ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་དབུ་གཙོ་བརྗེས། རླུང་བརྙན་སྤྱི་ཁྱབ་ཀྱི་ཅུའུ་ཀྲང་གཞོན་པས་འགན་ཁུར།

2015-04-08 ཟླ་བ།
   ཀྲུང་གོའི་གསར་དྲས་ཟླ ༤ པའི་ཚེས ༧ བཏང་བའི་འཕྲིན་ལྟར་ན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་བརྙན་སྤྱི་ཁྱབ་ཁང་གི་དྲ་ཚིགས་སུ་འཁོད་དོན་ལྟར་ན། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལས་བྱེད་སྣེ་ཁྲིད་ཀྱི་ཚོགས་འདུ་བསྐོངས་ནས་དེ་གར་ཀྲུང་དབྱང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དབུ་གཙོ་བརྗེས་པའི་ཐག་གཅོད་ཁྱབ་སྒྲོག་བྱས།
   ན་སོའི་དབང་གིས་བློ་མཐུན་ཧུའུ་ཀྲན་ཧྥན་གྱིས་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་བརྙན་སྤྱི་ཁྱབ་ཧྲུའུ་ཡི་ཏང་ཙུའུ་ཁོངས་མི་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དབུ་འཛིན་གྱི་འགན་བཞག་ནས། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་ཅུའུ་ཀྲང་གཞོན་པའམ་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཉེ་ཀྲིན་ཞི་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དབུ་གཙོའི་འགན་གཅིག་ལྕོགས་སུ་འཁུར་རྒྱུ་ཡིན་འདུག
   ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་བརྙན་སྤྱི་ཁྱབ་ཁང་གི་མགོ་ཁྲིད་བློ་མཐུན་རྣམས་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གནང་བ་ལས།  བློ་མཐུན་ཧུའུ་ཀྲན་ཧྥན་གྱི་ཆབ་སྲིད་ལངས་ཕྱོགས་བརྟན་ལ་གནད་དོན་ཆེན་པོའི་ཐོག་དར་ཆ་གསལ་པོ་ཡོད་པ་དང་། ཆབ་སྲིད་དང་བསམ་བློ། བྱ་སྤྱོད་གང་ཅིའི་ཐད་ནས་རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་བློ་གཅིག་སེམས་གཅིག་ཡིན་ལ། ཀྲུང་དབྱང་བརྙན་འཕྲིན་ཁང་ཡར་རྒྱས་འབྱུང་བར་རྔུལ་ཁྲག་ཕངས་མེད་བཏང་ཡོད་པ་རེད།  ཡང་བློ་མཐུན་ཉེ་ཀྲིན་ཞི་ཆབ་སྲིད་ཐད་བཟང་ལ་ཕུགས་བསམ་བརྟན་པོ་ཡོད་པའི་མི་ཚད། རྩ་འཛུགས་མགོ་ཁྲིད་ཀྱི་ནུས་པ་དང་མཐུན་སྦྱོར་གྱི་ནུས་པ་ཅུང་བཟང་པོ་ཡོད་པ་དང་། ཚུལ་ལྡན་སྙིང་རུས་ཆེ་ལ་འགན་ཁུར་ཕོད་པ། དམངས་གཙོ་གཅིག་སྡུད་བྱེད་པ། ལས་ཀའི་ཐད་འགན་ཁུར་སེམས་ཆེ་སྟབས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དབུ་གཙོར་འོས་འཚམ་ཡིན་འདུག་ཅེས་བརྗོད་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག