྱི་གློག་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཆོག་ཚེས ༤ ཉིན་གྱི་ཕྱི་དྲོ་གྲུང་ཆིང་གི“ཤིང་འབྲས་ལྡུམ་རའི་གྲུ་ཁར”རྟོག་ཞིབ་ཏུ་ཕེབས་ཤིང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་འཛུགས་སྐྲུན་དང་། ལྕགས་ལམ་དང་གཞུང་ལམ། ཆུ་ལམ་བཅས་ལམ་གསུམ་གཅིག་འབྲེལ་གྱི་ལས་གྲྭ་འཛུགས་སྐྲུན་ཐད་ཀྱི་གནས་ཚུལ་ལ་གསན་གཟིགས་མཛད་ཅིང་། མིག་སྔར་ལས་བྱ་སྒྲུབ་བཞིན་པའི་དོས་སྒམ་སྐྱེལ་འདྲེན་གྲུ་གཟིངས་ལ་རྟོག་ཞིབ་གནང་། ཡུས་ཤིན་ཨུའུ་རྒྱལ་སྤྱིའི་ལྕགས་ལམ་རྒྱུད་ཁུལ་དུ་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་སྒོ་ཁྲལ་གནས་ཞུའི་ཞིབ་བཤེར་རྩིས་ལེན་དང་། ལྕགས་ལམ་ཤར་གཏོང་གི་ལས་གཞི་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། ཁོང་གིས”ཡག་པོ་འདུག”ཅེས་བསྔགས་བརྗོད་གནང་ཞིང་། གྲུ་ཁའི་སྒྲིག་ཆས་ཁག་ཚགས་ཚུད་པོ་ཡོད་པ་གཟིགས་པས་ཁོང་ནས་འདི་གར་རེ་བ་ཆེན་པོ་འདུག་ཅེས་སྐུལ་འདེབས་གནང་བ་རེད།

གྲུང་ཆིང་གྲོང་ཁྱེར་ནི་རང་རྒྱལ་གྱི་སྐམ་སའི་ནང་ལོགས་ཀྱི་ལྷོ་ནུབ་ཁུལ་དང་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྲུང་ཆིང་གི་རླངས་འཁོར་དང་། གློག་རྡུལ་ཆ་འཕྲིན། མཁོ་ཆས་སྒྲིག་བཟོ་སོགས་སྲོག་ཤིང་ཐོན་ལས་ཁག་ཁྱོན་ཡོངས་ནས་སྟོབས་ཇེ་ཆེར་འགྲོ་བཞིན་ཡོད། འཐབ་ཇུས་རང་བཞིན་གྱི་གསར་སྤེལ་ཐོན་ལས་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ནུས་མངོན་གསལ་དོད་པོས་མཐོར་འདེགས་བྱུང་ཡོད། ༢༠༡༤ ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་བསྡོམས་འབོར་ལོ་གོང་མ་ལས ༡༠.༩% འཕར་སྣོན་བྱུང་ཡོད་པ་དང་། སྤྱི་ལོ ༢༠༡༥ ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་སྤྱི་ཐང ༡༡% བར་འཕར་རྒྱུའི་སྔོན་དཔག་བྱེད་བཞིན་འདུག

ཉེ་བའི་ལོའི་ནང་དུ་གྲུང་ཆིང་གིས་མཚོ་ཐོག་སྐྱེལ་འདྲེན་ཐད་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་ཀྱི་རགས་དབྱིབས་མངོན་འགྱུར་བྱུང་ཡོད། འབྲས་ཤིང་གྲུ་ཁ་ནི་རྒྱལ་ཁབ་རིམ་པའི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་སྐྱེལ་འདྲེན་ལམ་ཁ་མང་པོ་གཞི་གཅིག་ཏུ་འབྲེལ་བའི་འགྲིམ་འགྲུལ་གནད་འགག་ཁུལ་ཞིག་ཡིན་ཞིང་། གྲུང་ཆིང་གྲོང་ཁྱེར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱས་པའི་དེང་རབས་ཅན་གྱི་གྲུ་ཁའི་ཁྲོད་ཀྱི་གནད་འགག་ལམ་མདོ་ཞིག་ཏུ་གྱུར། གྲུང་ཆིང་གིས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལམ་སྐྱེལ་འདྲེན་ལྟེ་གནས་འཛུགས་སྐྲུན་འཆར་འགོད་ཀྱི་སྐྱེལ་བྱེད་དངོས་པོ་དེ་རེད། འཆར་འགོད་གཞིར་བཟུང་ན་ལོ་རེའི་སྐྱེལ་འདྲེན་བྱེད་ཚད་ཀྲོན་བྱེ་བ་གསུམ་ཡིན་པ་དང་མིག་སྔར་ཀྲོན ༥༠༠༠ གི་གྲུ་ཚུགས ༡༦ བསྐྲུན་ཟིན་ཡོད་པ་རེད།

