ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལོ ༥༠ ཅན་གྱི་སྐྱེས་པ་ཞིག་ཁྱིམ་དུ་ཤི་ནས་ལོ ༩ ཡི་རྗེས་སུ་གཞི་ནས་རྙེད།

2015-04-08 ཟླ་བ།
   ཉེ་ཆར། ཧི་ནན་ཞིང་ཆེན་གྱི་གྲོང་ཁྱེར་ལོ་དབྱང་གི་གླེང་སྟེགས་ཤིག་ཏུ“ལོ་དབྱང་གི་སྐྱེས་པ་ཞིག་ཁྱིམ་དུ་ཤི་ནས་ལོ ༩ རྗེས་ཀྱི་ཉེ་དུས་ཤེས”ཞེས་པའི་གནས་ཚུལ་ཞིག་ལྷང་ལ་བུད་པ་དང་། རྩོམ་དེ་གར་ངོ་སྤྲོད་བྱས་པ་ལྟར་ན། འདས་པོ་ད་ལོ་ལོ ༥༠ ཡིན་ལ། ཁྱིམ་སུང་ཧྲན་ལམ་གྱི་ཨང ༢༧ པ་ཡིན། མ་གཞི་ནས་ཕོ་ཧྲེང་ཡིན། ༢༠༠༦ ལོའི་རྗེས་ནས་འབྲེལ་བ་ཆད་པར་གྱུར་ཅིང་། ཉེ་དུས་བེམ་རོ་གཞན་གྱིས་མཐོང་ནས་ཉེན་རྟོག་པར་བརྡ་བཏང་འདུག་ལ། རྩོམ་སྤེལ་མཁན་གྱིས་དོན་འདི་ཡུལ་དེའི་བདེ་སྲུང་གིས་ཀྱང་ར་སྤྲོད་བྱས་པ་ཡིན་ཟེར།
   ༤ པའི་ཚེས ༧ ཉིན། གསར་འགོད་པ་གནས་དེར་ཕྱིན་ནས་གཡས་གཡོན་མི་ཚང་མང་པོར་རྩད་གཅོད་བྱས་པ་ལྟར་ན།  འདས་པོ་དེའི་རུས་ལི་ཡིན་ཞིང་ནང་མི་སྡོད་སའི་ཐོག་ཁང་འོག་གི་སྒོ་སྲུང་ཁང་དེའི་འགྲམ་གྱི་ཁང་པ་ཆུང་ཆུང་ཞིག་ཏུ་བསྡད་འདུག འདས་པོ་གསོན་དུས་གཉེན་འཐོར་ཞིང་བུ་མོ་བཟའ་ཟླ་སྔ་མ་དང་མཉམ་དུ་ཡོད། ཕོ་ཧྲེང་ཡིན་ཞིང་ཆུང་མ་དང་བུ་མོར་ཡང་འབྲེལ་བ་གང་ཡང་མེད་འདུག
སྡོད་ཁུལ་དེར་སྡོད་མཁན་རྣམས་ཀྱིས་བརྗོད་པ་ལྟར་ན། ཁོ་ཚོས་ཀྱང་འདས་པོ་ག་དུས་ཤི་མིན་ཤེས་ཀྱི་མེད་པ་དང་། རྟག་པར་དྲི་མ་བྲོ་ཡི་ཡོད་ནའང་ས་འོག་བཙོག་ཆུའི་དྲི་མ་ཡིན་སྙམ་ནས་སྣང་འཇོག་བྱས་མི་འདུག
   “མི་འདི་སྔོན་ངེད་ཚོ་རྫས་བཟོ་ཁང་གི་ལས་ཀ་བ་ཡིན། ཕྱིས་ཕྱི་ལོགས་ལ་གླ་རྒྱུགས་པར་ཕྱིན་སོང་། ང་ཚོ་འབྲེལ་འདྲིས་ཆེན་པོ་མེད། དོན་འདི་འདྲ་ཞིག་བྱུང་བ་སུས་ཧ་གོ་གི་རེད”སྡོད་ཁུལ་དེས་མིས་དེ་ལྟར་བརྗོད།
   བཅར་འདྲི་བྱེད་སྐབས་སྡོད་ཁུལ་དེའི་ཨུ་ཡོན་ཁང་གི་ལས་བྱེད་མི་སྣས་བརྗོད་རྒྱུར།“འདས་པོ་སྡོད་ས་མི་སེར་གྱི་ཁང་རྙིང་ཡིན་སྟབས་གློག་ལམ་རྙིང་སོང་ཡིན། སྡོད་ཁུལ་གྲལ་ཤར་དེར་ལོ་བཞི་ལྔའི་རིང་སྡོད་མཁན་གྱི་མིའང་མེད་པས་དོན་ཅི་བྱུང་སུས་ཀྱང་ཤེས་ཀྱི་མ་རེད། མ་ཟད་སྡོད་མཁན་ཁང་བདག་ཡིན་པའི་ངེས་པ་མེད་སྟབས་ང་ཚོས་ཐག་ཆོད་ཀྱི་མ་རེད”ཅེས་ཟེར།
   འདིའི་སྐོར་ལོ་དབྱང་གྲོང་ཁྱེར་ཁྲང་ཁྲོན་ལམ་གྱི་མངགས་གཏོང་ཁང་གིས་དྲ་བར་ལན་བསློགས་དོན། ཡུལ་དངོས་ལ་བརྟག་དཔྱད་བརྒྱུད། འདས་པོར་ཕྱི་རྨས་མེད་ལ་རུས་ཀྲང་ཡང་ཆ་ཚང་། སྒོ་སྒེའུ་ཁུང་ཡང་གས་ཆག་མེད། ཁང་པའི་ནང་གི་ཅ་དངོས་དག་ཀྱང་གྲལ་དག་པོར་བསྒྲིགས་འདུག་པས། ཁུངས་སྣེ་འདི་དག་ལས་མིག་སྔར་ཉེས་དོན་གྱོད་གཞི་མིན་ཚོད་འདུག་ལ། དོན་གཞན་དག་ཞིབ་བཤེར་བྱེད་སྒང་ཡིན་ཞེས་འཁོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག