སྔོན་ཆད་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཏུ་ཞུགས་མཁན་གྱི་རྒྱལ་ཁབ་ཝུ་ཁུ་རན་ནས་སུ་རེན་གྱི་རྒྱལ་དར་དང་། བསྟོད་གླུ། དྲན་གསོའི་རྡོ་རིང་། གཙོ་འཛིན་གྱི་སྣང་བརྙན་སོགས་གཏན་འགོག་བྱས།
ཝུ་ཁུ་རན་གྲོས་ཚོགས་ཀྱིས་གཟའ་ཕུར་བུ་ཉིན་ཁྲིམས་ལྟར་ན་ཙི་དང་གུང་ཁྲན་རིང་ལུགས་ཀྱི་མཚོན་རྟགས་དང་བསམ་བློ་བཀག་འགོག་བྱེད་རྒྱུ་དང་། ཁྲིམས་དང་འགལ་ཚེ་ལོ ༥ ནས ༡༠ གི་བཙོན་འཇུག་གནང་རྒྱུ་ཐག་བཅད་འདུགགྲོས་ཚོགས་སུ་ཞུགས་པའི་གྲོས་མི ༣༠༧ ཀྱི་ཁྲོད ༢༥༤ ཡིས་མོས་ཐད་ཀྱི་འདེམ་ཤོག་འཕངས་ཡོད་ལ།སྲིད་འཛིན་པོ་རོ་སེན་ཁོ་ཡིས་ཁྲིམས་དོན་ལ་མིང་རྟགས་བཀོད་རྗེས་ད་གཟོད་སྤྱོད་གོ་ཆོད་པ་ཡིན།མོ་སི་ཁོ་དཔོན་མིས་དེར་ངོ་རྒོལ་གྱིས་ཚུལ་དུ་གུང་ཁྲན་རིང་ལུགས་དང་ན་ཙི་སོགས་ནི་ཝུ་ཁུ་རན་རྒྱལ་ཚོགས་ཀྱིས་མང་ཚོགས་ཀྱིས་ཁས་ལེན་མེད་པའི་གུང་ཁྲན་ཏང་དང་ན་ཙི་ཡི་ཉེས་ཅན་སྣང་བརྙན་བཞེངས་བསྐྲུན།མི་ཚོགས་འདུ་སར་རྟགས་མཚོན་འགོད་པ་སོགས་སློབ་གསོ་དང་ཚན་རིག་གི་དགོས་ངེས་སམ་ཡང་ན་སྤྱི་གཞུང་གི་དུར་ཁྲོད་ཙམ་དུ་མ་གཏོགས་བཀོལ་སྤྱོད་བཀག་འགོག་བྱས་འདུག
འདིས་ཝུ་ཁུར་རན་ལ་འགྱུར་བ་ཆེན་པོ་གཏོང་སྲིད་དེ།ད་བར་དུ་ཁྲོམ་སྲང་དང་ཐང་ཆེན་མང་པོར་སྔར་བཞིན་སུའུ་ལེན་གྱི་དཔའ་བོའི་མིང་བཏགས་འདུག་པའམ།དྲན་གསོའི་རྡོ་རིང་དང་།༡༩༩༡ ལོའི་བར་མཇུག་རྫོགས་པའི་སུ་རེན་སྲིད་དབང་གི་དབང་སྒྱུར་གྱི་མཚོན་རྟགས་ཀྱིས་ཁེངས་འདུགཐ་ན་ཝུ་ཁུ་རན་གྱི་རྒྱལ་ས་ཅི་ཕིར་དུ་མེས་རྒྱལ་གྱི་མི་ཆེན་གྱི་སྐུ་བརྙན་གྱིས་འཕྱར་བའི་ཕུབ་ཀྱི་སྟེང་དུའང་སྟ་རེ་དང་ཟོར་བའི་རི་མོ་བཀོད་ཡོད་པ་རེད།
དེ་དང་ཆབས་ཅིག་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་ཀྱི་དབང་སྡུད་སྲིད་དབང་ནི་བྱས་ཉེས་མིན་པའི་གླེང་བརྗོད་དང་བརྡ་ཁྱབ་འགོག་རྒྱུ་ཡིན་ལ།ཝུ་ཁུ་རན་གྱི་ཀུང་སི་ཁག་གི་ཚོང་རྟགས་ཁྲོད་ཀྱང ༡༩༡༧ ལོའི་པུར་ཧྲིང་ཝེ་ཁུ་གསར་བརྗེ་འདུས་པའི་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་མིང་དང་བྱེད་སྒོ་ཡང་དྲངས་མི་ཆོག་པར་བྱས་འདུག
