ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀུ་ཤུ་ནི་ཀྲུང་གོའི་ཚོང་རར་ཡོང་འབབ་ཆེས་མཐོ་བའི་ཚན་རྩལ་ཚོང་རྟགས་སུ་གྱུར་འདུག

2015-04-17 བཀྲ་རྒྱལ།

ཞིན་ལང་ཚན་རྩལ་གྱིས་ཟླ ༤ པའི་ཚེས ༡༧ ཉིན་སྤེལ་བའི་འཕྲིན་དུ། ཚོང་ར་ཞིབ་འཇུག་ཀུང་སིNewzooནས་བསྒྲགས་པའི་སྙན་ཞུ་གསར་པ་ཞིག་ཏུ་མངོན་པ་ལྟར་ན། ཁེ་སྤོགས་ཡོང་འབབ་ལ་བལྟས་ན། ཀུ་ཤུ་ནི་ཀྲུང་གོའི་ཚན་རྩལ་ཚོང་རྟགས་ཨང་དང་པོར་གྱུར་འདུག

སྙན་ཞུ་ལས། ཀུ་ཤུའི་ཀྲུང་གོའི་ཚོང་རའི་ལོ་རེའི་ཡོང་འབབ་ཨ་སྒོར་དུང་ཕྱུར ༣༩༧ ཡིན་ལ། ཀྲུང་གོའི་རྒྱལ་ཕྱི་དང་རང་སའི་ཚན་རྩལ་ཀུང་སི་ཡོངས་ལས་བརྒལ་འདུགཀུ་ཤུའི་གཞི་ཁྱོན་ཡང་ཐིན་ཞོན་ལས་བརྒལ་ཡོད་པ་དང་། ཧྭ་ཝེ་ལས་ཨ་སྒོར་དུང་ཕྱུརཨ ༧༥ དང་ལེན་ཞང་ལས་ཨ་སྒོར་དུང་ཕྱུར ༡༤༧ གྱིས་རིང་དུ་བརྒལ་འདུག་ལ། ཀྲང་གོའི་ཀུང་སི་དེ་གཉིས་ཀྱིས་ཀྱང་རིག་ནུས་ཁ་པར་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།

ཡོང་འབབ་ཀྱི་གཞི་གྲངས་ལྟར་ན། ཀུ་ཤུ་ཀྲུང་གོའི་ཚོང་རར་རྩེར་སོན་ཡོད་པས། ཀྲུང་གོའི་ཚོང་རར་ཞུགས་མཁན་རོལ་རྩེད་ཐོན་སྤེལ་མཁན་དག་གིས་ཚོང་ར་འདིར་དམིགས་ནསiOSརོལ་རྩེད་ཐོན་སྤེལ་བྱེད་འོས།

ཀུ་ཤུའི་ཡོང་འབབ་ཅུང་མཐོ་བ་ནི་བཙོང་ཚད་མ་ཡིན་པར། ཀུ་ཤུས་ཐོན་རྫས་རྩེ་གྲ་མཁོ་འདོན་གནང་པས་ཀྲུང་གོའི་འཛད་སྤྱོད་པའི་ཡིད་དབང་འགུག་ཐུབ་པར་གྱུར་པ་རེད།

Newzoo CEOཕེ་ཐྲིར་ཝར་མན(Peter Warman)གྱིས། "༢༠༡༣ལོའི་ཟླ ༩ པརiPhone 5sདང་རིན་གོང་དེ་ལས་ཅུང་དམའ་བའིiPhone 5cཐོན་སྤེལ་གནང་རྗེས། "དབྱེ་ཞིབ་མཁན་མང་པོསiPhone 5cཨེ་ཤ་ཡའི་ཚོང་ར་དང་ལྷག་པར་དུ་ཀྲུང་གོའི་ཚོང་རར་ཆེད་དུ་བཟོས་པའི་ཐོན་རྫས་སུ་གྱུར་པར་འདོད་ནའང་། ཀྲུང་གོར་ཀུ་ཤུའི་ཐོན་རྫས་འཚོང་བ་ཆེས་ལེགས་ཤོས་ནི་རིན་གོང་ཅུང་དམའ་བའིiPhone 5cལྟ་བུ་མིན་པར། དེ་ལས་རྩེ་གྲiPhone 5sདངiPhone 6། iPhone 6 PlusདངiPad། Macབ ཅས་རེད།

ཀུང་སི་གཞན་དག་ལ་མཚོན་ན། ཀུ་ཤུར་སློབ་སྦྱོང་བྱ་རན་ཡོད་པ་ཞིག་ནི་ཀུ་ཤུས་ཀྲུང་གོའི་ཚོང་རའི་འཛད་སྤྱོད་མཁན་ལ་དབྱེ་བ་དགར་མེད་པ་དེ་རེད། སྲོལ་རྒྱུན་གྱི་ངོས་ནས། ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁས་ཀྲུང་གོའི་ཚོང་ར་འཛིན་པར་ཀྲུང་གོ་རང་སའི་ཀུང་སི་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པ་མ་ཟད། རང་ས་ཅན་གྱི་བྱེད་ཐབས་བཏོན་པ་རེད་མོད། ཀུ་ཤུས་དེ་ལྟར་བྱས་མི་འདུག་པར། ཀུ་ཤུའི་ཀྲུང་གོའི་ཐོན་རྫས་བཙོང་ཐབས་ནི་ཚོང་ར་གཞན་དག་དང་ཧ་ལམ་འདྲ་ཞིང་བྱེད་ཐབས་དེ་དག་གིས་ནུས་པའང་མི་དམན་པ་ཐོན་ཡོད་པ་རེད།

དེས་ཀྲུང་གོའི་ཚོང་རའི་ལོ་རེའི་ཨ་སྒོར་དུང་ཕྱུར ༣༧༠ ཡི་ཡོང་སྒོའི་ཐད་ཀུ་ཤུས་ཀུང་སི་གཞན་དག་དང་མཉམ་འབྲེལ་བྱེད་མི་དགོས་པ་མཚོན་ཡོད།

ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁའི་ཀུང་སི་གཞན་དག་གིས་ཀྲུང་གོའི་ཚོང་རར་ཡོང་འབབ་མི་དམན་པ་ཟིན་ཡོད་དེ། སྙི་ཕྲན་གྱི་ཡོང་འབབ་ལས་བརྒྱ་ཆའི ༡༠ ལ་མི་ལོན་པ་ནི་ཀྲུང་གོའི་ཚོང་ར་ནས་ཐོན་པ་ཡིན་ལ། སོ་ཉི་ཡིས་ཀྲུང་གོའི་ཚོང་རའི་ལོ་རེའི་ཡོང་འབབ་ཨ་སྒོར་དུང་ཕྱུར ༤༤ རེད། གྲངས་ཀའི་ཐད་ཀུ་ཤུ་འགྲན་ཟླར་མི་རུང་མོད། ཀུང་སི་འདི་དག་ལ་མཚོན་ན་དེ་ནི་སྣང་མེད་དུ་གཏོང་མི་རུང་པ་ཞིག་རེད། (རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག