ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དེ་རིང་སྔ་དྲོར་ཞི་ཅིན་ཕིང་གིས་གོ་མིན་ཏང་གི་ཀྲུའུ་ཞི་ཀྲོའུ་ལི་ལུན་ལ་མཇལ་འཕྲད་གནང་།

2015-05-04

དེ་སྔོན་གཏན་ཁེལ་བྱས་པའི་དུས་ཚོད་བཀོད་སྒྲིག་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོར་པེ་ཅིན་ནས་གོ་མིན་ཏང་གི་ཀྲུའུ་ཞི་ཀྲོའུ་ལི་ལུན་ལ་མཇལ་འཕྲད་གནང་རྒྱུ་རེད། དེ་རིང་ཕྱི་དྲོར། ཀྲོའུ་ལི་ལུན་པེ་ཅིན་སློབ་ཆེན་དུ་ཕྱིན་ནས་དགེ་སློབ་རྣམས་ལ་འཆད་ཁྲིད་སྤེལ་རྒྱུ་ཡིན་ལ། དེའི་རྗེས་སུ་རི་བོ་རྩེ་ལྔའི་པེའུ་ཡུན་དགོན་དུ་སོང་ནས་སུན་ཀྲུང་ཧྲན་གྱི་གྱོན་ཆས་བང་སོ་ལ་མཇལ་རྩིས་ཡོད་པ་དང་། དོ་དགོང་ཕྱིར་ཐེ་ཝན་དུ་ཕྱིར་ལོག་རྒྱུ་ཡིན་པ་རེད།

ཁ་སང་། ཅིན་ཧྭ་དུས་ཚགས་ཀྱི་གསར་འགོད་པས་རི་བོ་རྩེ་ལྔའི་སྤྱི་གླིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཚོས་ཕལ་ཆེར་གཟའ་འཁོར་གཅིག་གི་ཡར་སྔོན་ནས། གོ་མིན་ཏང་གི་ཀྲུའུ་ཞི་ཀྲོའུ་ལི་ལུན་གྱིས་དེ་རིང་ཕྱི་དྲོར་སུན་ཀྲུང་ཧྲན་གྱི་གྱོན་ཆས་བང་སོར་མཇལ་སྐོར་བྱ་རྒྱུ་ཡིན་པའི་བརྡ་སྦྱོར་དེ་འབྱོར་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ༡༩༢༥ ལོར་བློ་མཐུན་སུན་ཀྲུང་ཧྲན་པེ་ཅིན་ནས་སྐུ་གཤེགས་པ་དང་། སྔོན་ཆད་ཁོང་གི་སྐུ་པུར་པེའུ་ཡུན་དགོན་ལ་ལོ ༤ བའི་རིང་བཞག་མྱོང་། ༡༩༢༩ ལོར་ད་གཟོད་ནན་ཅིན་གྱི་ཀྲུང་ཧྲན་བང་སོ་ལེགས་འགྲུབ་བྱུང་བ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྲུའུ་ལི་ལུན་པེའུ་ཡུན་དགོན་གྱི་ཀྲུང་ཧྲན་གྱོན་ཆས་བང་སོ་ལ་མཇལ་དུ་ཡོང་བར་སྣེ་ལེན་བྱེད་ཆེད། རི་བོ་རྩེ་ལྔའི་སྤྱི་གླིང་གིས་ཁོར་ཡུག་དང་བདེ་འཇགས་ཕྱོགས་ནས་གྲ་སྒྲིག་འཐུས་ཚང་བྱས་ཡོད་པ་མ་ཟད། རི་བོ་རྩེ་ལྔའི་སྤྱི་གླིང་གི་ཕུལ་བྱུང་ཡུལ་སྐོར་མཛུབ་སྟོན་པ་ཅྭ་ལི་ཡིས་བརྒྱུད་རིམ་ཡོངས་ལ་འགྲེམ་བཤད་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད།

རི་བོ་རྩེ་ལྔའི་སྤྱི་གླིང་གི་དོ་དམ་ཁྲུའུ་ཡི་འགན་ཁུར་མི་སྣས་བཤད་རྒྱུར། འབྲེལ་ཡོད་སྡེ་ཁག་གི་བརྡ་སྦྱོར་འབྱོར་རྗེས། རི་བོ་རྩེ་ལྔའི་སྤྱི་གླིང་གིས་པེའུ་ཡུན་དགོན་གྱི་ནང་ལོགས་དང་ཉེ་འགྲམ་སོགས་ཀྱི་ཁོར་ཡུག་གཙང་སྤྲ་དང་བཀོད་སྒྲིག་ཡག་པོ་བྱས་ཡོད།

བདེ་སྲུང་ཐད་ནས། འགན་ཁུར་མི་སྣ་དེ་ཡིས་བཤད་རྒྱུར། པེའུ་ཡུན་དགོན་ནི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་སྡེ་ཁག་ཏུ་གཏོགས་པས། དགོན་པའི་ནང་ལོགས་སུ་ལྟ་འཛིན་སྒྲིག་ཆས་བཙུགས་ཡོད། གཟའ་འཁོར་གཅིག་ལྷག་རིང་དུ། ལས་སྒྲུབ་མི་སྣ་ཚོས་བསྐྱར་དུ་པེའུ་ཡུན་དགོན་གྱི་བདེ་སྲུང་སྒྲིག་ཆས ༣༠ ལྷག་ཡོད་པ་ཚང་མར་ཞིབ་བཤེར་བྱས་པ་མ་ཟད། སྐོར་ཞིབ་ལས་དོན་ཇེ་དྲག་བཏང་ཡོད།

དེ་ལས་གཞན། ཐེངས་འདིར་འགྲེལ་བཤད་ཀྱི་ལས་འགན་ཁུར་བའི་ཡུལ་སྐོར་མཛུབ་སྟོན་པའི་མིང་ལ་ཅྭ་ལི་ཟེར་ཞིང་། ཅྭ་ལི་ཡིས་སྔོན་ཆད་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གལ་ཆེན་སྣེ་ལེན་གྱི་ལས་འགན་ཐེངས་མང་སྒྲུབ་མྱོང་ཡོད། བཀོད་སྒྲིག་ལྟར་ན། ད་ཐེངས་ཁོ་མོས་གཙོ་བོ་པེའུ་ཡུན་དགོན་ནང་ལོགས་ཀྱི་མཛེས་ལྗོངས་དང་ལོ་རྒྱུས་སྐོར་འགྲེམ་བཤད་ཅུང་ཙམ་བྱེད་རྒྱུ་ཡིན་པ་དང་། གཙོ་བོ་བློ་མཐུན་སུན་ཀྲུང་ཧྲན་དང་པེའུ་ཡུན་དགོན་བར་གྱི་འབྲེལ་བ་ངོ་སྤྲོ་བྱ་རྒྱུ་ཡིན་པ་རེད།

ཁ་བྱང་ཕྱི་མོ། དེ་རིང་སྔ་དྲོར་ཞི་ཅིན་ཕིང་གིས་གོ་མིན་ཏང་གི་ཀྲུའུ་ཞི་ཀྲོའུ་ལི་ལུན་ལ་མཇལ་འཕྲད་གནང་།

འབྲེལ་ཡོད་རྩོམ་ཡིག