ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཐེངས་ཐོག་མ་གཉེར་བ།

2016-09-20
ཀ +

        ཟླ་9ཚེས་18ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཐེངས་ཐོག་མ་གཉེར་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པའི་མཛད་སྒོར་ལྟ་སྐུལ་གནང་།
        《རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་》དང་《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྒྲིག་འཛུགས་བྱེད་ཐབས་》ལ་གཞིགས་ཏེ་འདི་ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་བཞག་བྱས་པའི་སྡེ་ཁག་དང་། ཐད་གཏོགས་ཆེད་བཙུགས་ལས་ཁུངས། ཐད་གཏོགས་ལས་ཁུངས། ལས་སྒྲུབ་ལས་ཁུངས། ཐད་གཏོགས་བྱ་ལས་སྡེ་ཚན་བཅས་38ཀྱི་འགན་ཁུར་མི་སྣ་55ཡིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་གཉེར་བ་རེད།
        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་ཁང་ཆུང་བའི་ནང་རྔམ་བརྗིད་ལྡན་པའི་རྒྱལ་དར་བཀལ་ཡོད་ལ། རྣམ་པ་གཟབ་རྒྱས་ལྡན། དམ་བཅའ་འཇོག་པའི་སྟེགས་བུའི་ཐོག་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》བསྒྲིགས་ཡོད་པ་རེད།
        རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེ་མོ་གཅིག་ལྕོགས་དབྱང་ཅིང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་འཛུགས་པ་ཁྱབ་བསྒྲགས་གནང་བ་དང་། ཚོགས་ཁང་ནང་ཡོད་པའི་མི་ཚང་མ་ཡར་ལངས་ཏེ་གདོང་རྒྱལ་དར་ལ་གཏད་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེ་ནས་དམ་བཅའ་འཇོག་སྣེ་འཁྲིད་མཁན་གྱིས་ལག་པ་གཡོན་པས་དེབ་རྩ་ཁྲིམས་ཐོག་མནན་པ་དང་། ལག་པ་གཡས་པ་ཁུ་ཚུར་བཅངས་ནས་ཡར་སྒྲེང་བཞིན་དམ་བཅའི་ཚིག་སྒྲོག་སྦྱང་བྱས་ཤིང་། དམ་བཅའ་འཇོག་མཁན་གཞན་དག་རུ་བསྒྲིགས་ནས་ལངས་པ་དང་། ལག་པ་གཡས་པ་ཁུ་ཚུར་བཅངས་ནས་ཡར་སྒྲེང་བཞིན་དམ་བཅའ་འཇོག་སྣེ་འཁྲིད་མཁན་རྗེས་འབྲང་གིས་དམ་བཅའི་ཚིག་གྱེར་འདོན་བྱས་པ་རེད།
        "ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱས་ཏེ་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་། ཁྲིམས་བཀོད་འགན་འཁྲི་ལེགས་སྒྲུབ། མེས་རྒྱལ་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་བློ་དཀར་སེམས་དཀར། རང་འགན་ནན་སྒྲུབ་དང་སྤྱོད་གཙང་གཞུང་གཞོལ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་ལ་ཤེས་དཔལ་རྒྱས་ཤིང་ཞི་མཐུན་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་དམ་བཅའ་འཇོག་གི་ཡིན"ཞེས་དམ་བཅའ་བཞག་པ་རེད། 
         དམ་བཅའ་བཞག་རྗེས་ལི་ཁེ་ཆང་གིས་ཚང་མར་དམ་བཅའི་ཚིག་ལག་ལེན་དུ་བསྟར་བ་དང་། རང་འགན་ནན་སྒྲུབ། འབད་བརྩོན་ལྷོད་མེད་བཅས་བྱ་དགོས་པའི་སྐུལ་མ་གནང་བ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་། ཝང་དབྱང་། མཱ་ཁའེ། རྒྱལ་དོན་ཨུ་ཡོན་ཁྲང་ཝན་ཆོན། དབྱང་ཅེ་ཁྲི། ཀུའོ་ཧྲི་ཁུན་བཅས་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་སོགས་མཛད་སྒོར་ཞུགས་པ་རེད།

འབྲེལ་ཡོད་རྩོམ་ཡིག