ཟླ ༣ པའི་ཚེས ༢༣ ཉིན་དམངས་འཚོ་བརྟག་ཞིབ་ཀྱིས་རྟོག་བྱས་པ་ཚེས ༢༣ ཉིན་བརྟག་ཞིབ་ཅིག་བྱས་པ་ལས། དེང་སང་དྲ་རྒྱ་དར་རྒྱས་ཕྱིན་ཏེ་མི་མང་ནས་འགུལ་ལྡན་དྲ་རྒྱའང་རྒྱ་ཆེར་སྤྱོད་ཀྱི་ཡོད་པསPCདྲ་རྒྱ་ལས་བརྒལ་གྲབས་ཡོད་པ་དང་། གཞི་གྲངས་ལྟར་ན། གྲོང་ཁྱེར་གྱི་ལས་བཟོ་བ་དང་སློབ་འབྲིང་སློབ་མ། སློབ་ཆེན་སློབ་མ། རྫོང་སྡོད་མི་མང་ནས་འགུལ་ལྡན་དྲ་རྒྱ་བཀོལ་བའི་དུས་ཚོད་དེPCདྲ་རྒྱ་ལས་བརྒལ་ཡོད་འདུག
བརྟག་ཞིབ་འདི་ལས་གསལ་བ་ནི། སློབ་ཆེན་པ་དང་གོང་དཀར་པ་རྣམས་ཀྱིས་དྲ་རྒྱ་སྤྱོད་ཚོད ༡༠༠% ལ་ཉེ་བ་ཡོད་ཅིང་། སློབ་འབྲིང་སློབ་མ་དང་གྲོང་ཁྱེར་གྱི་ལས་བཟོ་བས་དྲ་རྒྱ་སྤྱོད་ཚད ༨༠% དང་། རྫོང་སྡོད་མི་མང་དང་གྲོང་ཁྱེར་གྱི་རྒན་དར་དག་གིས་དྲ་རྒྱ་སྤྱོད་ཚད ༧༠% ཡས་མས་ཙམ་ཟིན་པ་རེད། དེ་ལ་དྲ་རྒྱ་སྤྱོད་མཁན་དག་སློབ་ཆེན་པ་དང་གོང་དཀར་པའི་བཅུ་ཆའི་དགུ་དང་། གྲོང་ཁྱེར་གྱི་ལས་ཀ་བ་དང་རྫོང་སྡོད་མི་མང་ཕྱེད་ཀ་ཡན་ཆོད་ཀྱིས་དྲ་རྒྱ་བརྒྱུད་ནས་གནས་ཚུལ་ཤེས་ཀྱི་ཡོད་ལ། ཐ་ན་གྲོང་ཁྱེར་གྱི་རྒན་དར་བཞི་ཆ་གཅིག་གིས་ཀྱང་གཙོ་བོ་དྲ་རྒྱ་བརྒྱུད་ནས་གནས་ཚུལ་ཤེས་ཀྱི་ཡོད་འདུག
བརྟག་ཞིབ་འདི་ལས་དྲ་རྒྱ་ནི་མི་མང་གི་འཚོ་བའི་ག་ས་ག་ལ་ཟབ་འཛུལ་བྱས་པ་མཐོང་ཐུབ་ཅིང་། རིགས་སོ་སོས་དྲ་རྒྱ་བརྒྱུད་ནས་ཆ་འཕྲིན་རྒྱུས་ལོན་དང་སློབ་སྦྱོང་། ཡང་ན་འབྲེལ་བ། རྩེད་མོ་སོགས་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད།
PC འབྲེལ་དྲ་རུ། གོང་དཀར་པ་དང་གྲོང་ཁྱེར་གྱི་རྒན་དར་ཁག སློབ་ཆེན་པ། གྲོང་ཁྱེར་གྱི་ལས་ཀ་བ་དང་རྫོང་སྡོད་མང་ཚོགས་ཏེ་རིགས་ལྔ་པོ་འདི་དག་གིས་གཙོ་བོ“གནས་ཚུལ་རྒྱུས་ལོན་དང་སློབ་སྦྱོང་དང་ལས་ཀ་བྱེད”ཀྱི་ཡོད་ལ། དེའི་ནང་གོང་དཀར་པ་དང་གྲོང་ཁྱེར་གྱི་རྒན་དར་དང་སློབ་ཆེན་པས་བསྡུར་ཚད་ཀྱི ༨༥.༨%། ༨༢.༡%། ༨༡.༤% བཅས་ཟིན་གྱི་ཡོད་འདུག
བརྟག་ཞིབ་ལས་དར་ཤུགས་ཆེ་བའི་སྐད་འཕྲིན་དང་པོད་ཕྲན་ལྟ་བུའི་སྤྱི་འབྲེལ་སྟེགས་བུའང་རིམ་བཞིན་དྲ་རྒྱའི་ཆ་འཕྲིན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཆགས་ཡོད་ལ། སྐད་འཕྲིན་གྱི་འབྲེལ་བ་ཇེ་དམ་དུ་གཏོང་རྒྱུ་སྟེ་གྲོགས་པོའམ་ཁྱིམ་མིའི་གནས་ཚུལ་ཁག་ཤེས་ཀྱི་ཡོད། ཡང་སྐད་འཕྲིན་སྟེང་གི་གསར་འགྱུར་ཆ་འཕྲིན་ལའང་ལྟ་མཁན་མི་ཉུང་སྟེ། གྲོང་ཁྱེར་གྱི་རྒན་དར༧༠.༦% སྐད་འཕྲིན་ལས་གསར་འགྱུར་ཆ་འཕྲིན་ལ་དགའ་ཤོས་བྱེད་ཅིང་། གོང་དཀར་པ་དང་སློབ་ཆེན་པ། གྲོང་ཁྱེར་གྱི་ལས་བཟོ་བ། རྫོང་སྡོད་མི་མང་གིས་གསར་འགྱུར་དེ་ཨང་གཉིས་པར་ལས་འཇོག་གི་མེད་པ་རེད།(རྩོམ་འགན་པ། རྟ་མགྲིན)