ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་སྤྱི་ཧྥུའུ་སི་ཐེར་མཇལ་འཕྲད་གནང་།

2015-03-18
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ 3ཚེས 16 ཉིན། ཚེས 16 ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧ་ཝར་ཌི་སློབ་ཆེན་གྱི་སློབ་སྤྱི་ཧྥུའུ་སི་ཐེར་མཇལ་འཕྲད་གནང་བ་རེད།
  ཞིས་ཅིན་ཕིང་གིས་སློབ་སྤྱི་ཧྥུའུ་སི་ཐེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཧྥུའུ་སི་ཐེར་གྲོལ་མ་ཐག་པའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་ང་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་བཏོན་པ་དང་དམིགས་ཚད་དེ་མངོན་འགྱུར་བྱ་ཆེད་ཀྲུང་གོས་ཀྲུང་གོའི་གནས་ཚུལ་དང་འཚམས་པའི་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་འགྲོ་ལམ་ཐོག་སྐྱོད་རྒྱུ་ཡིན། ན་ནིང་ང་དང་ཙུང་ཐུང་ཨོ་བྷ་མ་པེ་ཅིང་དུ་ཐུག་འཕྲད་བྱུང་ནས་ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཁ་ཕྱོགས་གཙོ་བོ་སྔར་བས་ཁ་གསལ་བཏོན་ཡོད། འདི་ལོའི་ཟླ་བ་9པར་ངས་ཨ་རིར་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན་པས་སྐབས་དེ་དུས་ཨ་རིའི་ལས་རིགས་ཁག་གི་མི་སྣས་ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པའི་ཇུས་ཆེན་ཐུན་མོང་ཐོག་གྲོས་མོལ་བྱ་རྒྱུའི་རེ་བ་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་དེས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་དུས་སྐབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཀ་རྟེན་གལ་ཆེན་དུ་གྱུར་ཡོད། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་ཏེ་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དབར་གྱི་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་དྲང་ནུས་དེ་བས་མང་བ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
  ཧྥུའུ་སི་ཐེས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཇལ་འཕྲལ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཨ་ཀྲུང་དབར་སློབ་གསོ་སྤེལ་རེས་དང་མཉམ་ལས་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཤེས་རྟོགས་བྱེད་ཚད་ཆེ་རུ་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཧ་ཝར་ཌི་་སློབ་ཆེན་དང་ཀྲུང་གོའི་དབར་ཡུན་རིང་གི་མཉམ་ལས་འབྲེལ་བ་གལ་ཆེན་བཙུགས་པས་ཀྲུང་གོ་དང་སློབ་གསོའི་ལས་རིགས་དང་ཚན་རྩལ་ལས་རིགས་དབར་གྱི་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཨ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བཤད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག