ཞི་ཅིན་ཕིང་དང་ཧུའུ་ནན་འཐུས་མི་ཚོགས་པས་མཉམ་དུ་དབུལ་སྐྱོར་གནད་འཁེལ་སྐོར་གྱི་གྲོས་ཞིབ་མཛད་དེ། ཧྲི་པ་ཏུང་གྲོང་ཚོའི་གྲོང་མིའི་གཉེན་སྒྲིག་དོན་ཆེན་ལ་དོ་ཁུར་བྱས་པ།
ཚེས8གྱི་སྔ་དྲོར། ཞི་ཅིན་ཕིང་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས། ཤང་ཞི་ཐུའུ་ཅ་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གོ་ཅན་ཆོན་གྱིས་གཏམ་བཤད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང2013ལོའི་ཟླ 11པར་ཧྲི་པ་ཏུང་གྲོང་ཚོར་བརྟག་བཤེར་དུ་ཡོང་བའི་རྣམ་པར་ཕྱིར་དྲན་བྱས་ཤིང་། ཉེ་བའི་ལོ་གཉིས་རིང་གི་དབུལ་སྐྱོར་གནད་འཁེལ་ཕྱོགས་ཀྱི་འཕེལ་རིམ་གནས་ཚུལ་ངོ་སྤྲོད་བྱས། ཞི་ཅིན་ཕིང་གིས་བཤད་རྒྱུར། ངས“དབུལ་སྐྱོར་གནད་འཁེལ”དངོས་སུ་གླེང་དུས་ནི་ཧྲི་པ་ཏུང་གྲོང་ཚོ་ཡིན། ཉིན་ཁ་ཤས་སྔོན་དུ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཧྲི་པ་ཏུང་གྲོང་ཚོའི་དབུལ་ཐར་གནས་ཚུལ་བསྒྲགས་པ་ངས་མཐོང་སོང་། “ད་ལྟ་མི་རེའི་ཆ་སྙོམས་ཡོང་སྒོ་ག་ཚོད་ཡོད་པ་རེད་དམ”སྤྱི་ཁྱབ་ཧྲུའུ་ཅིས་དེ་ལྟར་དྲིས། གོ་ཅན་ཆོན་གྱིས “ཁྱེད་རང་ལོ་དེར་ཕེབས་དུས་སྒོར1680ཡིན་ལ། ད་ལྟ་སྒོར3580ལ་སླེབས་ཡོད། ”ཞེས་ལན་བཏབ། གོ་ཅན་ཆོན་གྱིས་དེར་མཐུད་ནས་བཤད་རྒྱུར། ཧྲི་པ་ཏུང་གྲོང་ཚོའི་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་། གྲོང་ཚོའི་རྣམ་པ་ཡང་ཡོངས་སུ་འགྱུར་སོང་། གྲོང་མིའི་གདོང་གི་འཛུམ་མདངས་ཇེ་མང་དུ་སོང་ཞིང་། བརྩོན་སེམས་ཀྱང་ཇེ་དྲག་ཏུ་སོང་ཡོད། དེ་མ་ཟད་ན་གཞོན་རྒན་གྲས་ཀྱིས་ཆུང་མ་ལེན་དཀའ་བའི་གནད་དོན་ཡང་ལས་སླ་མོར་གྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ན་ནིང་མི་ག་ཚོད་ཀྱིས་ཆུང་མ་བླངས་པ་རེད་དམ ”ཞེས་དྲིས་པར། གོ་ཅན་ཆོན་གྱིས“མི་བདུན་གྱིས་ཆུང་མ་བླངས་པ་རེད ”ཅེས་ལན་བཏབ་པས། འཐུས་མི་རྣམས་ཀྱི་དགོད་སྒྲ་དབང་མེད་དུ་ཤོར། ཁུལ་ཡོངས་སུ་ད་དུང་དབུལ་ཕོངས་མི་འབོར་ཁྲི50ཡོད་པ་གསན་རྗེས། ཞི་ཅིན་ཕིང་གིས“ཆ་རྐྱེན་ཧྲི་པ་ཏུང་ལས་ཀྱང་ཞན་པ་ག་ཚོད་ཡོད་དམ”ཞེས་དྲིས། གོ་ཅན་ཆོན་གྱིས་བཤད་རྒྱུར། ཧྲི་པ་ཏུང་གྲོང་ཚོའི་ཆ་རྐྱེན་ནི་འབྲིང་ཙམ་རེད། སྤྱི་ཁྱབ་ཧྲུའུ་ཅིས་མུ་མཐུད་དུ“དེ་ལས་ཞན་པ་ག་ཚོད་ཡོད་དམ ”ཞེས་དྲིས། གོ་ཅན་ཆོན་གྱིས“ཧ་ལམ་ཕྱེད་ལ་ཉེ་བ་ཡོད ”ཅེས་ལན་བཏབ། ཞི་ཅིན་ཕིང་གིས་ས་དེའི་ཏང་ཨུ་དང་སྲིད་གཞུང་གིས་ཤུགས་ཚད་ཇེ་ཆེར་བཏང་སྟེ། རང་སའི་མང་ཚོགས་ཀྱི་སྣེ་ཁྲིད་མཛད་ནས་སྔ་མོ་ནས་དཀའ་སྤྱད་འབད་བརྩོན་གྱིས་དབུལ་ཐར་བྱ་དགོས་པའི་བླང་བྱ་བཏོན།
ཞི་ཅིན་ཕིང་གིས་འབྲུ་རིགས་ཞིང་ལ་འདེབས་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་པ་མངོན་འགྱུར་བྱ་དགོས་གསུང་།
ཧུའུ་ནན་ནི་ཞིང་ལས་ཞིང་ཆེན་ཆེ་གྲས་ཡིན། ཚེས8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧུའུ་ནན་འཐུས་མི་ཚོགས་པར་ཞུགས་ཏེ་གྲོས་ཞིབ་མཛད་ཅིང་། གཞི་རིམ་འཐུས་མིའི་ཞིང་ལས་གནད་དོན་སྐོར་གྱི་བསམ་འཆར་ལ་གསན། འཐུས་མི་ལིའུ་ཀྲིན་ཅུང་གིས་འཁོར་སྲུང་ཚན་རྩལ་ཕྱོགས་ནས་ཀེའི་འདུས་ཚད་ཚད་ལས་བརྒལ་བ་ཚོད་འཛིན་བྱེད་པའི་ལག་རྩལ་གླེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ལག་རྩལ་དེའི་ཁྱད་ཆོས་དང་འགྲོ་གྲོན། བཅོས་སྐྱོང་དུས་ཡུན་སོགས་གསལ་བོར་དྲིས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞིང་ལས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བཏང་ནས། ཚན་རྩལ་རྟེན་གཞིར་བཟུང་སྟེ་དེང་རབས་ཞིང་ལས་ཀྱི་འཕེལ་ལམ་དུ་བསྐྱོད་པ་དང་། འབྲུ་རིགས་དེ་ཞིང་ལ་འདེབས་པ་དང་། འབྲུ་རིགས་དེ་ལག་རྩལ་ལ་བརྟེན་པ་མངོན་འགྱུར་བྱ་དགོས།
ཞི་ཅིན་ཕིང་གིས་ཧུའུ་ནན་ཧིན་དབྱང་ནས་འདེམ་སྐོར་གཏོར་བརླག་བཟོས་པ་དང་སི་ཁྲོན་ནན་ཁྲོན་ནས་འདེམ་ཤོག་གཡོ་འཐེན་དང་ལྐོག་རྔན་བརྫངས་པའི་གྱོད་དོན་གྱི་བསླབ་བྱ་ཡིད་ལ་འཛིན་དགོས་པར་བསྐུལ།
ཚེས8ཉིན་གྱི་སྔ་དྲོར་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་དུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་དང་སང་ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་དང་ཤང་ཡོངས་སུ་འགོ་ཁྲིད་སྐབས་བརྗེའི་དུས་ལ་བབས་ཡོད། ཧུའུ་ནན་ཧིན་དབྱང་ནས་འདེམ་སྐོར་གཏོར་བརླག་བཟོས་པ་དང་སི་ཁྲོན་ནན་ཁྲོན་ནས་འདེམ་ཤོག་གཡོ་འཐེན་དང་ལྐོག་རྔན་བརྫངས་པའི་གྱོད་དོན་གྱི་བསླབ་བྱ་ཡིད་ལ་འཛིན་དགོས་པ་དང། གཅིག་ལའང་ཀུ་ཡངས་མི་གཏོང་བའི་ཆབ་སྲིད་རྣམ་འགྱུར་དང་། ཁྲིམས་འཁེལ་གོ་རིམ་ཚད་ལྡན་དང་ནན་ཏན་ཡིན་པ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་བྱ་བའི་ནང་རྐྱེན་འཛོམས་པ། སྒྲིག་ལམ་གྱི་བླང་བྱ་གཟབ་ནན་ཡིན་པ་བཅས་ལ་བརྟེན་ནས་སྣང་ཚུལ་དེའི་རིགས་རྩ་བ་ནས་འགོག་དགོས།
ཞི་ཅིན་ཕིང་གིས་མཁོ་འདོན་ཕྱོགས་ཀྱི་བཅོས་སྒྱུར་གླེང་དུས“འཕྲི་སྣོན”བྱེད་ཐབས་ལ་ཚོད་འཛིན་བྱ་དགོས་གསུང་།
ཞི་ཅིན་ཕིང་ཚེས8ཉིན་གྱི་སྔ་དྲོ་ཧུའུ་ནན་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་དུས། འཐུས་མི་ཞིག་གིས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་བཅོས་སྒྱུར་དང་ཟུང་འབྲེལ་བྱས་ཏེ་ཧུའུ་ནན་དེ་མགྱོགས་པོར་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་པའི་ཐད་ནས་གྲོས་འཆར་བཏོན