ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀན་སུའུ་རུ་ཟས་དང་སྨན་རིཊ་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་ཚེ་བྱ་དགའ་མཐོ་ཤོས་སྒོར་ཁྲི་30རག་ཐུབ།

2015-04-08
   གསར་འགོད་པས་ཀན་སུའུ་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སླད་ཕྱིན་གྲོང་མི་ཚོས་རང་མིང་དངོས་བཀོད་དེ་བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་པ་དེ་ཐེར་འདོན་གྱི་ཁུངས་སྣེ་བདེན་མིན་ར་སྤྲོད་ཐུབ་པ་དང་ཆབས་ཅིག་ཁྲིམས་ལྟར་ཐག་གཅོད་བྱུང་རྗེས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི 30 རག་གི་ཡོད་པ་རེད།
   《ཀན་སུའུ་ཞིང་ཆེན་གྱི་བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱ་དགའི་བྱ་ཐབས》ལ་གཞིགས་ན། ཐེར་འདོན་བྱ་དགའི་ཚད་གཞི་དེ་ཐེར་འདོན་གྱོད་གཞིའི་དངོས་ཟོག་རིན་ཐང་གི་དངུལ་གྲངས་དང་རིམ་པ་དང་དེ་བཞིན་གྱོད་གཞིའི་ངོ་བོ་སོགས་རྒྱུ་རྐྱེན་ལ་གཞིགས་ནས་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་རེད། དངོས་ཟོག་རིན་ཐང་གི་དངུལ་གྲངས་བརྩི་ཐབས་བྲལ་བར་གནས་ཚུལ་ལ་གཞིགས་ནས་སྒོར་100ནས་2000བར་གྱི་བྱ་དགའ་སྤྲོད་རྒྱུ་དང་། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ནང་ཁུལ་མི་སྣས་ཐེར་འདོན་བྱས་པར་བྱ་དགའི་དངུལ་དེ་གོང་དུ་བརྗོད་པའི་ཚད་གཞི་གཞིར་བཟུང་རྩིས་བརྒྱབ་རྗེས་སླར་ཡང་བྱ་དགའི་དངུལ་གྲངས་ཀྱི་10%གསབ་སྣོན་བྱ་རྒྱུ། གྱོད་གཞི་རེའི་བྱ་དགའ་རྩ་དོན་ཐོག་སྒོར་ཁྲི་30ལས་བརྒལ་ཆོག་གི་མེད་པ་རེད།
   ཀན་སུའུ་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་དོན། གྲོང་མི་ཚོས་གལ་ཏེ་སྨན་རྫས་དང་། སྨན་བཅོས་ཡོ་བྱད། བདེ་སྲུང་བཟའ་བཅའ། མཛེས་བཟོའི་བྱུག་རྫས་བཅས་ཞིབ་བཟོ་དང་། ཐོན་སྐྱེད། འཁོར་རྒྱུག བེད་སྤྱོད་བཅས་ལྷུ་ཚིགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་དང་དེ་བཞིན་བཟའ་འཐུང་ཞབས་ཞུའི་ལྷུ་ཚིགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་ཐེར་འདོན་ཞུ་གཏུག་གི་ཁ་པར་12331བརྒྱབ་ཆོག་གི་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག