ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨོ་བྷ་མ་དང་ཁཱ་སི་ཐི་རོ་གཉིས་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀར་འབྲེལ་ལམ་གསར་བ་བཏོད།

2015-04-29

ཡུལ་དེའི་ཚེས ༡༡ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཁུ་པའི་སྲིད་འཛིན་རོ་ཨར་ཁཱ་སི་ཐི་རོ་གཉིས་ཕ་ན་མར་བསྡུས་པའི་སྐབས་བདུན་པའི་གླིང་ཆེན་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་གི་དབུ་འཛིན་གྲོས་ཚོགས་སྐབས་མཇལ་འཕྲད་གནང་།འདི་ནི་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་དུས་རབས་ཕྱེད་ཀའི་རིང་ཐེངས་དང་པོར་མཇལ་འཕྲད་གནང་པ་ཡིན་ཏེ།ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་གསར་པ་བརྟོལ་པར་ཐུགས་རེ་ཆེན་པོ་བྱས་འདུག

ཕྱི་ཕྱོགས་གསར་ལམ་དུ་བཀོད་པ་ལྟར་ན།ཡུལ་དེའི་ཚེས ༡༠ ཉིན།གླིང་ཆེན་ཨ་མེ་རི་ཁའི་མཐོ་རིམ་གྲོས་ཚོགས་དེ་ཕ་ན་མ་ནས་འགོ་ཚུགས་ཤིང་།ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཁུ་པའི་སྲིད་འཛིན་རོ་ཨར་ཁཱ་སི་ཐི་རོ་གཉིས་ཀྱིས་ཕན་ཚུན་བར་འཚམས་འདྲི་གནང་པ་མ་ཟད་ཕྱག་འཇུས་གནང་ཞིང་།དེ་ནི་ཨ་རི་དང་ཁུ་པ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གྱི་འབྲེལ་ལམ་བསྐྱར་འཛུགས་བྱུང་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་གྱུར་ཡོད་པ་རེད།

ཀྲུང་གོའི་གསར་འགྱུར་དྲ་བས་ཝ་ཤིན་ཊོན་ནས་ཟླ ༤ པའི་ཚེས ༡༡ ཉིན་བཀོད་པའི་འཕྲིན་དུ།ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཁུ་པའི་སྲིད་འཛིན་རོ་ཨར་ཁཱ་སི་ཐི་རོ་གཉིས་ཕ་ན་མར་སྐབས་བདུན་པའི་གླིང་ཆེན་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་གི་དབུ་འཛིན་གྲོས་ཚོགས་སྐབས་མཇལ་འཕྲད་གནང་།འདི་ནི་རྒྱལ་ཁབ་གཉིས་ཀྱི་དབུ་འཛིན་དུས་རབས་ཕྱེད་ཀའི་རིང་ཐེངས་དང་པོར་མཇལ་འཕྲད་གནང་པ་ཡིན་ཏེ།ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱིས་འབྲེལ་ལམ་གསར་པ་བརྟོལ་པར་ཐུགས་རེ་ཆེན་པོ་བྱས་འདུག

ཉིན་དེའི་ཕྱི་དྲོར།གླིང་ཆེན་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་མཚོན་རྟགས་རྒྱབ་ལྗོངས་སུ་བཀོད་པའི་ཁང་པ་ཞིག་ཏུ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཁུ་པའི་འགོ་ཁྲིད་རོ་ཨར་ཁཱ་སི་ཐི་རོ་མཉམ་བཞུགས་སྒོས་མཇལ་འཕྲད་གནང་པ་མ་ཟད་ཕྱག་འཇུས་གནང་འདུགཡུལ་དངོས་ཀྱི་ཨ་རའི་གསར་ལམ་ཚན་པས་དོ་སྣང་བྱས་པ་ལྟར་ན།མཇལ་འཕྲད་ཀྱི་རྣམ་པ་དེ་འདྲའི་གཟབ་རྒྱས་མིན་ནའང་།ཕྱོགས་གཉིས་ཀས་བཞུགས་གནས་སུ་ཕོ་བྲང་དཀར་པོའི་ཟླུམ་གཟུགས་གཞུང་ཤག་ཏུ་ཉིན་རྒྱུན་ཕྱི་རྒྱལ་གྱི་དབུ་ཁྲིད་སྣེ་ལེན་བྱེད་པའི་ཚད་གཞི་དང་བཀོད་སྒྲིག་གཅིག་མཚུངས་གནང་འདུག

༡༩༥༩ ལོར་ཁུ་པའི་གསར་བརྗེར་རྒྱལ་ཁ་ལོན་རྗེས།ཨ་རིའི་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་ཁུ་པར་དགྲ་ཟླའི་སྡང་སེམས་བཅིངས་ཡོད་པ་དང་།༡༩༦༡ ལོར་ཨ་རི་དང་ཁུ་པའི་ཕྱི་འབྲེལ་གྱི་འབྲེལ་ལམ་བཅད་རྗེས། ཨ་རིའི་ཕྱོགས་ནས་ཁུ་པར་དཔལ་འབྱོར་དང་། དངུལ་རྩ་བཀག་སྡོམ་དང་ཉོ་ཚོང་མཚམས་འཇོག་པར་བསྒྲགས།འཐབ་འཁྲུག་མཇུག་རྫོགས་རྗེས།ཨ་རིས་མུ་མཐུད་དུ་དཔལ་འབྱོར་དང་ཆབ་སྲིད་སྟེང་ཁུ་པར་ཁེར་རྐྱང་དུ་བགྲད་པའི་སྲིད་ཇུས་ལག་བསྟར་གནང་པ་རེད།

འདས་པའི་དུས་རབས་ཕྱེད་ཀའི་རིང་གི་གོ་རིམ་དེ་བརྒྱུད་པའི་དབང་གིས།ཉིན་དེར་ཨོ་བྷ་མས་ཁཱ་སི་ཐི་རོ་དང་མཇལ་འཕྲད་གནང་པ་ནི"ལོ་རྒྱུས་རང་བཞིན་ལྡན་པའི་མཇལ་འཕྲད་ཐེངས་ཤིག་ཡིན་ལ"ད་ནི་སྲིད་ཇུས་གསར་པར་ཚོད་ལྟ་བྱེད་སྒང་རེད།ཨ་རིའི་ཕྱོགས་ནས་ཁུ་པར་ཐད་ཀའི་ཐུག་འཕྲད་གནང་དགོས་པ་མ་ཟད།ཕྱོགས་གཉིས་ཀ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་བགྲོད་ལམ་དུ་བསྐྱོད་སྒང་རེད་ཅེས་བསྟན་བྱུང་།

ཨོ་བྷ་མས་གསུང་བཤད་མཇུག་རྫོགས་རྗེས།ཁོ་རང་ཁཱ་སི་ཐི་རོ་དང་མཉམ་དུ་ཡར་བཞེངས་ཏེ་ཕྱག་འཇུས་གནང་འདུགདེར་མཐུད་ནས་ཁྰ་སི་ཐི་རོས་ཁོ་རང་ཨོ་བྷ་མའི་དགོངས་འཆར་ལ་མོས་མཐུན་ཡོད་ཚུལ་དང་།ཕྱོགས་གཉིས་ཀས་ཕན་ཚུན་གྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་པ་དང་ཆབས་ཅིག་མི་མཐུན་ཕྱོགས་ཀྱང་ཡོད་དེ།ཁོ་རང་ཉིད་ནས་ཨ་རི་དང་གདངས་གཅིག་ཏུ་གནད་དོན་ཡོད་ཚད་ལ་གྲོས་བསྡུར་བྱེད་པར་མོས་མཐུན་ཡོད་མོད།ཕྱོགས་གཉིས་ཀར་སྔར་བཞིན་རེ་སེམས་ཆེན་པོ་ཡོད་དགོས་ཞེས་དམིགས་བསལ་སྒོས་བརྗོད་བྱུང་།

ཁོས་མུ་མཐུད་དུ། "དེ་རིང་ཕྱོགས་གཉིས་ནས་གནད་དོན་རེ་འགར་བསམ་ཕྱོགས་མི་མཐུན་ཡོད་སྲིད་ནའང་། སང་ཉིན་མོས་མཐུན་གྱི་གྲོས་འཆམ་བཞག་ཆོག"ཟེར།

ཉིན་དེའི་སྔ་ཙམ་གྱི་ཆར་ཨོ་བྷ་མས་གླིང་ཆེན་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་གི་དབུ་འཛིན་གྲོས་ཚོགས་སུ་ཤིས་ཚིག་ཕུལ་དུས།ཨ་རིས་ཁུ་པའི་ཕྱོགས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་པ་ནི་ས་གནས་ཧྲིལ་པོའི་འབྲེལ་བའི་དཀྱོག་མཚམས་ཤིག་ཡིན་ལ།ཁོ་རང་དང་ཁཱ་སི་ཐི་རོ་དུས་མཉམ་དུ་རེབ་འདིའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་འདུག་པ་དེ་ནི་མ་གཞི་ནས་ལོ་རྒྱུས་རང་བཞིན་གྱི་དུས་མཚམས་ཤིག་རེད་ཅེས་བསྟན་བྱུང་།

ཉིན་དེར།གླིང་ཆེན་ཨ་མེ་རི་ཁའི་མཐོ་རིམ་གྲོས་ཚོགས་ལ་ཐེངས་དང་པོར་ཞུགས་མཁན་ཁཱ་སི་ཐི་རོས་གཏམ་བཤད་རིང་མོ་ཞིག་གི་ཁྲོད་འདས་པའི་དུས་རབས་ཕྱེད་ཀའི་རིང་དུ་ཨ་རིས་ཕྱོགས་ནས་ཁུ་པར་བཟུང་པའི་བྱེད་སྟངས་ཅི་རིགས་ཕྱིར་དྲན་བྱས་མོད།ཨོ་བྷ་མས་འདས་དོན་ལ་འགན་ཁུར་དགོས་དོན་མེད་ཅེས་བསྟན་བྱུང་།ཁོས་ཨོ་བྷ་མར་འཛིན་སྟངས་ལེགས་པོ་ཡོད་པ་དང་།ཨོ་བྷ་མ་ནི་ལུགས་མཐུན་ཞིག་ཡིན་ཏེ། ཁོས་རྒྱལ་ཚོགས་ནས་ཁུ་པར་ཉོ་ཚོང་བཀག་སྡོམ་བྱེད་པ་དེ་གློད་པར་འབད་བརྩོན་བྱེད་ཀྱིན་འདུག་ཅེས་བསྟན་བྱུང་།

ཨ་རི་དང་ཁུ་པའི་ལོ་རྒྱུས་རང་བཞིན་གྱི་མཇལ་འཕྲད་ལས་གཞན། རེབ་འདིའི་མཐོ་རིམ་གྲོས་ཚོགས་སྟེང་གཞན་དོ་སྣང་བྱ་རུང་པ་ཞིག་ནི་ཨ་རིས་ཁུ་པ"འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ"ཀྱི་མིང་ཐོ་ལས་བསྲུབས་པའི་གསལ་བསྒྲགས་སྤེལ་མིན་དེ་ཡིན་ལ།དེ་ནི་རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཁང་བསྐྱར་དུ་སྒོ་འབྱེད་པའི་བཀག་རྡོ་གཙོ་བོར་གྱུར་ཡོད་པ་རེད།མིག་སྔར། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་འབྲེལ་ཡོད་དཔྱད་ཞིབ་སྙན་ཞུ་ལེགས་འགྲུབ་བྱུང་བ་མ་ཟད་ཕོ་བྲང་དཀར་པོར་སྤྲད་ཚར་འདུགཨོ་བྷ་མས་ཐ་མའི་དགོངས་འཆར་འབྱོར་མ་ཐག་འཕྲལ་མར་བྱེད་ཐབས་འདོན་རྒྱུ་ཡིན་ཚུལ་བསྟན་བྱུང་།

ཁ་བྱང་ཕྱི་མོ།ཨོ་བྷ་མ་དང་ཁཱ་སི་ཐི་རོ་གཉིས་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀར་འབྲེལ་ལམ་གསར་བ་བཏོད།

འབྲེལ་ཡོད་རྩོམ་ཡིག