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་བཅོས་སྒྱུར་དེ་ནི་ལས་སླ་མོ་ཞིག་མིན། དེ་ལ“འཕྲི་སྣོན”གྱི་བྱེད་ཐབས་སྤྱད་ནས་ཚོད་འཛིན་བྱ་དགོས། རྒྱུ་ཆ་མང་སྣོན་བྱས་ནས་དཔལ་འབྱོར་གྱི་སྤྱིའི་རིན་ཇེ་མང་དུ་གཏོང་དགོས་ལ། ཕན་འབྲས་མེད་པ་དང་ཚད་དམའ་བའི་མཁོ་འདོན་ཉུང་འཕྲི་བྱེད་པ་དང་། ཕན་འབྲས་མཐོ་ཞིང་མཁོ་འདོན་འབྲིང་གྲས་དང་མཐོ་གྲས་ཀྱི་རིགས་རྒྱ་བསྐྱེད་ནས། རྒྱུ་ཆ་ཐོན་སྐྱེད་བྱེད་ཚད་མཐོར་འདེགས་སུ་གཏོང་དགོས།
ཞི་ཅིན་ཕིང་གིས་དམངས་ལ་གང་མཁོ་ཞིང་ཅི་དྲནན་ང་ཚོས་ཁོ་ཚོར་ཞབས་འདེགས་ཞུ་དགོས་གསུང་།
ཞི་ཅིན་ཕིང་ཚེས8གྱི་སྔ་དྲོར་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་དུས་དམངས་འཚོའི་མི་འདང་ས་ཁ་བསྐང་དགོས་ཟེར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཞི་ཅིན་ཕིང་གི་རྒྱལ་ནང་གི་རྟོག་ཞིབ་ལམ་ཐིག་དེ་དབུལ་ཕོངས་གྲོང་ཚོ་མང་པོར་ཁེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུང་རྒྱུར། “བྱ་བ་འཛིན་ན་དྲེད་མོང་གིས་རི་བོང་འཛིན་པ་ལྟར་བྱས་ན་མི་འགྲིག སོང་ས་བསྡད་སར་གནད་དོན་ཐག་བཅད་མ་བཅད་ཕྱིར་འདྲི་བྱ་དགོས། འབྲེལ་ཡོད་སྡེ་ཁག་ཚང་མས་མི་མངགས་ནས་ལྟ་རུ་སོང་མྱོང་། ཁ་ཤས་ཀྱིས་འཚམས་འདྲི་བྱེད་པ་དང་། ཁ་ཤས་ཀྱིས་འཚམས་འདྲི་མི་བྱེད། མང་ཆེ་བས་ཏན་ཏིག་སྒོས་དངོས་འབེབ་བྱེད་པར་འབད་འབུངས་བྱེད་ཀྱིན་འདུག དེ་ནི་ཤིན་ཏུ་ལེགས”ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “དམངས་ཉིད་གཞི་རྩར་འཛིན་པ་རྒྱུན་འཁྱོངས་དང་། དམངས་ལ་གང་མཁོ་ཞིང་ཅི་དྲན་ན་ང་ཚོས་ཁོ་ཚོར་ཞབས་འདེགས་ཞུ་དགོས།”
ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བུད་མེད་སྤུན་ཟླ་ཡོངས་ལ་དུས་ཆེན་གྱིས་འཚམ་འདྲི་ཞུས་པ།
ཚེས8པའི་སྔ་དྲོར། ཞི་ཅིན་ཕིང་ཚེས8གྱི་སྔ་དྲོར་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་དུས།ཏག་ཏག་གསུམ་བརྒྱད་བུད་མེད་དུས་ཆེན་ལ་འཁེལ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་དང་རྒྱལ་སྲིད་སྤྱི་ཁྱབ་གི་ཚབ་བྱས་ཏེ། བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་བྱེད་པ། དེ་མིན་རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་སྟེང་གི་བུད་མེད་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་ཞུས། ཚོགས་འདུ་གྲོལ་ཁར་ཞི་ཅིན་ཕིང་གིས་འཐུས་མི་རྣམས་ལ་ལག་འཇུ་བྱས་ཏེ་གྱེས་ཕྱག་ཕུལ། བུད་མེད་འཐུས་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་བསྐོར་ནས་བཀའ་དྲིན་ཞུས། ཞི་ཅིན་ཕིང་གིས་ཡང་བསྐྱར་བུད་མེད་སྤུན་ཟླ་ཡོངས་ལ་རྟེན་འབྲེལ་ཞུས།