ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐེན་ཅིན་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཀྲོའུ་ཡུང་ཁང་གི་བྱས་ཉེས་ཆེན་པོ་གསུམ་གཞུང་གཏུག་བྱས།

2015-04-03 གཡང་སྒྲོལ།
   ཟླ ༤ པའི་ཚེས ༣ ཉིན་ཤིན་ཧྭ་དྲ་བས་པེ་ཅིང་ནས་སྤེལ་བའི་འཕྲིན་དུ། ཚེས་གསུམ་ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་གསལ་ལྟར་ན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཟུར་པ། ཀྲུང་དབྱང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཀྲོའུ་ཡུང་ཁང་གིས་ལྐོག་རྔན་ཟས་པ་དང་།   དབང་ཆ་བྱུང་རྒྱལ་དུ་སྤྱོད་པ།  རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་བྱས་ཉེས་ལ་མྱུལ་ཞིབ་རྩད་གཅོད་བྱས་ཚར་རྗེས།  བཅའ་ཁྲིམས་ལྟར་ཁག་བཙུགས་སྡེ་ཁོངས་བརྒྱུད་ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཞིབ་དཔྱོད་ཁང་དང་པོར་བསྐྱལ་ནས་ཞིབ་དཔྱད་ཁྲིམས་སྦྱོར་བྱས་ཤིང་།  ཟླ་བཞི་བའི་ཚེས་གསུམ་ཉིན་ཡན་ལག་ཞིབ་དཔྱོད་ཁང་དེས་ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོར་གཞུང་ཕྱོགས་ལ་ཞུ་སྦྱོར་གནང་འདུག
   ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྦྱོར་ཞིབ་བཤེར་གནང་སྐབས་ཀྲོའུ་ཡུང་ཁང་མི་སྒེར་ལ་ཞུ་གཏུག་དབང་ཆ་ངོ་སྤྲོད་བྱས་པ་མ་ཟད།   ཀྲོའུ་ཡུང་ཁང་ལ་རྩད་འདྲི་དང་། དེའི་བཤེར་རྩོད་དག་འབུད་མཁན་གྱི་བསམ་ཚུལ་ལ་གསན།    ཐེན་ཅིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཁང་དང་པོའི་ཁྲིམས་སྦྱོར་གྱི་ཉེས་བགྲང་ཞུ་གཏུག་བྱས་པའི་ནང་། ཀྲོའུ་ཡུང་ཁང་གིས་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་སྤྱི་ཁྱབ་ཀུང་སིའི་སྤྱི་གཉེར་པ་ཟུར་པ་དང་།  ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན།  སྤྱི་བདེ་པུའུ་ཡི་པུའུ་ཀྲང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ལ་སོགས་ཀྱི་འགན་ཁུར་སྐབས་སུ།  ལས་གནས་ཀྱི་བབ་ལ་བརྟེན་ནས་གཞན་ལ་ཁྲིམས་འགལ་གྱིས་ཕན་ཁེ་བསྐྲུན་པ་དང་།  ལྐོག་རྔན་འབོར་ཆེན་ཟས་བ།     དབང་ཆ་བྱུང་རྒྱལ་དུ་སྤྱད་དེ་གཞུང་རྒྱུ་བདག་བཟུང་བཅས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་ཅིང་། སྤྱི་ཚོགས་ལ་ཤན་ཤུགས་ངན་པ་ཐེབས་པའི་བྱས་ཉེས་ཚབས་ཆེན་བསགས་ཡོད་མ་ཟད།  རྒྱལ་ཁབ་ཀྱི་གསང་བ་ཁྲིམས་འགལ་གྱིས་ཕྱིར་བསྒྲགས་པའི་བྱས་ཉེས་ཚབས་ཆེན་ཡང་བཟོས་ཡོད་པས།  བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ལྐོག་རྔན་ཟས་པ་དང་།  དབང་ཆ་བྱུང་རྒྱལ་དུ་སྤྱོད་པ།  བསམ་གཟས་ན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་བཅས་ཀྱི་བྱས་ཉེས་ཐད་ཉེས་འགན་བདའ་འདེད་བྱེད་རྒྱུ་ཐད་བཅད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག