ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཆོས་ལུཊ་བྱེད་སྒོ་སྤེལ་ཡུལ་མིན་གནས་སུ་ཞལ་འདེབས་སྒམ་འཛུཊ་པའི་གནད་དོན་བཅོས་སྒྲིག་བྱས།

2015-04-10
   ཟླ 4 ཚེས 1 ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། སྤྱི་བདེ་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། རྒྱལ་ཁབ་ཡུལ་སྐོར་ཅུས། རྒྱལ་ཁབ་རིག་དངོས་ཅུས་བཅས་སྡེ་ཚན་6གིས་མཉམ་འབྲེལ་ཐོག《ཁྲིམས་འགལ་སྒྲིག་འགལ་ངང་ཞལ་འདེབས་སྒམ་འཛུགས་པ་སོགས་ཆོས་ལུགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ས་གནས་ཁག་ཏུ་ཐོན་པའི་ཞལ་འདེབས་སྒམ་གང་བྱུང་དུ་འཛུགས་པ་སོགས་ཆོས་ལུགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་པའི་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་བྱས་པ་དང་སྤེལ་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། དགོན་སྡེའི་མིང་ཡོད་མོད། འོན་ཀྱང་ཁྲིམས་ལྟར་ཐོ་འགོད་བྱས་མེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་གལ་ཏེ་ཞལ་འདེབས་སྒམ་མམ་ཡང་ན་དེ་མིན་གྱི་སྒྲིག་ཆས་སྤྱད་དེ་ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་བསྡུ་བ་དེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་བརྩིས་ནས་བཅོས་སྒྲིག་བྱ་རྒྱུ་དང་། ཡུལ་སྐོར་བ་དང་དད་ལྡན་པས་བྱེད་སྤྱོད་དེ་རིགས་མཐོང་ཚེ་འབྲེལ་ཡོད་སྡེ་ཚན་ལ་ཐེར་འདོན་བྱེད་ཆོག
   ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་བཏོན་པའི《བརྡ་ཐོའི》ནང་ཁྲིམས་འགལ་སྒྲིག་འགལ་གྱི་སྒོ་ནས་ཞལ་འདེབས་སྒམ་འཛུགས་པ་སོགས་ཆོས་ལུགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་པའི་གནད་དོན་སྔར་བས་བཀག་འགོག་དང་ཡོ་བསྲང་བྱེད་པའི་ཐད་གཏན་འབེབས་ཁ་གསལ་བཏོན་པ་སྟེ།
   གཅིག ཞལ་འདེབས་སྒམ་དེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁོ་ནར་འཛུགས་དགོས་པ་དང་། ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་སློང་རྒྱུ་ཁོ་ནའི་ཐད་སྤྱོད་པ་ལས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་མིན་པ་དང་ཆོས་ལུགས་ཀྱི་ཚོགས་པ་མིན་པས་ཞལ་འདེབས་སྒམ་མམ་ཡང་ན་བྱེད་ཐབས་གཞན་གྱི་ཐོག་ནས་ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་བསྡུ་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་པ་དང་།
   གཉིས། ཉེས་ཆད་ཀྱི་གཏན་འབེབས་ཁ་གསལ་བྱས་ཤིང་། 《བརྡ་ཐོ》གཞིར་བཟུང་ས་གནས་ཁག་གི་ཆོས་ལུགས་དང་། སྤྱི་བདེ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཡུལ་སྐོར། རིག་དངོས་སོགས་སྡེ་ཚན་གྱིས་ཁྲིམས་ལས་འགལ་མཁན་ལ་སློབ་གསོ་རྒྱག་དགོས་པ་དང་འབྲེལ་གནས་ཚུལ་ལ་གཞིགས་ནས་བརྡ་ཁྱབ་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ། གནས་ཚུལ་ཚབས་ལྕི་རིགས་ལ་ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་དང་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་པ་གསོག་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ནས་ཐག་གཅོད་བྱ་རྒྱུ། ཉེས་ཚབས་ཆེ་བ་དང་ནོར་འཁྲུལ་ཐེངས་མང་ཤོར་མཁན་གྱི་དཔེ་མཚོན་གྱོད་གཞིར་ཐག་གཅོད་ནན་པོ་བྱས་ནས་དམར་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་འབྲེལ་ཡོད་རྩ་འཛུགས་དང་འགན་འཁུར་མི་སྣའི་འགན་འཁྲིར་བདའ་འདེད་གཏོང་རྒྱུ་བཅས།
   གསུམ། དད་ལྡན་མང་ཚོགས་དང་ཡུལ་སྐོར་བས་ཞལ་འདེབས་སྒམ་ངོ་མ་དང་རྫུས་མ་འབྱེད་བྱེད་ཐུབ་ཆེད། ཞལ་འདེབས་སྒམ་གྱི་ཆ་འཕྲིན་ཁྱབ་བསྒྲཌ་ལམ་ལུགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་ལྟ་སྐུལ་ཐེར་འདོན་ཁ་པར་འཛུགས་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ།
   བཞི། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་བཙུགས་པའི་ཁྲིམས་མཐུན་གྱི་ཞལ་འདེབས་སྒམ་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞལ་འདེབས་སྒམ་འཛུགས་པའི་ཆ་རྐྱེན་དང་། ས་ཆ། གྲངས་འབོར། རྒྱུན་གཏན་གྱི་དོ་དམ། ཞལ་འདེབས་དངུལ་བསྡུ་བ་དང་། སྤྱོད་པ། ལྟ་སྐུལ་སོགས་ཀྱི་གནད་དོན་སྔར་བས་ཁ་གསལ་དུ་གཏོང་རྒྱུ་བཅས་ཡིན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག