ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

CCTV ཡི་མདོ་འཛིན་པ་གྲཊ་ཅན་པི་ཧྥུ་ཅན་གྱི་ལེ་ཚན་ཉིན ༤ རིང་གཏོང་མཚམས་འཇོག་རྒྱུ་ཐག་གཅོད་བྱས།

2015-04-08 ཟླ་བ།
   ཟླ་འདིའི་ཚེས ༨ ཉིན་གུང་། ཧྭ་ནུབ་གྲོང་ཁྱེར་ཚཊ་པར་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལས་བྱ་བ་ཞིག་ལས་གནས་ཚུལ་ཤེས་གསལ་ལྟར་ན། “བརྙན་ཟློས་རྙོག་དྲ”ས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྤྱི་པའི་སྣང་བརྙན་ལ་ཕོག་ཐུག་ཚབས་ཆེར་བཏང་སྟབས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མཐོ་རིམ་དབུ་ཁྲིད་ནས་ལས་ཀའི་སྤྱོད་ཚུལ་དག་ཐེར་ནན་མོ་བྱེད་པར་དམིགས་ནས། དེ་རིང་སྟེ་ཟླ ༤ པའི་ཚེས ༨ ཀྱི་ཆུ་ཚོད ༠ ནས་ཟླ ༤ པའི་ཚེས ༡༢ ཀྱི་ཆུ་ཚོད ༠ ཏེ་ཉིན ༤ རིང་མདོ་འཛིན་པ་གྲགས་ཅན་པི་ཧྥུ་ཅན་གྱིས་མདོ་འཛིན་བྱས་པའི་ལེ་ཚན་ཡོད་ཚད་གཏོང་མཚམས་འཇོག་དགོས་སྐོར་ཐག་བཅད་གནང་འདུག
   ཟླ ༤ པའི་ཚེས ༧ གྱི་ཞོགས་པར། CCTVཡི་དབུ་གཙོ་གསར་པ་ཉེ་ཀྲིན་ཞིས་ལས་ཀར་བསྐོས་པའི་ཉིན་ཐོག་མ་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལས་བྱ་བའི་སྤྱོད་ཚུལ་དག་ཐེར་ནན་མོ་བྱ་མགོ་བཙུགས་ཡོད་ལ། ཁོང་གིས་གདོང་གཏད་དགོས་པའི་དཀའ་ངལ་དང་པོ་དེ་ནི་མདོ་འཛིན་པ་གྲགས་པི་ཧྥུ་ཅན་གྱིས“བརྙན་ཟློས་རྙོག་ཟིང”དེ་ཆགས་བསྡད་ཡོད་པ་རེད། ༤ པའི་ཚེས ༦ ཉིན་བརྙན་ཟློས་ཕྱིར་གྱར་བས་སྤྱི་ཚོགས་ཀྱི་གླེང་འུར་ཆེན་པོ་བྱུང་། 《གོ་ལའི་དུས་བབ》ཀྱིས་ཁ་བྱང་ལ《པི་ཧྥུ་ཅན་གྱི“བརྙན་ཟློས་ཐ་ཆད”ལ་ཇི་ལྟར་བལྟ་དགོས》ཞེས་པའི་རྩོམ་ཡིག་ཡོངས་བསྒྲགས་སུ་སྤེལ་བ་རུ།  མི་གྲགས་ཅན་གྱིས་རང་གི་སྤྱོད་པར་ཅིས་ཀྱང་གཟབ་གཟབ་བྱེད་དགོས་ཞེས་འཁོད་འདུག  དེ་རིང་ཉིན་གུང་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལས་བྱ་བས་ཧྭ་ནུབ་གྲོང་ཁྱེར་ཚགས་པར་ལ་བརྗོད་རྒྱུར། མདོ་འཛིན་པ་པི་ཧྥུ་ཅན་ལ་བརྙན་ཟློས་རྙོག་ཟིང་བྱུང་སྟབས། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་མཐོ་རིམ་མགོ་ཁྲིད་ཀྱིས་ཟླ ༤ པའི་ཚེས ༧ ཉིན་གྱི་ཕྱི་དྲོར་ཚོགས་འདུ་བསྐོངས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལས་བྱ་བའི་ལས་ཀའི་སྤྱོད་ཚུལ་དག་ཐེར་སྔར་ལས་ལྷག་པ་ཡོང་རྒྱུར་དམིགས་ཏེ་ཟླ ༤ པའི་ཚེས ༨ ཀྱི་ཆུ་ཚོད ༠ ནས་ཚེས ༡༢ ཀྱི་ཆུ་ཚོད ༠ བར། པི་ཧྥུ་ཅན་གྱིས་གཙོ་སྐྱོང་བྱས་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་ཡོད་ཚད་གཏོང་མཚམས་འཇོག་རྒྱུ་ཐག་བཅད་བྱས་ཡོད་འདུག
   ཧྭ་ནུབ་གྲོང་ཁྱེར་ཚགས་པར་གྱི་གསར་འགོད་པས། པི་ཧྥུ་ཅན་གྱིས་གཙོ་སྐྱོང་བྱས་པའི་ལེ་ཚན་དག་ཟླ ༤ པའི་ཚེས ༡༢ རྗེས་ནས་སླར་གསོ་བྱས་ཆོག་མིན་སྐོར་འདྲི་དུས། ལས་བྱ་བ་དེས་གནས་སྐབས་དེའི་སྐོར་གྱི་བརྡ་ཐོ་འབྱོར་མ་བྱུང་ཞེས་བརྗོད་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག