ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧོང་ཀོང་གི《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》བཟོ་འཆར།

2015-04-10 སྒར་བ་ཚེ་བཀྲ།
   ཧོང་ཀོང་སླར་མེས་རྒྱལ་གྱི་མངའ་ཞབས་སུ་ཚུད་ནས་ལོ18འགོར་ལ་ཉེ་བའི་སྐབས་འདིར།  “ཧོང་ཀོང་རང་བཙན”གྱི་སྐད་འབོད་བྱེད་མཁན་ཇེ་མང་དུ་གྱུར།  ཟླ་འདིའི་སྟོད་ལ།  ཧོང་ཀོང་དུ《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》བཟོ་འཆར་ཡོད་པ་བསྒྲགས།  ཧོང་ཀོང་གི《ཤར་ཕྱོགས་ཉིན་རེའི་ཚགས་པར》ལ་གཞིགས་ན།  ད་ལོའི་ཟླ་དྲུག་པ་དང་བདུན་པའི་ནང་སྲིད་བཅོས་ཐད་ཀྱི་རྩོད་རྙོག་མཚམས་བཞག་རྗེས།  ཧོང་ཀོང་གཞུང་ནས《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》བཟོ་རྒྱུ་ཡིན་འདུག
   འབྲེལ་ཡོད་གསར་འགོད་ལྟར་ན། ཧོང་ཀོང་གི་ཁྲིམས་རྩོད་པའི་ཚོགས་པ་ཞིག་གིས་པེ་ཅིང་གཞུང་ལ 《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》ཞེས་པའི་མ་ཟིན་ཞིག་ཕུལ་ཡོད་འདུག་ཅིང་།  ནང་དོན་ལ། རྒྱལ་ཁབ་ཁ་ཕྲལ་དང་ཧོང་ཀོང་རང་སྐྱོང་ལ་རྒྱབ་སྐྱོར་དང་ནང་སའི་མི་རྣམས་ལ་གཤེ་བའི་གོ་རིམ་ཁྲོད་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་ན་ཁྲིམས་འགལ་ཡིན་པ་སོགས་བཀོད་འདུག
   དེ་སྔ2003ལོར།  བཅའ་ཁྲིམས་ཉེར་གསུམ་པ་སྤེལ་མཁན་བདེ་སྲུང་སྡེ་ཁག་གི་འགན་འཛིན་ཟུར་བ་ཡེ་ལུའི་ཧྲུའུ་གྱིས་བསྟན་དོན།  རིམ་པ་བཞིན《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》སྤེལ་རྒྱུ་དེ་ལག་ལེན་གྱི་སྟེང་ནས་འགྲུབ་ཐུབ་པ་ཞིག་རེད།  ཡིན་ནའང་།  རྒྱལ་ཁབ་ཁ་ཕྲལ་གྱི་བྱ་སྤྱོད་ཟེར་བ་གང་ལ་ཟེར་གྱི་ཡོད་པ་ངེས་པར་དུ་གསལ་པོ་གསལ་རྐྱང་བཟོ་དགོས་ཟེར།  ཧོང་ཀོང་གི་འཐུས་མི་ཞིག་གིས《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》ལག་ལེན་ཏུ་བསྟར་རྗེས། ཧོང་ཀོང་གཞུང་ནས་སྔར་བཞིན《རྩ་བའི་བཅའ་ཁྲིམས》23པ་གཟུག་པའི་འགན་འཁྲི་ཡོད་ཟེར།
   རྒྱུས་བླངས་པ་ལྟར་ན།  ཀྲུང་ཨོ་ཧྥ་འབྲེལ་འདྲིས་ཐེབས་རྩ་ཚོགས་པའི་འགན་འཛིན་དང་ཁྲིམས་རྩོད་པ་ཆེན་པོ་མཱ་ཨིན་ཀོ་ཟླ་འདིའི་སྟོད་ལ་ཁྲིམས་རྩོད་པའི་ཚོགས་པ་ཞིག་དང་མཉམ་དུ་པེ་ཅིང་ལ་སླེབས་ཤིང་།   རྩ་བའི་བཅའ་ཁྲིམས་ཀྱི་ཀྲུའི་རིན་ལི་ཧྥེ་དང་ཀྲུའི་རིན་གཞོན་པ་ཀྲང་རོང་ཧྲུན་གཉིས་ལ《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》ཀྱི་མ་ཟིན་ཕུལ་ཡོད་འདུག  《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》དེའི་ནང་།  ཧོང་ཀོང་དུ་རྒྱལ་ཁབ་ཁ་ཕྲལ་དང་རང་སྐྱོང་གཙང་མ།    ས་གནས་ཀྱི་འདུ་ཤེས་སྐྱེད་པ་སོགས་ལ་སྐུལ་མ་དང་རོགས་རེས་བྱས་ཏེ།   སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་གཏང་བའི་བྱ་སྤྱོད་དང་།   དེ་བཞིན་གོང་གསལ་ཁྲིམས་འགལ་བྱ་སྤྱོད་དག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱས་པའི་བྱ་སྤྱོད་ལ་ཉེས་ཆད་གཅོད་རྒྱུ་དང་།  ཡང་དབུས་གཞུང་ལ་ཧོང་ཀོང་གི་དབུ་ཁྲིད་ལ་ཁྲིམས་ཨང23པར་ཁྲིམས་བཟོ་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད་ཟེར།
   མཱ་ཨིན་ཀོ་ཡིས་པེ་ཅིང་ནས་ཐོན་རྗེས་བཤད་རྒྱུར།  དབུས་གཞུང་གིས་ ཧོང་ཀོང་་རང་འགུལ་གྱིས“རང་བཙན་ལ་རྒོལ་བའི”ཁྲིམས་བཟོ་བར་རེ་བ་བྱེད་ཀྱིན་པ་དང་།  ཁོ་སྒེར་ནས་བཅའ་ཁྲིམས་ཀྱི་དོན་ཚན་ནང་ཡོད་པའི་རྒྱལ་ཁབ་ཁ་ཕྲལ་དང་ཟིང་འཁྲུག་བཟོ་བ།  ཧོང་ཀོང་དུ་ཡོད་པའི་ཕྱི་རྒྱལ་གྱི་སྲིད་ཀྱི་ངོ་བོ་ཅན་གྱི་རྩ་འཛུགས་དང་ཚོགས་པའི་བྱ་འགུལ་དང་ཡང་ན་དེ་དག་ས་གནས་རང་གི་སྲིད་ཀྱི་ངོ་བོ་ཅན་གྱི་རྩ་འཛུགས་དང་ཚོགས་པར་འབྲེལ་བ་བྱེད་པ་གཏན་འགོག་བྱེད་རྒྱུའི་ཁྲིམས་བཟོ་རྒྱུ་དང་།  ལྷག་མའི་ཁྲིམས་སྲོལ་དག“take it slowly”(ཡུན་གྱིས་ལག་ལེན་ཏུ་བསྟར)དགོས།  དེ་དག་ལ་སྤྱི་ཚོགས་སྟེང་འདང་ངེས་ཀྱི་མོས་མཐུན་ཡོང་རྗེས་གཞི་ནས་གྲོས་མོལ་བྱེད་དགོས་པ་ཞིག་རེད་ཟེར།
   ས་གནས་རིང་ལུགས་བསྐྱར་དུ་དར་བ་དེར།  《ཧོང་ཀོང་རང་བཙན་ལ་རྒོལ་བའི་ཁྲིམས》ཀྱི་མ་ཟིན་ནང་།  “མི་སུ་གང་གིས་ས་གནས་རང་གི་འདུ་ཤེས་སྒྲོག་ཆེད་དུ་འདུ་འཛོམས་བྱས་པའི་བྱ་འགུལ་གྱིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བརླག་བྱུང་ན་ཁྲིམས་དང་འགལ་བ་ཡིན་ནོ”ཞེས་བཀོད་འདུག་ལ།   “ས་གནས་རང་གི་འདུ་ཤེས”ཞེས་པ་དེར།  ནང་སའི་མི་དང་ཐོན་རྫས།  སྐད་དང་ཡི་གེ་ལ་གཤེ་བ་ཡང་འདུས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན) 
འབྲེལ་ཡོད་རྩོམ་ཡིག