ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༢༠ ལོར་ཆུ་ཆེན་གཙོ་བོ་བདུན་གྱི་འབབ་ཡུལ་ནས་ཆུའི་རྒྱུ་སྤུས་ལེགས་བཅོས་ཡོང་ཐུབ།

2015-04-18
   ཚེས༡༦ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཆུའི་འབག་བཙོག་འགོག་བཅོས་ཀྱི་བྱ་བའི་འཆར་གཞི》དངོས་སུ་སྒོར་བསྒྲགས་པ་དང་། "ཆུ་ཁྲིམས་བཅུ་བ༽"འདི་ཉིད་རྒྱལ་ཡོངས་ཀྱི་ད་ནས་མ་འོངས་བའི་དུས་ཡུན་ངེས་ཅན་ཞིག་རིང་གི་ཆུའི་འབག་བཙོག་འགོག་བཅོས་ཀྱི་བྱ་བའི་དཔེ་གཞིའམ་མཛུབ་སྟོན་ཏུ་ངེས། 
   《ཆུའི་འབག་བཙོག་འགོག་བཅོས་ཀྱི་བྱ་བའི་འཆར་གཞི》འདིར་སྡོམ་པས་ནང་དོན་ཆེན་པོ་ས་བཅད་བཅུ་ཡོད་པ་དང་། དེ་ལ་ནང་གསེས་སུ་དོན་ཚན་སོ་ལྔ་ཡོད་ལ། འདིའི་ཁྲོད་དུ་ཆུའི་འབག་བཙོག་འགོག་བཅོས་ཀྱི་བྱེད་ཐབས་ཉིས་བརྒྱ་སོ་བརྒྱད་ལྷག་བཏོན་འདུག
   《ཆུའི་འབག་བཙོག་འགོག་བཅོས་ཀྱི་བྱ་བའི་འཆར་གཞི》ལས་བསྟན་དོན། ༢༠༢༠ལོར་སླེབས་དུས་རང་རྒྱལ་གྱི་ཆུའི་ཐོན་ཁུངས་དང་ཁོར་ཡུག་གི་རྣམ་པར་དུས་རིམ་རང་བཞིན་གྱི་ལེགས་བཅོས་ཐུབ་པ་དང་། འབག་བཙོག་ཚབས་ཆེ་བའི་ཆུའི་ཁྱབ་རྒྱ་ཕྱོགས་ཡོངས་ཇེ་ཉུང་ཏུ་འགྲོ་་བ་མ་ཟད། འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་ཐུབ་ཚད་ཇེ་བཟང་དུ་འགྲོ་ཞིང་ཚོད་མེད་དུ་ས་འོག་ཆུ་སྔོག་འདོན་བྱེད་པར་ཚོད་འཛིན་ནན་མོ་བྱེད་པ། ས་འོག་ཆུའི་འབག་བཙོག་འགྲོ་བཞིན་པར་ཚད་བཀག་ངེས་ཅན་ཐུབ་པ། རྒྱ་མཚོ་ཆེན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་གི་རྣམ་པ་ཅུང་ཟད་ཇེ་བཟང་དུ་ཕྱོགས་སུ་འཇུག་པ། ཅིང་ཅིན་ཅི་དང་འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་སོགས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ཇེ་ལེགས་སུ་ཡོང་རྒྱུ། ༢༠༣༠ལོར་སླེབས་དུས། སྤྱིའི་ཆ་ནས་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ཁོར་ཡུག་གི་སྤུས་ཀར་ལེགས་བཅོས་ཐུབ་པ་དང་། ཆུའི་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་ལ་ཐོག་མའི་སླར་གསོ་ཐུབ་ངེས། དུས་རབས་འདིའི་དུས་དཀྱིལ་ཙམ་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུ་ཚད་ལ་ཕྱོགས་ཡོངས་ནས་ལེགས་བཅོས་ཐུབ་རྒྱུ་དང་སྐྱེ་ཁམས་མ་ལག་འཁོར་རྒྱུགས་ལེགས་པོ་འབྱུང་བ་མངོན་འགྱུར་བྱ་དགོས། 
   ཚད་གཞི་གཙོ་བོ་དག་ནི། ༢༠༢༠ལོར་སླེབས་པ་ན། འབྲི་ཆུ་དང་རྨ་ཆུ། ཀྲུའུ་ཅང་གཙང་བོ། སུང་ཧྭ་ཅང་གཙང་བོ། ཧུའེ་ཧོའུ་གཙང་བོ། ཧའེ་ཧོའུ་གཙང་པོ། ལོའུ་ཧོའུ་གཙང་པོ་སོགས་བཞུར་ཆུ་ཆེན་པོ་བདུན་གྱི་འབབ་རྒྱུད་དུ་ཆུའི་སྤུས་ཀ་དེ་ཚད་རིམ་གསུམ་པར་སླེབས་སུ་འཇུག་རྒྱུ་དང་། དེའི་སྤྱིའི་ཟིན་ཚད་དེ༧༠%ཡན་དུ་ཐོན་པར་བྱ་རྒྱུ་མ་ཟད། ས་ཁུལ་རིམ་པ་དང་དེའི་ཡན་གྱི་རིམ་པའི་གྲོང་ཁྱེར་དུ་བཙུགས་པའི་ཆུ་ངན་འབག་བཙོག་ཐེབས་པའི་ཆུ་དེ༡༠%ཡི་ནམ་ཚོད་འཛིན་བྱ་རྒྱུ། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་རིམ་པའི་སྤྱི་བའི་འཐུང་ཆུའི་ཐོན་ཁུངས་གི་བཟང་ངན་དེ༩༣%ཡན་རིམ་པ་གསུམ་པའི་ཚད་གཞི་ལ་སླེབས་པའམ་དེ་ལས་ལྷག་པར་བཟང་བོ་དགོས་པ་དང་། རྒྱལ་ཡོངས་ཀྱི་ས་འོག་ཆུའི་སྤུས་ཀ་ཧ་ཆང་ཞན་པའི་བསྡུར་ཚད༡༥%ཡས་མས་སུ་ཚོད་འཛིན་བྱ་དགོས་ལ། སྐམ་སར་ཐག་ཉེ་བའི་མཚོ་རྒྱུད་ཀྱི་ཆུའི་བཟང་ངན་དེ་རིམ་པ་དང་པོ་དང་གཉིས་པའི་ཚད་གཞིར་སླེབས་ཚད་དེ་མཚོ་རྒྱུད་ཡོངས་ཀྱི༧༠%ཡས་མས་སུ་སླེབས་དགོས། ཅིང་ཅིན་ཅི་ས་ཁུལ་གྱི་བེད་མེད་ཆུའི(རིམ་པ་བཞི་བ་ལས་ཀྱང་ཞན་པའི་ཆུ)མང་ཉུང་བརྒྱ་ཆའི་བཅོ་ལྔ་ཡས་མས་མར་ཆག་པ། འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་གཙང་བོའི་ཟུར་གསུམ་གླིང་ས་ཁུལ་གྱི་བེད་མེད་ཆུ་ཡོད་ཚད་བེད་ཅན་དུ་བསྒྱུར་བར་བརྩོན་རྒྱུ། ༢༠༣༠ལོར་སླེབས་ཙ་ན། རང་རྒྱལ་གྱི་བཞུར་ཆུ་ཆེན་པོ་བདུན་གྱི་འབབ་རྒྱུད་དུ་ཆུའི་སྤུས་ཀ་ཡག་པོ་ཡོད་པའི་ས་ཁུལ་གྱིས་སྤྱིའི་ཆ་ནས༧༥%ཡན་དུ་སླེབས་སུ་འཇུག་པ་དང་། གྲོང་ཁྱེར་གྱི་ནང་གི་ཆུ་ངན་པའི་རིགས་གཞི་རྩའི་སྟེང་མེད་པར་གཏོང་རྒྱུ། གྲོང་ཁྱེར་ཀྱི་སྤྱི་བའི་འཐུང་ཆུའི་ཐོན་ཁུངས་ཀྱི་སྤུས་ཀ་དེ་རིམ་པ་གསུམ་པའི་ཚད་གཞིར་སླེབས་པའམ་དེ་ལས་ཀྱང་བཟང་བའི་འཐུང་ཆུས་སྤྱིའི་བསྡུར་ཚད་ཀྱི༩༥%ཡས་མས་ཟིན་དགོས། 
གོང་གི་དམིགས་འབེན་དེ་དག་མངོན་འགྱུར་བྱ་ཆེད་བྱ་བའི་འཆར་གཞི་ལས་ཕྱོགས་བཅུ་ནས་བྱེད་ཐབས་གཏན་འཁེལ་བྱས་ཡོད་དེ། 
   གཅིག ཁྱོན་ཡོངས་ནས་འབག་བཙོག་རྒྱུ་ཆའམ་བཙོག་ཆུ་ཕྱིར་འབུད་པར་ཚོད་འཛིན་བྱེད་པ་དང་། བཟོ་ལས་སུ་སྤྱད་པའི་བཙོག་ཆུ་དང་། གྲོང་དང་གྲོང་བརྡལ་གྱི་འཚོ་བའི་བཙོག་ཆུ། ཞིང་ལས་དང་ཞིང་སྡེའི་བཙོག་ཆུ། གྲུ་གཟིངས་དང་གྲུ་ཁའི་བཙོག་ཆུ་སོགས་བཙོག་ཆུའི་ཡོང་ཁུངས་འདི་དག་ལ་ཁ་ཕྱོགས་ནས། གང་ལ་གང་འཚམ་གྱི་ཕྱིར་འབུད་ཉུང་འཕྲིའི་བྱེད་ཐབས་བཏོན་པ། 
   གཉིས། དཔལ་འབྱོར་སྒྲིག་གཞིའི་སྙོམ་སྒྲིག་ཡར་སྤར་ལ་སྐུལ་འདེད་བྱས་ནས། མགྱོགས་མྱུར་སྒོས་རྗེས་ལུས་ཀྱི་ཐོན་སྐྱེད་ནུས་པ་མེད་པར་གཏོང་བ་དང་། ལུགས་དང་མཐུན་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་བཀོད་དང་སྒྲིག་གཞི། གཞི་ཁྱོན་སོགས་གཏན་འབེབས་བྱེད་པ། བཟོ་ལས་སུ་སྤྱོད་པའི་ཆུ་དང་སླར་སྐྱེས་ཐུབ་པའི་ཆུ། མཚོ་ཆུ་བཅས་བེད་སྤྱོད་བྱེད་པ་སོགས་འཁོར་འགྲོས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། 
   གསུམ། ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ཆེས་བཙན་པོའམ་ཆེས་གཟབ་ནན་དེ་ལག་བསྟར་བྱས་ནས། ཆུ་བཀོལ་སྤྱོད་བྱེད་པའི་སྤྱིའི་ཚད་གྲངས་ལ་ཚོད་འཛིན་བྱེད་པ་དང་། ཆུ་བཀོལ་སྤྱོད་ཀྱི་ཕན་ནུས་མཐོར་འདེགས་སུ་གཏོང་པ། ཆུའི་མང་ཉུང་གི་ཚད་ལ་སྙོམ་སྒྲིག་བྱེད་པར་ཤུགས་བསྣན་ནས། བཞུར་ཆུ་འགངས་ཆེན་རིགས་ཀྱི་མ་མཐའི་བཞུར་ཚད་ལ་ཁག་ཐེག་བྱེད་པ། 
   བཞི། ཚན་རིག་གི་རྒྱབ་རྟེན་ལ་ཇེ་བཀན་དུ་གཏོང་པ། གང་འཚམ་གྱི་ལག་རྩལ་སྔོན་ཐོན་དེ་དཔེ་སྟོན་བཀོལ་སྤྱོད་དང་ཁྱབ་བརྡལ་དུ་བཏང་ནས། རྨང་གཞི་རང་བཞིན་གྱི་ཞིབ་འཇུག་དང་ལག་རྩལ་མདུན་གྲས་ཀྱི་གསར་གཏོད་ལ་ཤུགས་སྣོན་པ། ཁོར་ཡུག་སྲུང་སྐྱོབ་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ། 
   ལྔ། ཁྲོམ་རའི་སྒྲིག་སྲོལ་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཆུ་རིན་བཅོས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རིན་དངུལ་བསྡུ་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། མ་རྩ་སྣ་མང་འཇོག་པར་སྐུལ་འདེད་བྱས་ཏེ་ཆུའི་ཐོན་ཁུངས་དང་ཁོར་ཡུག་ལེགས་བཅོས་ལ་ཕན་པའི་སྐུལ་ལྕག་སྲིད་ཇུས་འཛུགས་པ། 
   དྲུག ཁོར་ཡུག་བལྟ་རྟོག་གི་ཁྲིམས་ནན་མོ་འཛིན་པ། ཁོར་ཡུག་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་བ་ངན་པའི་རིགས་དང་སྒྲིག་འགལ་གྱི་འཛུགས་སྐྲུན་ལས་གཞིར་ཁྲིམས་ཆད་ནན་མོ་གཅོད་པ་དང་། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གཉིས་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། ཆུའི་ཐོན་ཁུངས་ཁོར་ཡུག་གི་བལྟ་རྟོག་དྲ་རྒྱ་འཐུས་ཚང་དུ་གཏོང་བ། 
   བདུན། ཆུའི་ཐོན་ཁུངས་ཁོར་ཡུག་གི་དོ་དམ་ལ་ཤུགས་སྣོན་གང་ལེགས་བྱེད་པ། དམིགས་འབེན་ཡོད་པའི་ཆུའི་ཐོན་ཁུངས་ཁོར་ཡུག་བཅོས་སྐྱོང་གི་དོ་དམ་ཇེ་བཟང་དུ་བཏང་སྟེ། བཙོག་དངོས་ཕྱིར་འབུད་ཀྱི་ཚད་གྲངས་ལ་ཚོད་འཛིན་བྱེད་པའི་ལམ་ལུགས་ལེགས་བཅོས་དང་། ཁོར་ཡུག་ཉེན་ཚབས་གང་ཡིན་ལ་ཚོད་འཛིན་ནན་མོ་བྱེད་པ། ཕྱོགས་ཡོངས་ནས་བཙོག་ཆུ་ཕྱིར་འབུད་ཀྱི་དཔང་ཡིག་ལག་བསྟར་ལ་སྐུལ་འདེད་བྱེད་པ། 
   བརྒྱད། ནུས་ཤུགས་ཡོད་དགུས་ཆུའི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ། འཐུང་ཆུའི་འགོ་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་ཚན་ལུགས་དང་མཐུན་པར་ས་འོག་ཆུར་བཙོག་སྐྱོན་ཤོར་བར་སྔོན་འགོག་བྱས་ཏེ། བཞུར་ཆུ་འགངས་ཆེའི་རིགས་ཀྱི་འབབ་རྒྱུད་དུ་ཆུའི་འབག་བཙོག་འགོག་བཅོས་བྱ་བ་ལེགས་པར་སྤེལ་བ་དང་། ཆུའི་ཐོན་ཁུངས་སྐྱོན་མེད་དང་རྒྱ་མཚོ་ཁོར་ཡུག་གི་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། གྲོང་ཁྱེར་གྱི་བཙོག་ཆུ་ངན་པའི་རིགས་ལ་བཅོས་སྐྱོང་དང་། ཐད་གཏོགས་གྲོང་ཁྱེར་དང་ཞིང་ཆེན་རིམ་པའི་ལྟེ་བའི་གྲོང་ཁྱེར། འཆར་ཟིན་ལས་ཐོན་པའི་གྲོང་ཁྱེར་ཁག་བཅས་ནས༢༠༡༧ལོའི་ལོ་མཇུག་གི་ཡར་སྔོན་ལ་གཞི་རྩའི་སྟེང་བཙོག་ཆུ་ངན་པའི་རིགས་མེད་པར་གཏོང་དགོས། 
   དགུ། ཕྱོགས་སོ་སོའི་འགནན་འཁུར་གསལ་པོ་ཡོད་པ་དང་དོན་འཁྱོལ་བྱེད་པ། ས་གནས་སྲིད་གཞུང་གི་ཆུའི་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། བཙོག་ཆུ་ཕྱིར་འབུད་བྱེད་པའི་ལས་ཁུངས་ཀྱི་འགན་འཁུར་གཙོ་བོ་འཁུར་བ་དོན་ཐོག་ཏུ་འགྲོ་བ། རྒྱལ་ཁབ་ཀྱིས་འབབ་རྒྱུད་དང་ས་ཁུལ། མཚོ་ཁོངས་སོགས་དགར་ནས་ལོ་རེ་རེ་བཞིན་འཆར་གཞི་ལག་བསྟར་གང་འདྲ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཕྱོགས་སོ་སོས་འགན་འཁུར་དོན་འཁྱོལ་བྱེད་བལྟ་རྟོག་དང་སྐུལ་འདེད་བྱེད་པ། 
   བཅུ། མི་དམངས་མང་ཚོགས་ཟབ་ཞུགས་དང་སྤྱི་ཚོགས་ཀྱི་བལྟ་རྟོག་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱིས་དུས་ཚོད་ངེས་ཅན་ཞིག་གི་ནང་ཆུའི་སྤུས་ཀ་ཆེས་ཞན་པ་དང་ཆེས་བཟང་བའི་གྲོང་ཁྱེར་བཅུ་རེའི་མིང་ཐོ་དང་ཞིང་ཆེན་སོ་སོའི་ཆུའི་ཐོན་ཁུངས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་བལྟ་རྟོག་ལ་ཤུགས་བསྣན་ཏེ་དམངས་ཡོངས་ཀྱིས་དེ་དོན་ལ་འབད་པའི་རྣམ་པ་ཆགས་རྒྱུ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག