ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཙུང་ལི་ལི་ཁེ་ཆང་གིས་དྲ་ཞུགས་གྲོན་དངུལ་ཇེ་དམའ་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་པར་སྐུལ།

2015-04-16 གཡང་སྒྲོལ།

"ད་ལྟ་མི་མང་པོ་ཞིག་ས་ཆ་གང་དུ་སླེབས་དུས‘WiFi’ཡོད་དམ་ཞེས་སྐད་ཆ་འདྲི་བ་དེ་ནི་ང་ཚོའི་དྲ་བའི་བཞུར་ཚད་ཀྱི་གྲོན་དངུལ་ཧ་ཅང་མཐོ་དྲགས་པས་རེད"ཅེས་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་དོན་དག་འདི་ཚེས ༡༤ ཉིན་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་གནས་བབ་བཞུགས་མོལ་ཚོགས་འདུའི་སྟེང་བཏོན་བྱུང་།

ཙུང་ལི་ཡིས་དྲ་བའི་བཞུར་ཚད་གྲོན་དངུལ་ཇེ་དམའ་རུ་གཏོང་པར་སྐུལ་པ།

ཉིན་དེར།ཚོགས་ཞུགས་མཁན་ཁེ་ལས་ཀྱི་འཐུས་མི།ཝང་དབྱི་ཀུང་སིའི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཏེང་ལིས་གཏམ་བཤད་ཁྲོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་བྱུང་ནས་དེ་རིང་བར།ཆེད་ལས་ནུས་རྩལ་ལྡན་པའི་ལས་བཟོ་བ་སྐོར་ཞིག་དགོས་ཤིང་།སྒུལ་བདེའི་འབྲེལ་དྲའི་སྡིངས་ཆ་འདི་བེད་སྤྱོད་བཏང་པ་བརྒྱུད།ཆེད་ལས་ནུས་རྩལ་གྱི་ཤེས་བྱ་འཆད་ཁྲིད་དང་།དྲ་ཐོག་གསབ་སྦྱོང་གནང་པ། མང་ཚོགས་ཀྱིས་དོ་ཁུར་ཆེ་བའི་སྨན་བཅོས་དང་ལུས་ཁམས་བདེ་སྲུང་ཤེས་བྱ་མི་དེ་ལས་མང་པོར་བརྒྱུད་སྒྲོག་གནང་དགོས་ཟེར།

ཏེང་ལིས"དེ་ལྟར་ནའང་།ང་ཚོའི་དྲ་བའི་བཞུར་ཚད་ཀྱི་གྲོན་དངུལ་ཧ་ཅང་མཐོ་དྲགས་ཏེ།1Gལ་སྒོར༧༠དགོས་པ་རེད།ངས་བལྟས་ན་དེ་ནི་བཀག་རྒྱ་གཙོ་བོ་ཞིག་ཏུ་འགྱུར་སྲིད"ཟེར།

ལི་ཁེ་ཆང་གིས་དེ་འཕྲལ་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པར།བཞུར་ཚད་ཀྱི་གྲོན་དངུལ་ཇི་ལྟར་ཇེ་དམར་བཏང་ནས"ཁེ་ཆུང་བྲིན་མང"ཡོང་པར་ཞིབ་འཇུག་བྱེད་དགོས་ཞེས་བརྗོད།

དྲ་བའི་བཞུར་ཚད་ཀྱི་གྲོན་དངུལ་ཇེ་དམར་གཏོང་པ་དེ་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཚད་ལ་ཤུགས་སྣོན་བྱེད་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།དེ་སྔོན།ཀྲུང་ཤིང་ཆ་འཕྲིན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ཧུ་ཝེ་ཀེ་ཡིས་འབྲེལ་ཡོད་གནད་དོན་སྐོར་གླེང་འདུགཁོས་དབྱེ་ཞིབ་བྱས་པ་ལྟར་ན།མིག་སྔའི་ཀྲུང་གོའི་འབྲེལ་དྲའི་བཞུར་ཚད"སྟོན་གྲངས་རྣམ་པས"འཕར་བ་དེས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྔར་བས་འགྲན་བསླངས་ཡོད་ཅིང་། སྔར་ལས་ཀྱང་འཛུགས་སྐྲུན་བྱེད་ཤུགས་ཇེ་མཐོར་གཏོང་དགོས་འདུག་ཟེར། ལི་ཁེ་ཆང་གིས་དེ་འཕྲལ་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པས་མཐུན་སྦྱོར་ལས་དོན་ཇེ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན།ཁོང་གིས“ངས་དེ་སྔར་ཡང་ཀྲུང་གོ

འི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་རྗེས་ལུས་ཡིན་ལ་ང་ཚོ་རང་ངོས་ནས་ཀྱང་འདང་མི་དཔོག་པ་ཞིག་རེད་ཅེས་བརྗོད་མྱོང་ཡོད”ཟེར།

ཧུ་ཝེ་ཀེ་ཡིས་མུ་མཐུད་དུ།"ཁྱེད་ཀྱིས་གསུང་པ་ཤིན་ཏུ་བདེན་ཏེ།ང་ཚོ་དང་ཉི་ཧོང་།ལྷོ་ཁོ་རེ་ཡ།ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁ་སོགས་དང་བར་ཁྱད་ཆེན་པོ་འདུག"ཟེར།

ལི་ཁེ་ཆང་གིས"རྒྱལ་ཁབ་འདི་དག་ཙམ་མིན་པར""རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱིས་དཔྱད་ཞིབ་བྱས་པར་གཞིགས་ན།ང་རང་ཚོ་འཛམ་གླིང་སྤྱིའི་ཁྱབ་ཁོངས་སུ་ཨང་རིམ ༨༠ རྗེས་ན་ཡོད་པ་རེད།ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་།དྲ་བའི་མྱུར་ཚད་ཇེ་མཐོར་གཏོང་པ་སོགས་ཀྱི་ཐད་ང་ཚོར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ལ་བར་སྟོང་ཡང་ཆེན་པོ་ཡོད་པ་རེད"ཅེས་ཟེར།

 

ཟླ་གཅིག་གི་ཡར་སྔོན་དུ།ཙུང་ལིས་དེ་མཚུངས་ཀྱི་བསམ་ཚུལ་བསྟན།

བཞུགས་མོལ་ཚོགས་འདུར་ཞུགས་མཁན་འཐུས་མི་དག་གིས་ཁ་པར་གྱི་དྲ་བའི་བཞུར་ཚད་གྲོན་དངུལ་མཐོ་བའི་སྐོར་ཞུས་པར།ལི་ཁེ་ཆང་གིས་དྲ་བའི་བཞུར་ཚད་གྲོན་དངུལ་ཇི་ལྟར་ཇེ་དམར་གཏོང་པར་ཞིབ་འཇུག་བྱ་དགོས་ཤིང་།"འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁ་ཤས་ཀྱི་དྲ་བའི་མྱུར་ཚད་པེ་ཅིང་ལས་ཀྱང་མགྱོགས་པ་ཡོད་པ་རེད"ཟེར།

ཟླ་གཅིག་ཡར་སྔོན་གྱི་ཟླ ༣ པའི་ཚེས ༥ ཉིན།ལི་ཁེ་ཆང་གིས"དྲ་བའི་མྱུར་ཚད"ཀྱི་གནད་དོན་ཐད་དེ་མཚུངས་ཀྱི་བསམ་ཚུལ་བསྟན།ཁོང་ཉིད་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དཔལ་འབྱོར་དང་ཞིང་ལས་ལས་སྒོའི་ཚོ་ཚུང་བགྲོ་གླེང་དུ་ཞུགས་སྐབས།རང་ཉིད་རྒྱལ་ཁབ་ཁ་ཤས་སུ་འཚམས་འདྲིར་ཕེབས་དུས་ཤེས་རྟོགས་བྱུང་པར།"འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁ་ཤས་ཀྱི་དྲ་བའི་མྱུར་ཚད་པེ་ཅིང་ལས་ཀྱང་མགྱོགས་པོ་འདུག"ཟེར།

སྐབས་དེ་དུས་ཙུང་ལིས"ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནི་སྤྱི་བའི་ཞབས་ཞུ་གལ་ཆེན་ཞིག་ཡིན་པའི་ཆ་ནས།འཛུགས་སྐྲུན་ལ་ནུས་ཤུགས་ཆེན་པོ་འདོན་དགོས་འདུག"ཅེས་བརྗོད་བྱུང་།

 

གྲངས་ཀ་གཤིབ་བསྡུར་ལས།ཀྲུང་གོར་དྲ་བའི་མྱུར་ཚད་དལ་ཞིང་།དྲ་བའི་བཞུར་ཚད་ཀྱི་གྲོན་དངུལ་མཐོ་བའི་གནད་དོན་་ཆགས་ཡོད་པ།

འཛམ་གླིང་གི་དྲ་བའི་ཆ་སྙོམས་མྱུར་ཚད་ནི45Mbpsཡིན་ལ།ཀྲུང་གོའི་དྲ་བའི་མྱུར་ཚད་ནི3.4Mbpsདང་།འཛམ་གླིང་སྤྱིའི་ཁྱབ་ཁོངས་སུ་ཀྲུང་གོའི་དྲ་བའི་མྱུར་ཚད་ནི་ཨང་རིམ༨༢པ་ཡིན་པ།འཛམ་གླིང་གི་དྲ་བའི་མྱུར་ཚད་ཨང་རིམ་སྔོན་མ་གསུམ་ནི་ལྷོ་ཁོ་རེ་ཡ་དང་།ཀྲུང་གོ་ཤང་ཀང་།ཉི་ཧོང་བཅས་རེད།

 

ཅིའི་ཕྱིར་རང་རྒྱལ་གྱི་དྲ་བའི་མྱུར་ཚད་དལ་བ་རེད་ཅེ་ན།

དེ་ཡང་རྒྱུ་རྐྱེན་གཙོ་བོ་ནི་དྲ་ཚད་མི་འདང་བ་དེ་རེད།དྲ་ཚད་ནི་དུས་ཚོད་གཏན་འཁེལ་གྱི་ནང་གི་ཡིག་ཚགས་གཏོང་ཚད་ལ་ཟེར་ཏེ།དྲ་ཚད་དང་ཕབ་ལེན་མྱུར་ཚད་ལ་འབྲེལ་བ་ངེས་ཅན་ཡོད་ཅིང་།དེ་གཉིས་བར་གྱི་བསྡུར་ཚད་ནི8:1རེད།གལ་ཏེ་ཡི8Mཡི་དྲ་ཚད་ལ་དཔེ་བཞག་ན་གཞུང་ལུགས་ཀྱི་ཕབ་ལེན་མྱུར་ཚད་ནི 1Mརེད།

 

ཀྲུང་གོའི་དྲ་བའི་མྱུར་ཚད་ཀྱི་གྲོན་དངུལ་མཐོན་པོ་ག་འདྲ་ཆགས་འདུག་ཅེ་ན།

388 ཀྱི་རིན་གོང་ཁྲོད་དུ་ཧ་ལམ 6Gའདུས་ཡོད་ཅིང་།དེ་ལས་བརྒལ་ནMརེར0.29རེད།

ཀྲུང་གོའི་སྒུལ་འཕྲིན(ཤང་ཀང)དུ།ཀང་སྒོར 288(ཧ་ལམ་དམངས་སྒོར༢༣༠)གྱི་རིན་གོང་དུ་བཞུར་ཚད 6Gདང་། དེ་ལས་བརྒལ་ནGགཅིག་ལ་ཀང་སྒོར 30(ཧ་ལམ་དམངས་སྒོར༢༤)རེད།

ཉི་ཧོང་གི་ཚོང་གཉེར་བ་ལྟར་ན།

བཞུར་ཚད་ཚད་མེད+བཤད་ཡུན་ཚད་མེད་ཀྱི་རིན་གོང་ལ་ཉི་སྒོར ༥༩༠༠ སྟེ།ཧ་ལམ་དམངས་སྒོར ༣༠༦ རེད།

 

རང་རྒྱལ་གྱི་དྲ་རིན་ ཅིའི་ཕྱིར་ མཐོ་བ་རེད་ཅེ་ན།

༡ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་ཀྱིས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་དྲ་ཚད་དང་བཞུར་ཚད་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དང་། 4Gདུས་རབས་སུ།བཞུར་ཚད་ཤོར་བ་མགྱོགས་དྲགས་པས།བཞུར་ཚད་རེ་རེའི་རིན་གོང་མར་བཅག་པ་དེས་དྲ་བར་ཞུགས་པའི་དགོས་མཁོ་སྐོང་ཐབས་བྲལ།

༢དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་སྤྱོད་མཁན་དང་བསྡུར་ན།རང་རྒྱལ་གྱི་སྤྱོད་མཁན་གྱི་ཡོང་འབབ་བལྟོས་བཅོས་ཀྱིས་དམའ་བ་ཡོད་པས་ཀྱང་།བཞུར་ཚད་ཀྱི་གྲོན་དངུལ་མཐོ་བའི་གནས་ཚུལ་ཐོན་པ་རེད།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག