ཟླ ༡ པའོ་ཚེས ༥ ཉིན། ཨ་རིའི《ཧེ་ཧྥུན་ཏོན་སྦྲགས་ཚགས》ཀྱིས་གནས་ཚུལ་སྤེལ་དོན། ཉེ་ཆར། ཨ་རིའི་ཕོ་གསར་མཱ་ཞིའུ་ཡི་ལུས་སྟེང་ལ་ཁབ་མིག ༤༧༤༥ ཙམ་བརྒྱུས་པའི་བརྙན་ཐུང་ཞིག་དྲ་བའི་སྟེང་དུ་གྲགས་པས་ཚང་མས་དོ་སྣང་ཆེན་པོ་བྱས་འདུག
བརྙན་ཐུང་དེའི་ཁྲོད་དུ། མཱ་ཞིའུ་ཡི་རྒྱབ་དང་དཔུང་བར་སྐམ་ཁབ་ཕྲ་མོས་ཁེབས་འདུག་ཅིང་། ད་དུང་གྲལ་དག་ལ་ཆ་སྙོམས་པའི་ངང་ནས་རིས་དབྱིབས་ཅིག་སྒྲིག་འདུག ལྟས་པ་ཙམ་གྱིས་རྒང་གི་ཚེར་མས་ཁེབས་པའི་མི་ཞིག་དང་གཉིས་སུ་མ་མཆིས། མི་ལུས་བཅོས་སྒྱུར་གྱི་ཆེད་མཁས་པ་ཧྥོ་ཁེ་སི་ཡིས་གསལ་བཤད་བྱས་པ་ལྟར་ན། འདི་ནི་གློ་བུར་དུ་བྱུང་བའི་ཁྱད་མཚར་གྱི་སྣང་ཚུལ་ཞིག་མ་ཡིན་ཏེ། ང་ཚོས ༢༠༡༤ ལོ་ནས་བཟུང་ལས་ཀ་འདིའི་མགོ་བརྩམས་ཡོད། སྐབས་དེ་དུས་ང་ཚོས་ཆུ་ཚོད ༨ དང་སྐར་མ ༡༢ བེད་སྤྱད་དེ་མཱ་ཞིའུ་ཡི་ལུས་སྟེང་ལ་ཁབ་མིག ༤༥༥༠ བརྒྱུས་པ་ཡིན། འོན་ཀྱང་སྐབས་དེ་དུས་མཱ་ཞིའུ་རྣམ་རིག་མི་གསལ་བར་གྱུར་ཏེ་བརྒྱལ་གྲབས་བྱས་སོང་། དེ་བས་ང་ཚོས་ཡང་བསྐྱར་ལོ་གཅིག་གི་དུས་ཚོད་བེད་སྤྱད་དེ་གྲ་སྒྲིག་བྱས་པ་ཡིན། ༢༠༡༥ ལོའི་ཟླ ༡༢ པར་ཆེས་མཇུག་མཐའི་ཚོད་ལྟ་བྱེད་དུས་ང་ཚོས་ཆུ་ཚོད ༩ དང་སྐར་མ ༡༣ བེད་སྤྱོད་བྱས་ཏེ་མཱ་ཞིའུ་ཡི་ལུས་སྟེང་ལ་ཁབ་མིག ༤༧༤༥ བརྒྱུ་ཐུབ་པས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གསར་པ་བཀོད།
མཱ་ཞིའུ་ཡིས་གསར་འགོད་པར་གསལ་བཤད་བྱེད་རྒྱུར། ང་ཚོས་ལས་ཀ་འདིར་འབད་དོན་ནི་རང་ཉིད་ཀྱི་མིང་ཐོ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་འགོད་པ་ཙམ་མ་ཡིན་པར། རོགས་དངུལ་མང་ཙམ་བསྡུས་ཏེ་ཁྱིམ་ལ་ལོག་ཐབས་མེད་པའི་འཁྱར་མི་རྣམས་ལ་རོགས་རམ་བྱེད་ཐུབ་པའི་ཆེད་དུ་ཡིན་ཟེར།