ཞིས་ཅིན་ཕིང་མཆོག་གྲུང་ཆིང་ཅིང་ཏུང་ཧྥང་འོད་གློག་ཚན་རྩལ་ཀུང་སིར་རྟོག་ཞིབ་ཏུ་ཕེབས་པ་དང་། སྙི་གཤིས་འཆར་ཤེལ་དང་། ཚད་བརྒལ་གསལ་ཤེལ་སོགས་ཐོན་རྫས་སྣ་ཚོགས་ཀྱི་འཁྲིས་སུ་བཅར་ནས་འཕེལ་རིམ་གསལ་སྟོན་ལ་གཟིགས་ཞིབ་གནང་ཞིང་། རབས ༨.༥ ཅན་གྱི་གཤེར་བདར་པང་ལེབ་ཐོན་སྐྱེད་བཟོ་རྩལ་གྱི་བཟོ་རིམ་ལ་གཟིགས་རྟོགས་མཛད། ཆེ་ཤེལ་སྤྱད་དེ་ཤེལ་སྒོའི་ལེབ་པང་ངོས་ནས་ནང་ལོགས་ཀྱི་གློག་རྒྱུན་རྒྱུ་ལམ་ལ་གཟིགས་ཞིབ་གནང་ཞོར། ཁོང་ནས་གསུངས་པར། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་ཁྲོད་ “གསར་སྤེལ”ནི་ཨང་དང་པོར་བཞག་པ་བཞིན། ངེས་པར་དུ་གསར་སྤེལ་ལ་དམ་འཛིན་དང་གསར་སྤེལ་ཆུ་ཚད་གོང་མཐོར་གཏོང་དགོས་ཞེས་ནན་བཤད་མཛད།

ཅིང་ཏུང་ཧྥང་གྲུང་ཆིང་གི་རབས ༨.༥ ཅན་གྱི་སྐྱི་སྲབ་ཤེལ་གཟུགས་སྦུ་གུའི་གཤེར་བདར་བརྙན་ཡོལ་གྱི་ཐོན་སྐྱེད་སྒྲུབ་རིམ་ལས་གཞིར་ཁྱོན་མ་དངུལ་དུང་ཕྱུར ༣༢༨ བཏང་བ་དང་། འཆར་འགོད་ལྟར་ན་ཟླ་རེར་བརྙན་ཡོལ་ཆིག་འབུམ་ཉིས་ཁྲི་ཐོན་སྐྱེད་བྱ་རྒྱུ་ཡིན་ཞིང་། ཐོན་རྫས་ཁྲོད་དུརྒྱུགས་ཆེ་བ་ལག་ཐོགས་རྩིས་འཁོར་དང་བརྙན་འཕྲིན་གྱི་འཆར་ཡོལ་མ་དབྱིབས་བཅས་ཡིན་ཞིང་ཅིང་ཏུང་ཧྥང་མཐུན་ཚོགས་ཀྱི་རྒྱལ་ཡོངས་ཀྱི་གློག་འདྲེན་ཕྱེད་གཟུགས་ཐོན་སྐྱེད་རྟེན་གཞི ༧ གྱི་གྲས་ཀྱི་གཅིག་ནི་འདི་པ་ཡིན་པ་རེད། ན་ནིང་གི་སྤྱི་ཟླ ༣ པའི་ནང་དུ་དངོས་སུ་ཐོན་སྐྱེད་བྱེད་སྒོ་ཚུགས་པ་དང་ད་ལོའི་ཟླ ༣ པའི་ནང་དུ་ཐོན་སྐྱེད་འཆར་གཞི་འཐིམ་ཞིང་། ལོོ་རེའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར ༡༥༠ ཟིན་རྒྱུ་ཡིན་པའི་ཚོད་བགམ་བྱེད་བཞིན་འདུག

འབྲེལ་ཡོད་རྩོམ་ཡིག