བཅའ་ཁྲིམས་གསར་པ་དང་འགལ་ཚེ་དུས་ཡུན་ལོ ༥ ནས ༡༠ བཙོན་འཇུག་བྱ་རྒྱུ་རེད།
ཁྲིམས་གཞིའི་མ་ཟིན་འགོད་མཁན་གྲས་ཀྱི་ལི་ཡ་ཧྲིང་ཝེ་ཁུས"ངས་བལྟས་ན་འདི་ནི་རྒྱལ་ཚོགས་ཀྱི་ལོ་རྒྱུས་རང་བཞིན་གྱི་གཏན་ཁེལ་ཞིག་ཡིན་ཏེ།དེ་སྔ་ཝུ་ཁུ་རན་རང་བཙན་བྱེད་དུས་སུ་འདི་ལྟར་ཐག་གཅོད་དགོས་པ་རེད"ཅེས་བསྟན་བྱུང་།
ཁྲིམས་གཞིར་མ་ཟིན་འགོད་མཁན་གཞན་ཤོས་ལུའུ་སུན་ཁེ་ན་རེ།"ལེ་ཉིན་དང་། སི་ཏ་ལིན།ཁུ་ལ་ལ་ཚི་ཐེ་ཅིན་གྱི་མིང་ནས་བཏགས་པའི་ཁྲོམ་སྲང་དག་གི་མིང་བརྗེ་དགོས་ཤིང་།དབང་སྡུད་དབང་སྒྱུར་མཁན་གྱི་འགོ་གཙོ་དྲིལ་སྒྲོག་བྱེད་མི་ཆོག"ཟེར།
ལོ་རྒྱུས་སྨྲ་བས་བལྟས་ན།གུང་ཁྲན་སྲིད་དབང་གིས་དེ་སྔར་ཝུ་ཁུ་རན་གྱི་མི་ཁྲི་ཚོ་བརྒྱ་ཕྲག་དུ་མ་རྐྱེན་ལམ་དུ་བརྫངས་མོད།དེ་ལས་ཀྱང་གནོད་འཚེ་ཚབས་ཆེ་བ་ནི་མིའི་བསམ་བློར་འགྱུར་བ་བཏང་པ་དེ་རེད། གུང་ཁྲན་གྱི་མཚོན་རྟགས་རྩ་མེད་དུ་བཏང་པ་ནི་གུང་ཁྲན་རིང་ལུགས་འཐོར་པའི་གོམ་པ་དང་པོ་རེད་ཅེས་འདོད།
ཁྲིམས་གསར་པས་ཝུ་ཁུ་རན་གྱིས་དབང་སྡུད་ལམ་ལུགས་ནང་གི་དཔོན་རིགས་ཀྱི་བྱས་ཉེས་ལ་བརྟག་དཔྱད་དང་ཐེར་འདོན་བྱེད་ཆོག་པ་ལས་གཞན།རྒྱལ་ཚོགས་ཀྱིས་ཁྲིམས་གསར་པ་ཞིག་བཙུགས་ཏེ་གུང་ཁྲན་དབང་ཆས་གཉའ་གནོན་བྱས་པའི་ཡིག་ཚགས་ཕྱིར་བསྒྲགས་རྒྱུ་རེད།
ཨུ་རུ་སུའི་ཕྱོགས་ནས་ཝུ་ཁུ་རན་གྱི་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་མི་འཐད་པའི་ཚུལ་བསྟན་འདུག་ཅིང་།ཨུ་རུ་སུའི་གྲོས་མི་ཁ་ཤས་ཀྱིས།གུང་ཁྲན་རིང་ལུགས་དང་ན་ཙི་སོགས་མཉམ་དུ་སྦྱོར་པའི་བྱེད་སྟངས་དེ་ནི་གཟབ་ནན་མ་བྱས་པར་གང་འདོད་ཀྱི་ལབ་བརྡོལ་ཞིག་ལ་མ་འདས་ཟེར།
ཁ་བྱང་ཕྱི་མོ།ཝུ་ཁུ་རན་གྱིས་ཁྲིམས་བཙུགས་ཏེ་ན་ཙི་དང་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་བཀག་འགོག་བྱས།