ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཕང་ལི་ཡོན་གྱིས་ཕོ་ལན་ཙུང་ཐུང་གི་སྐུ་ཟླ་ཨ་ཅ་ཐ་དང་མཉམ་དུ་ཤའོ་པང་དངོས་མང་གཤམས་མཛོད་ཁང་ལ་གཟིགས་པ།

2016-06-21
        ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༢༠ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕང་ལི་ཡོན་གྱིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ཡི་སྐུ་ཟླ་ཨ་ཅ་ཐ་དང་མཉམ་དུ་ཧྭ་ཧྲ་དུ་ཤའོ་པང་དངོས་མང་གཤམས་མཛོད་ཁང་ལ་གཟིགས་སྐོར་གནང་ཡོད་པ་རེད།
        ཕང་ལི་ཡོན་དང་ཨ་ཅ་ཐས་གླུ་གཞས་ཚོམ་ཆེན་ཆུང་ངུར་ཕེབས་ནས། ཕོ་ལན་གྱི་གཞོན་ནུ་ཀང་ཆིན་གཏོང་མཁན་མཁས་པས་ཤའོ་པང་གི་གྲགས་ཅན་རོལ་དབྱངས་དཀྲོལ་གཏོང་བྱས་པར་གསན་ཡོད་པ་རེད། ཕང་ལི་ཡོན་གྱིས། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོར་སྒྱུ་རྩལ་རིག་གནས་ཟབ་མོ་ལྡན་ཡོད་པ་དང་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་སྒྱུ་རྩལ་གྱི་སྲོལ་རྒྱུན་དང་ཁྱད་ཆོས་ལྡན་ཡོད་པས། ཕྱོགས་གཉིས་པོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། རིག་གནས་སྤེལ་རེས་ཐད་མཉམ་ལས་བར་ཁམས་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྨང་གཞིའི་ཐོག ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག