ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་གྲོས་མོལ་གནང་བ།

2016-07-07

       ཟླ་7ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་གྲོས་མོལ་གནང་བ་རེད། གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ས་སུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཙུང་ཐུང་ས་སུའུ་སྟེང་གཅལ་དང་མཉམ་དུ་སྐུ་པར་བསྐྱོན་པའི་གནས་ཚུལ་ཡིན་པ།

ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ས་སུའུ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཁོང་ཀོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་གཉིས་ཕན་གྱི་མཉམ་ལས་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་དང་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་རྒྱུའི་ཐུགས་ཐག་བཅད་པ་རེད།

ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཁོང་ཀོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་52རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་མཛའ་གྲོགས་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཏེ་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཡོད། ད་ཕན་ལོ་ཤས་རིང་ཀྲུང་གོ་དང་ཁོང་ཀོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅེས་གསུངས་པ་རེད།

ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཁོང་ཀོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་གི་སྤུན་གྲོགས་ཡག་པོ་ཞིག་བྱེད་དགོས། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཇུས་འགོད་དང་འཕེལ་རྒྱས་གཏོང་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། སྲིད་འཛིན་ཏང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སྲིད་གཞུང་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་པོ་ཞིག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོས་ཧེ་ཅོའོ་དཔལ་འབྱོར་དམིགས་བསལ་ཁུལ་གསར་སྤེལ་བྱ་རྒྱུ་སྣེ་འདྲེན་དུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཐོན་ལས་འབྲེལ་མཐུད་དང་ཐོན་ནུས་མཉམ་ལས་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁོང་ཀོའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱས་ཏེ་དཔལ་འབྱོར་སྣེ་མང་ཅན་དང་རང་བདག་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་དང་། ཞིང་ལས། ས་ཁོངས་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡག་པོ་ཞིག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། ན་གཞོན། བུད་མེད། སྨྱན་སྦྱོར། ཇུས་འདོན་ཚོགས་པ། མཐོ་སློབ། ས་གནས་བཅས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་སྟེ་རྒྱུན་ཆད་མེད་པར་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཀྱི་དམངས་ཀྱི་འདོད་བློ་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་རྒྱལ་སྤྱིའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་ཨ་ཧྥེ་རི་ཁའི་ཞི་བདེ་བདེ་འཇགས་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་མཐུད་དང་མཉམ་ལས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲང་བདེན་དབང་ཆ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་འཆི་གསོན་མཉམ་གནས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་གཉིས་ཁེ་གཉིས་ཕན་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཅིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་ཐད་གཉིས་ཀར་དགོས་མཁོ་དང་ལེགས་ཆ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་མཛའ་བརྩེའི་སྒོ་ནས་ཨ་ཧྥེ་རི་ཁར་ཕྱོགས་པའི་སྲིད་ཇུས་དང་བྱེད་ཕྱོགས་དང་། ཡང་དག་དྲང་ཁེའི་ལྟ་བར་བརྟེན་ནས་ཨ་ཧྥེ་རི་ཁའི་མཛའ་གྲོགས་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ“མཉམ་ལས་འཆར་གཞི་ཆེན་པོ་བཅུ”ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་འཕེལ་རྒྱས་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱས་ནས་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ས་སུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཁོང་ཀོ་དང་ཀྲུང་གོའི་འབྲེལ་བ་སྲ་ཞིང་བརྟན་པ་ཞིག་ཡོད་ལ་ལོ་མང་རིང་རྒྱལ་ཁབ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། གློག་འཕྲིན། ཆུ་གློག འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཁོང་ཀོ་དང་ཨ་ཧྥེ་རི་ཁའི་དེ་མིན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་ལས་དོན་ཁྲོད་ཀྲུང་གོས་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཐོག་ཁྱབ་བསྒྲགས་གནང་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུར”ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཁོང་ཀོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་དང་དེ་བཞིན་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་འདོད་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཕྱོགས་གཉིས་པོས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་དང་། ཐོན་ནུས། ཚོང་དོན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཁོང་ཀོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཁོང་ཀོ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

འབྲེལ་ཡོད་རྩོམ་ཡིག