ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀེམ་ཅོང་ཨན་ན་རེ། ཁོར་བྱང་དང་ཨ་རི་གཉིས་ལ་དམག་འཁྲུག་ཅིག་ཡོང་ཐག་ཆོད་ཡིན།

2015-02-23 ཟླ་བ།
   ཁོར་བྱང་གསར་ཁང་གིས་ཟླ ༢༣ ཉིན་བསྒྲགས་པ་ལྟར་ན། ཁོར་བྱང་གི་གཙོ་འཛིན་མཐོ་ཤོས་ཀེམ་ཅོང་ཨན་གྱིས་ཉེ་ཆར་ཁོར་བྱང་ངལ་རྩོལ་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཚོགས་འདུ་རྒྱས་འཛོམས་སྟེང་། ད་ལོར་ཁོར་བྱང་མི་དམངས་དམག་གི་རྩ་འཛུགས་མ་ལག་ཧྲག་སྒྲིག་བྱ་དགོས་ཚུལ་བསྟན་པ་རེད།
   ཀེམ་ཅོང་ཨན་གྱིས་གསར་བརྗེའི་དྲག་ཤུགས་ཇེ་ཆེར་གཏོང་དགོས་པའི་བཀའ་བཀོད་གནང་བ་སྟེ། ཁོ་ན་རེ། ད་ལོར་མི་དམངས་དམག་གིས་དམག་འཁྲུག་གྲ་སྒྲིག་འཐུས་ཚང་གཏོང་རྒྱུ་གནད་དུ་འཛིན་དགོས་པ་དང་། མི་དམངས་དམག་གི་རྩ་འཛུགས་མ་ལག་ཧྲག་སྒྲིག་བྱས་ཏེ། བཀོད་འདོམས་པ་མཐོ་ཤོས་ཀྱི་འཐབ་ཇུས་དགོངས་འཆར་ག་དུས་ཡིན་ཀྱང་དཔུང་སྡེས་མངོན་བསྒྱུར་ཐུབ་པར་ཁག་ཐེག་བྱ་དགོས་ཟེར། ཀེམ་ཅོང་ཨན་གྱིས་ད་དུང་། ཕྱིན་ཆད་ཨ་རི་དང་འཐབ་དུས་ཀྱི་ཐབས་ཇུས་དང་འབྲེལ་ཡོད་ལག་རྩལ་གནད་དོན་སོགས་གསལ་སྟོན་བྱས་པ་རེད།
   ཀེམ་ཅོང་ཨན་གྱིས་ད་དུང་བརྗོད་དོན་ལ། ཚོགས་འདུ་འདིས་དེང་ཕྱིན་གྱི་དམག་དཔུང་འཛུགས་སྐྲུན་ཁ་ཕྱོགས་གཏན་ལ་ཕབ་པ་དང་། སྤྱི་ཚོགས་རིང་ལུགས་སྲུང་སྐྱོབ་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་དམག་འཐབ་ཁྲོད་མི་དམངས་དམག་ལ་སྣེ་ཁྲིད་བྱ་རྒྱུ། དེ་མིན། ཁོར་བྱང་ངལ་རྩོལ་ཏང་བཙུགས་ནས་ལོ ༧༠ འཁོར་བ་དང་རྒྱལ་ཁབ་བཅིངས་འགྲོལ་བྱས་ནས་ལོ ༧༠ འཁོར་བར་དོན་སྙིང་འགངས་ཆེན་ལྡན།
   སྙན་སྒྲོན་དེར་ཚོགས་འདུ་ག་དུས་དང་གང་དུ་འཚོགས་པའི་སྐོར་གླེང་མེད་མོད། ཁོར་བྱང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། དམག་སྡེ་དང་ཐོན་རིན་པའི་བཀོད་འདོམས་པ་སོགས་ཚོགས་འདུར་ཞུགས་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག