ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་འབྲེལ་དངོས་ཞུས《འཛམ་གླིང་ཡང་རྩེ》K༤པར་མ་ཨ་རིའི་རྒྱལ་ཁབ་ས་ཁམས་བརྙན་ལམ་དུ་ཕུད་གཏོང་བྱ་རྒྱུ་རེད།

2015-04-01
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཆེད་གཏོང་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་27ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་རྒྱ་སྐད་ཀྱི་རྒྱལ་སྤྱིའི་འཕྲིན་ལམ་ཐོག་སྟོན་བཞིན་པའི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་ཆེ་གྲས 《འཛམ་གླིང་ཡང་རྩེ》 ཞེས་པ་དེ་ཨ་རིའི་རྒྱལ་ཁབ་ས་ཁམས་འཕྲིན་ལམ་དང་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བྱུང་ནས《འཛམ་གླིང་ཡང་རྩེ》 ཞེས་པའི་4Kདཔར་མ་དེ་ཨ་རིའི་རྒྱལ་ཁབ་ས་ཁམས་འཕྲིན་ལམ་སྟེང་ཐོག་མར་བསྟན་རྒྱུ་ཡིན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་2015ལོའི་ལོ་འགོའི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་ཆེ་གྲས་ཡིན་པའི 《འཛམ་གླིང་ཡང་རྩེ》 ཞེས་པ་དེ་ལག་རྩལ་ཐད་4Kདྭངས་གསལ་པར་ལེན་ལག་རྩལ་སྤྱད་པ་ཕུད། ད་དུང་གློག་བརྙན་དེ་པར་ལེན་བྱེད་སྐབས་བརྟག་ཞིབ་ཚོགས་ཆུང་6དང་པར་ལེན་ཚོགས་ཆུང་4བཏང་ནས་ཁྱོན་ཉིན་500པར་ལེན་བྱས་ཡོད། གློག་བརྙན་དེའི་ནང་མིག་སྔར་མཚོ་བོད་ས་མཐོའི་སྟེང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསང་བ་དང་དེ་བཞིན་ཡུལ་དེའི་མི་རྣམས་ཀྱི་སེམས་ཁམས་ཀྱི་འཇིག་རྟེན་ཇི་མ་ཇི་བཞིན་མཚོན་ཡོད་པ་རེད།
   གློག་བརྙན་དེ་པར་ལེན་བྱེད་སྐབས་ཟིན་ཐོ་མང་པོ་ཞིག་བཏོད་ཡོད་པ་དེའི་ནང་སའི་གོ་ལའི་ས་བབ་མཐོ་ཚད་སྨི་5000ཡན་གྱི་མཚེའུ་ཆེ་ཤོས་ཀྱི་འཁྱག་རོམ་སྟེང་པར་ལེན་ཐེངས་དང་པོ་བྱས་པ་དང་། ཡར་ཀླུང་གཙང་པོའི་ངོགས་ཀྱི་སྨི་200ཡོད་པའི་བྲག་རི་གཡང་གཟར་སྟེང་པར་ལེན་ཐེངས་དང་པོ་བྱས་པ། བྱང་ཐང་མི་མེད་ལུང་སྟོང་གི་སྲོག་ཆགས་ཀྱི་སྣོད་བཅུད་འབྲེལ་ཐག་དྭངས་ཤིང་གསལ་བའི་ངང་པར་ལེན་ཐེངས་དང་པོ་བྱས་པ། པར་ལེན་བྱེད་སྐབས་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་བསྐྱོད་ནས་བོད་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་མཚོ་བོད་ས་མཐོའི་ས་ཆ་60ལྷག་ཙམ་ལ་བསྐྱོད་པ་བཅས་ཚུད་ཡོད་ཅིང་། དེ་ནི་པར་ལེན་ས་ཁོངས་རྒྱ་ཆེ་ཤོས་ཀྱི་མཚོ་བོད་ས་མཐོའི་སྐོར་གྱི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་ཞིག་དང་ཀྲུང་གོའི་རྒྱལ་ནང་གི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་གཞན་ཞིག་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག