ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གནམ་གཤིས་ཚན་རིག་པས། ༢༠༡༥ ནི་ཚ་བ་ཆེས་ཆེ་བའི་ལོ་དེ་ཡིན་ཡང་སྲིད་ཅེས་བརྗོད།

2015-04-02 དབང་འབུམ།
   ༢༠༡༥/༠༣/༡༦ཉིན་ཀང་ཀྲེ་ཉིན་ཚགས་སུ་འཁོད་གསལ་ལྟར་ན།   ཨ་རིའི་རྒྱལ་ཁབ་ཀྱི་རྒྱ་མཚོ་དང་མཁའ་དབུགས་དོ་དམ་ཅུས(NOAA)ཀྱི་གནམ་གཤིས་ཚན་རིག་པས་ཚེས ༡༢ ཉིན་བསྒྲགས་དོན།  ཨེ་ཉེ་ནོའི(El Niño)སྣང་ཚུལ་ཡང་བསྐྱར་འོངས་ལ་ཉེ་བས ༢༠༡༥ ནི་གནམ་གཤིས་ཀྱི་དྲོ་གྲང་ཟིན་ཐོ་བཀོད་པ་ནས་བཟུང་པའི་ཚ་བ་ཆེས་ཆེ་བའི་ལོ་དེ་ཡིན་ཡང་སྲིད་ཟེར།  ཨེ་ཉེ་ནོ(El Niño)སྣང་ཚུལ་ནི་ཞི་བདེ་རྒྱ་མཚོའི་སྟེང་གི་དྲོད་རྒྱུན་ཁྱད་མཚར་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།  
   ཨ་རིའི་གསར་ལམ་ཁག་ཏུ་བསྒྲགས་པ་ལྟར་ན།  ཚན་རིག་པས་ཨ་རིའི་གཞུང་ཕྱོགས་ཀྱི་ཟིན་བྲིས་སྟེང་དུ་ཨེ་ཉེ་ནོ(El Niño)བྱུང་མིན་གྱི་བརྡར་ཤའི་བརྒྱུད་རིམ་ཆ་ཚང་བཀོད་ཡོད་ཟེར།  ཟིན་བྲིས་དེའི་སྟེང་དུNOAAཡིས་འདས་པའི་ཟླ་འགའི་རིང་དུ་ཚན་རིག་པ་མངགས་ཏེ་ཚ་ཁུལ་གྱི་ཞི་བདེ་རྒྱ་མཚོའི་ལོ་རྒྱུས་སྟེང་གི་ཆེས་མཐོ་བའི་མཚོ་ངོས་ཀྱི་དྲོད་ཚད་ལ་བརྟག་དཔྱད་བྱས་པ་དང་།  བརྟག་དཔྱད་བྱ་ཡུལ་ནི ཨེ་ཉེ་ནོ༣.༤ ཁུལ་གྱི་མཚོ་ངོས་ཀྱི་དྲོད་ཚད་ཡིན་ལ།  དེ་ནི་ཨེ་ཉེ་ནོ་བྱུང་མིན་བརྡར་ཤ་གཅོད་པའི་རྟགས་མཚན་ལྟ་བུ་ཡིན་ཟེར།  དུས་ཚིགས་རང་བཞིན་ཅན་གྱི་ཨེ་ཉེ་ནོ ༣.༤ ཡི་དྲོད་ཚད་དེ་ན་ནིང་གི་ཟླ་དགུ་བ་ནས་བཟུང་སྟེ ༠.༥℃ ཡིས་འཕར་འདུག་པ་དང་།  གཟའ་འཁོར་འདི་དག་གི་རིང་ལ ༠.༦℃ ལ་འཕར་འདུག་ཟེར།
   དེ་མིན་ཚན་རིག་པས་བརྟག་དཔྱད་བྱས་པའི་མཁའ་དབུགས་ཀྱི་ཆ་རྐྱེན་གྱིས་ཀྱང་ཨེ་ཉེ་ནོ(El Niño)བྱུང་གིན་པ་ར་སྤྲོད་བྱས་སོང་ཟེར།  དེ་བས་ཟླ་འགའ་ཡི་རིང་ལ་བརྟག་དཔྱད་བྱས་པ་བརྒྱུད་དེNOAAཡིས་ཨེ་ཉེ་ནོའི(El Niño)སྣང་ཚུལ་བྱུང་ཟིན་པ་ཐག་གིས་བཅད།
   ཨེ་ཉེ་ནོ(El Niño)་ཡིས་རྒྱ་མཚོའི་ནང་གི་ཚ་བ་མཁའ་དབུགས་ཁྲོད་དུ་སྐྱེལ་བ་ཡིན།  དེ་བས་ད་ལོའི་ཨེ་ཉེ་ནོ(El Niño)་དང་བསྟུད་མར་དྲོད་ཚད་ཇེ་མཐོར་འགྲོ་བའི་རྒྱ་མཚོ་གཉིས་མཉམ་དུ་སྦྲེལ་ཚེ་སའི་གོ་ལའི་ཚ་གྲངས་དེ་སྔར་ལས་ཀྱང་མྱུར་པའི་ངང་ཇེ་མཐོར་འགྲོ་བ་དང་།  སྤྱིར་ན་ཨེ་ཉེ་ནོ(El Niño)འབྱུང་ཡུན་ནི་ཟླ་བ༦ནས༨བར་ཡིན་མོད།  ད་ལོའི་ཨེ་ཉེ་ནོ(El Niño)འབྱུང་བའི་དུས་ཡུན་ནི་ལོ་གཉིས་སམ་དེ་ལས་མང་པ་ཞིག་ལ་རྒྱུན་བསྲིངས་ངེས་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག