ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཚན་རིག་པས་ལོ་ངོ་བཅུའི་ནང་དུ་མིས་བཟོས་ཤས་རང་བྱུང་ཤའི་ཚབ་བྱེད་ཐུབ་པར་ལུང་བསྟན།

2015-04-13 བཀྲ་རྒྱལ།
   ཧོ་ལན་མཱ་སི་ཐུ་རེ་ཆིར་སློབ་ཆེན་གྱི་ལུས་ཁམས་སློབ་དཔོན་ཆེ་མོMark Postཡིས་ཟླ༡༨ཀྱི་སྔོན་དུ་མིས་བཟོས་ཤ་ཐོག་མ་བྱུང་པར་བདེན་དཔང་བྱས།
   ཨོ་སི་ཁྲུ་ལི་ཡའི་ཏར་ཝུན་གྲོང་ཁྱེར་དུ་ཨོ་བྱང་ས་ཁུལ་འབྲོག་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་སྟེང་།  དགེ་རྒན་ཆེ་མོPosཡིས་ལོ་ངོ་བཅུའི་གཡས་གཡོན་དུ་མིས་བཟོས་ཚགས་ཤས་སྲོལ་རྒྱུན་ཚགས་ཤར་འགྲན་རྩོད་ཀྱི་སྟོབས་ཤུགས་ལྡན་པར་འགྱུར་ངེས་ཞེས་ལུང་བསྟན།
   ཤིན་ལང་ཚན་རྩལ་གྱིས་ཟླ༤པའི་ཚེས༢བཀོད་པའི་འཕྲིན་ལྟར་ན།   ཡུལ་ཕྱིའི་གསར་ལམ་ཁག་ཏུ་བཀོད་དོན།  ཧོ་ལན་མྰ་སི་ཐུ་རེ་ཆིར་སློབ་ཆེན་གྱི་ལུས་ཁམས་སློབ་དཔོན་ཆེ་མོMark Postཡིས།  ལོ་ངོ་བཅུའི་ནང་དུ།  མིས་བཟོས་ཚགས་ཤར་རང་བྱུང་ཚགས་ཤ་ལྟ་བུའི་རོ་བཅུད་ལྡན་པ་མ་ཟད།  ཕྱོགས་གཞན་ནས་ཀྱང་རང་བྱུང་ཚགས་ཤ་ལས་མཆོག་ཏུ་གྱུར་ཞིང་།   དེང་སྐབས་ཚགས་ཤ་ཐོན་སྐྱེད་ལས་ཐོན་པའི་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པར་འདོད།   ཟླ༡༨གྱི་སྔོན་དུ།  ཁོས་ཚགས་ཤའི་ཕྲ་ཕུང་སྐམ་པོས་བཟོས་པའི་མིས་བཟོས་ཤ་སྐམ་ཐོན་པར་དངོས་སུ་བདེན་དཔང་བྱས།
དགེ་རྒན་ཆེན་མོPostཡིས་ཚགས་ཤ་ཐོན་སྐྱེད་ཐད།   འཕེལ་རྒྱས་འབྱུང་སྒང་གི་ཨེ་ཤ་ཡའི་མ་རྩ་འབྲིང་སོན་གྲལ་རིམ་ལྟ་བུར་ཇི་ལྟར་རྒྱུན་མཐུད་ཅིང་ཕན་ནུས་ཆེ་བའི་སྒོ་ནས་མིའི་རིགས་ཡོངས་ལ་མཁོ་འདོན་གནང་པ་སོགས་དཀའ་ངལ་མི་ཉུང་པ་འཕྲད་སྲིད་ཟེར།   སྡོམ་རྩིས་ལྟར་ན།  ༢༠༣༠ལོར་སླེབས་དུས།  ཨེ་ཤ་ཡའི་མ་རྩ་འབྲིང་སོན་གྲལ་རིམ་གྱི་ཡོང་འབབ་སྒོར་དུང་ཕྱུར༣༢ལ་སླེབས་ཐུབ་པ་དང་།  ༢༠༥༠ལོར་སླེབས་དུས།  ཨེ་ཤ་ཡའི་ཤ་རིགས་འཛད་སྤྱོད་ཀྱང་ལྡབ་འགྱུར་གྱིས་ཡར་འཕར་རྒྱུ་རེད།
   གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་ཨོ་སི་ཁྲུ་ལི་ཡའི་ཏར་ཝུན་གྲོང་ཁྱེར་དུ།  ཨོ་སི་ཁྲུ་ལི་ཡའི་ཨོ་བྱང་ས་ཁུལ་གྱི་འབྲོག་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཆེད་ཞུའི་མགྲིན་ཚབ་པ་ཡིན་པའི་ཆ་ནས།  དགེ་རྒན་ཆེ་མོPostཡིས་གསར་འགོད་པར།“ཚགས་ཤ་ཐོན་སྐྱེད་མཁན་གྱིས་ཀྱང་གནད་དོན་འདི་དག་ལ་ངོས་ཟིན་བྱུང་ཡོད་པ་མ་ཟད།   ཁོ་ཚོས་གཞན་སུ་ལས་ཀྱང་གནད་དོན་འདིར་ངོས་འཛིན་ལེགས་པོ་བྱུང་ཡོད་ཅིང་།  དེར་ཐག་གཅོད་བྱེད་ཐབས་གཞན་ཡོད་སྲིད་པའང་ཤེས་ཡོད་པ་རེད།  དེ་ལྟར་ནའང་།  འཛད་སྤྱོད་མཁན་ནི་མིས་བཟོས་ཚགས་ཤའི་ཐག་གཅོད་རང་བཞིན་གྱི་ཐོན་སྤེལ་སྟོབས་ཤུགས་ཡིན་པས།   ཚགས་ཤ་ཐོན་སྐྱེད་མཁན་གྱི་གཞོགས་འདེགས་ཀྱིས་ནུས་པ་ཐོན་པ་ཙམ་རེད”ཟེར།
   དགེ་རྒན་ཆེ་མོPostཡིས།   ཚོང་ར་བཀྲམས་མ་ཐག་ཏུ།  མིས་བཟོས་ཚགས་ཤ་ནི་མཐོ་རིམ་ཤ་རིགས་སུ་གྱུར་སྲིད་ལ།  དེས་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་མཁན་དག་གི་ཡིད་ཀྱི་དྭངས་བ་འདྲེན་ནུས་ཞེས་ཁས་ལེན་གནང་བྱུང་།  ཁོས།   “ཤ་རིགས་འཛད་སྤྱོད་ཀྱི་ལོ་རྒྱུས་དེ་ལས་རིང་པ་དང་།  དེ་ལས་ཕུན་སུམ་ཚོགས་པ།  དེ་ལས་གཞོན་ཤ་དོད་པའི་འཛད་སྤྱོད་པ་མཁན་ཡོད་པས།  རྒྱ་གར་པ་དང་ཀྲུང་གོ་པས་གཞན་སུ་ལས་ཀྱང་མགྱོགས་པའི་ངང་མིས་བཟོས་ཤ་རིགས་དང་ལེན་བྱེད་སྲིད་དེ། རྒྱ་གར་དང་ཀྲུང་གོའི་དཔལ་འབྱོར་ཉེ་བའི་ལོ་བཅུ་ཕྲག་རིང་འཕེལ་རྒྱས་བྱུང་པ་ཡིན་པས།   ཤ་རིགས་མང་པོ་འཛད་སྤྱོད་བྱས་པའི་ལོ་རྒྱུས་རིང་པོ་མེད་ལ།  ཁོ་ཚོས་རིན་གང་ཤིན་ཏུ་བདེ་བའི་སྲོལ་རྒྱུན་ཤ་རིགས་ཉོ་བར་དགའ”ཞེས་འདོད།
   ཚོང་རར་བཀྲམས་མ་ཐག་ཏུ།  མིས་བཟོས་ཚགས་ཤ་ནི་མཐོ་རིམ་ཤ་རིགས་སུ་གྱུར་སྲིད་ལ།  དེས་ཁོར་ཡུག་དང་རི་དྭགས་སྲུང་སྐྱོབ་མཁན་དག་གི་ཡིད་ཀྱི་དྭངས་བ་འདྲེན་ནུས།
   སྤྱིར་བཏང་མིས་བཟོས་ཚགས་ཤའི་བག་ལེབ་ཐོག་མར་ཨོ་སྒོར་ཁྲི༢༥(དམངས་སྒོར་ཁྲི༡༧༠)ཡི་འགྲོ་སོང་ཆེན་པོ་བཏང་ནའང་།  ལོ་ངོ་བཅུའི་ནང་དུ།  མིས་བཟོས་ཚགས་ཤའི་མ་རྩའི་ཐད་རང་བྱུང་ཚགས་ཤ་དང་འགྲན་རྩོད་འབྱུང་སྲིད་དེ།   ཐོག་མར།  རང་བྱུང་ཚགས་ཤའི་རིན་གོང་བསྟུད་མར་ཡར་འཕར་སྲིད་པ་དང་།  གཉིས་ནས་ཚགས་ཤའི་ཕྲ་ཕུང་སྐམ་པོ་གཅིག་གིས་ཚགས་ཤ་ཏུན༡༠ཐོན་སྐྱེད་བྱེད་ཐུབ་ཅིང་།  མིས་བཟོས་ཚགས་ཤ་ཐོན་སྐྱེད་ལ་དགེ་མཚན་ཆེན་པོ་ལྡན་པ།  གསུམ་ནས་ཞིང་པས་ཀྱང་ད་སྔའི་ཚགས་ཤ་ཐོན་སྐྱེད་མ་ལག་ལ་བཅོས་སྒྱུར་བྱས་ནས་མིས་བཟོས་ཚགས་ཤ་ཐོན་སྐྱེད་བྱས་ཚེ།  མིས་བཟོས་ཚགས་ཤར་ཡང་དེ་སྔ་ཡོད་པའི་ཐོན་ཁུངས་དང་། དངོས་ཟོང་དྲ་བ་སོགས་ཀྱི་བེད་སྤྱོད་བྱེད་ཐུབ།
   མིས་བཟོས་ཚགས་ཤས་རང་བྱུང་ཚགས་ཤའི་ཆ་མང་པོ་བེད་སྤྱོད་ཐུབ་ནའང།   དགེ་རྒན་ཆེ་མོPostཡིས།“ཐོན་སྐྱེད་བྱེད་སྟངས་མི་འདྲ་བ་གཉིས་དོན་དང་མཐུན་པའི་མཉམ་དུ་གནས་མི་ཐུབ་པར།  ཐ་མར་དེ་ལས་གཅིག་རྒྱལ་སྲིད།   དེའི་རྒྱུ་མཚན་ནི་གལ་ཏེ་ཚན་རྩལ་གསར་པས་ཐོན་ཁུངས་དང་རི་དྭགས་སྲུང་སྐྱོབ་ཀྱི་རྩོད་རྙོག་དེ་ལས་ཉུང་པ་སྤྱད་ནས་དེ་མཚུངས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་ཐུབ་ཚེ།  འཛད་སྤྱད་པས་ཀྱང་ཐ་མའི་རྒྱལ་ཁ་ལོན་མཁན་དེ་བེད་སྤྱོད་བྱེད་ངེས”ཞེས་འདོད།
   མིས་བཟོས་ཚགས་ཤའི་མདུན་ལྗོངས་ཧ་ཅང་ལེགས་པོར་སྣང་ནའང།   མིག་སྔར་མིས་བཟོས་ཚགས་ཤར་རོ་བཅུད་ཐད་ཀྱི་གནད་དོན་ཆེན་པོ་འཕྲད་ཡོད་རེད།   མིག་སྔའི་ཆ་ནས།  མིས་བཟོས་ཚགས་ཤའི་རོ་བཅུད་བློར་འབབ་ཙམ་ལས་བཅུད་ལྡན་ཞེས་པར་ཤིན་ཏུ་ཐག་རིང་།   དེ་ལྟར་ནའང་།  ཕྱིས་འབྱུང་གི་ཐོན་སྐྱེད་ཁྲོད།  ཚན་རིག་པས་མིས་བཟོས་ཚགས་ཤར་ཚིལ་བསྣན་ནས་རོ་བཅུད་ཇེ་མངར་དུ་གཏོང་ངེས་ལ།  ཁོ་ཚོས་ཀྱང་ཤ་རིགས་དེ་གཉིས་ངོ་བོའི་སྟེང་གྲུབ་ཚུལ་གཅིག་འདྲ་ཡིན་པས་རོ་བཅུད་ལའང་ཁྱད་པར་ཆེན་པོ་མེད་པར་འདོད་ངེས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག