ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨེ་ཅིབ་ཀྱི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན།

2015-05-01

ཚེས ༢༧ ཉིན་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་ཨེ་ཅིབ་ཀྱི་སྔོན་ཐོན་ངལ་རྩོལ་འཐུས་མི ༡༢ ལ“ཆེས་མཐོའི་ལྔ་གཅིག་ངལ་རྩོལ་བྱ་དགའི་རྟགས་མ”ཐོག་མར་སྤྲད་པ་དང་། ཨེ་ཅིབ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཙུང་ཐུང་ལ《ངལ་རྩོལ་པའི་བྱ་སྤྱོད་བསྒྲགས་གཏམ》ཕུལ་ཞིང་། རྣམ་ཀུན་ངལ་རྩོལ་དུས་ཆེན་ཉིན་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱང་འདི་ལོའི་ངལ་རྩོལ་དུས་ཆེན་སྔ་སྣུབ་ཏུ་ཨེ་ཅིབ་ཉིད་ལྷག་པར་དབེན་འཇགས་སུ་གནས།

ལས་རིགས་ཁག་ནས་ཡོང་བའི་ངལ་རྩོལ་པའི་འཐུས་མི ༡༢ ཀྱིས་ཉེན་རྟོག་པའི་སློབ་གླིང་དུ་བྱ་དགའི་རྟགས་མ་བླངས་ཤིང་། བྱ་དགའ་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་ཨེ་ཅིབ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞིས་སའེ་ཤིས་ལ《ངལ་རྩོལ་པའི་བྱ་སྤྱོད་བསྒྲགས་གཏམ》ཕུལ་བ་རེད།

རྒྱལ་ཁབ་མང་པོ་དང་འདྲ་བར་ཨེ་ཅིབ་ཀྱིས་ཀྱང་ངལ་རྩོལ་དུས་ཆེན་དེ་གཞུང་ཕྱོགས་ཀྱི་ངལ་གསོའི་ཉིན་མོར་རྩི་ཡི་ཡོད། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་ལ་ཉེ་བའི་མཚམས་སུ་ཨེ་ཅིབ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ངག་བཅད་ངོ་རྒོལ་དང་ལས་མཚམས་བཞག་ནས་རྔམ་སྟོན་མི་བྱེད་པའི་འབོད་སྐུལ་བྱས་པ་ལས་ད་ཆའི་ཨེ་ཅིབ་ཀྱི་དུས་བབ་ལྷིང་འཇགས་ཡིན་པ་ཤེས་ཐུབ། འདི་ལོའི་ངལ་རྩོལ་དུས་ཆེན་གོང་གི“ལྷིང་འཇགས”ལས་ད་ཆ་ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་ངོའི་ཟུར་ཞིག་མཚོན་པ་དང་། ཨེ་ཅིབ་ཀྱི་མི་ཤུགས་ཐོན་ཁུངས་པུའི་གྲངས་གཞིར་གཞིགས་ན། ན་ནིང་ཨེ་ཅིབ་ལ་ལས་ཞུགས་ལས་གནས་གསར་འཕར་བྱུང་བ་ཁྲི ༢༥ ལས་བརྒལ་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག