འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གློག་རྡུལ་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མི་མང་པོ་ཞིག་གིས་གློག་ཀླད་ཀྱི་ཕབ་གཞོང་ངམ་ཡང་ན་ལག་ཐོགས་ཁ་པར་སྤྱད་དེ་རྒྱ་ཡིག་རྒྱག་གི་ཡོད་པས་གང་དེའི་རྒྱ་ཡིག་འབྲི་བའི་ནུས་པ་རིམ་བཞིན་ཞན་དུ་ཕྱིན་ནས་ཡི་གེ་འབྲི་བར་འགྲོ་སྐབས་གཏིང་བརྗེད་དུ་སོང་བའི་སྣང་ཚུལ་སྔར་ལས་ཚབས་ཆེ་རུ་འགྲོ་བཞིན་ཡོད། ཟླ་3ཚེས་18ཉིན་ཀྲུང་གོ་རྒྱ་ཡིག་དཔོད་བྲིས་སྐོར་སྐྱོད་འགྲན་བསྡུར་ཏེ“ཞའོ་ཤིས་ཉིའུ”བུམ་པའི་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོའི་འགྲན་བསྡུར་དེ་ཟི་ལིང་དུ་གཉེར་འགོ་ཚུགས་ཤིང་། འགྲན་བསྡུར་ཆེ་མོ་འགོ་ཚུགས་པ་ནས་བཟུང་། རྒྱ་རིགས་དང་། བོད་རིགས། སོག་རིགས། ཧོར་རིགས། ཧུའེ་རིགས། ས་ལར་རིགས་བཅས་ཀྱི་སློབ་མ་8000ལྷག་ཙམ་འདེམས་སྒྲུག་ནང་ཞུགས་ཡོད་པ་རེད།
མིག་སྔའི་བར་འགྲན་བསྡུར་དེ་ཞིང་ཆེན་དེ་ཡོངས་ཀྱི་ཀྲོའུ་དང་གྲོང་ཁྱེར་8དུ་སྤེལ་བ་དང་སློབ་གྲྭ་96དེའི་ནང་ཞུགས་ཡོད་པ་རེད། རྒྱ་རིགས་དང་། བོད་རིགས། སོག་རིགས། ཧོར་རིགས། ཧུའེ་རིགས། ས་ལར་རིགས་བཅས་ཀྱི་སློབ་མ་8000ལྷག་ཙམ་འདེམས་སྒྲུག་ནང་ཞུགས་པས་སྤྱི་ཚོགས་ལས་རིགས་ཁག་དང་། སློབ་གྲྭ སློབ་མ་བཅས་ཕྱོགས་ཁག་གི་ཚད་མཐོའི་དོ་ཁུར་ཐོབ་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)