དུས་བབ་གསར་པའི་འོག་གི་མི་དམངས་ཁྲིམས་ཁང་གི་ལས་དོན་ལ་ཤུགས་སྔར་ལས་ལྷག་པ་རྒྱག་པའི་སྐོར་གྱི་ལག་བསྟར་བསམ་འཆར་ཉེ་ཆར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བཏོན་ཡོད་ལ། དེར་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ལས་བྱ་དག་དྲག་འདེམས་བྱ་དགོས་ལུགས་དང་། མི་རིགས་གྲངས་ཉུང་ས་ཁུལ་གྱི་མི་དམངས་ཁྲིམས་ཁང་དུ་ཉུང་མཐའ་ཡང་སྐད་གཉིས་ཁྲིམས་དཔོན་གཅིག་བསྐོ་བཞག་གིས་མང་ཚོགས་ཀྱི་ཞུ་གཏུག་དགོས་མཁོ་སྐོང་ཐུབ་པ་དགོས་སྐོར་བརྗོད་ཡོད།
མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ཁང་ཡོན་ཧྲང་གཞོན་པ་ཞུའུ་ཡོང་ཅེ་ཡིས་ངོ་སྤྲོད་གནང་དོན་ལ། མཚོ་སྔོན་དུ་དངོས་སུ་བེད་སྤྱོད་ཀྱིན་ཁྲིམས་ར ༦༢ ཡོད་པས་ཧ་ལམ་ཤང་དང་གྲོང་རྡལ་གསུམ་ནས་ལྔ་རེར་ཁྲིམས་ར་གཅིག་རེ་ཡོད་ལ། དེས་དམངས་ཀྱི་ཕྱིར་ཁྲིམས་འདོམས་པ་དང་དྲང་པོ་དྲང་བཞག་གཙོར་བྱས་ཐོག གཞི་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་གྱོད་གཞི ༤༠% ཡི་ཁྲིམས་གཅོད་ལས་ཀར་འགན་ལེན་གྱི་ཡོད།
ཤེས་གསལ་ལྟར་ན་དགོངས་འཆར ༢༨ སོན་པར། མི་དམངས་ཁྲིམས་ཁང་གི་ལས་ཀ་འགངས་ཆེ་བའི་ངེས་ཤེས་ཇེ་དྲག་དང་མི་དམངས་ཁྲིམས་ཁང་གི་གཞི་རྩའི་འགན་ནུས་སྤེལ་རྒྱུ། ཁྲིམས་འཛིན་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཕྱོགས ༦ འདུས་ཡོད།(རྩོམ་འགན་པ། རྟ་མགྲིན)