ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“ཝ་རྔོན། ༢༠༡༥ལོའི”ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་ནས་ཟླ་ཕྱེད་རིང་གྲུབ་འབྲས་ཐོབ།

2015-04-20

གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར། སྤྱི་བདེ་པུས“ཝ་རྔོན། ༢༠༡༥ ལོའི”ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ་ནས་བཟུང་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་ས་གནས་དེ་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚོགས་འདུའི་དགོངས་དོན་འཕྲལ་དུ་ལག་བསྟར་དོན་འཁྱོལ་དང་། ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། སྒྲིག་འཛུགས་དང་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད། ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་ནས་ཟླ་ཕྱེད་རིང་ཕྱིར་བྲོས་དཔལ་འབྱོར་ཉེས་གསོག་དོགས་ཅན ༢༠ འཛིན་བཟུང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་བདེ་པུས“ཝ་རྔོན། ༢༠༡༥ ལོའི”ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་རྗེས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཀྲེ་ཅང་དང་། ཧྲང་ཧའེ། ཧོ་པེ། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པས་ཕྱིར་བྲོས་དཔལ་འབྱོར་ཉེས་གསོག་དོགས་ཅན་མང་པོ་ཞིག་སྔ་རྗེས་སུ་འཛིན་བཟུང་བྱས་པ་རེད། ཟླ ༤ ཚེས ༡ ཉིན་ཡུན་ནན་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག་ཀྲེ་ཅང་ཉེན་རྟོག་ཕྱོགས་ཀྱིས་འབར་མར་བྲོས་བྱོལ་དུ་ཕྱིན་པའི་མ་རྩ་བསྡུ་རུབ་དང་ཁ་བསླུས་ཉེས་གསོག་དོགས་ཅན་ཀུང་ག་གེ་མོ་འཛིན་བཟུང་བྱས་ནས“ཝ་རྔོན། ༢༠༡༥ ལོའི”ཆེད་དོན་བྱ་སྤྱོད་ཀྱི་དམག་འཐབ་དང་པོ་དེ་བརྒྱབ་ཡོད། ཚེས ༢ ཉིན་ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་དང་ཁུངས་སྣེར་ཞིབ་བསྡུར་བྱས་པ་བརྒྱུད་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཡིག་རྫུན་འབྲི་བྱེད་མཁན་ཉེས་གསོག་དོགས་ཅན་ཆའོ་ག་གེ་མོ་མངའ་ཁོངས་ཕྱིར་གབ་པ་ཤེས་རྟོགས་བྱུང་བ་དང་། གྱོད་གཞི་སྒྲུབ་གཉེར་བྱེད་མཁན་གྱིས་འཕྲལ་དུ་ནུས་ཤུགས་ཡོད་རྒུས་ལས་དོན་སྤེལ་ཏེ་ཆའོ་ག་གེ་མོ་རྒྱལ་ནང་དུ་ལོག་རྒྱུའི་ཁ་ཏ་བསླབ་བྱ་བྱས་ཡོད། ཚེས ༣ ཉིན་ཡུན་ནན་སྤྱི་བདེ་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཧོ་པེ་ཉེན་རྟོག་ཕྱོགས་ཀྱིས་མངའ་ཁོངས་ཕྱིར་བྲོས་པའི་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་བཅོལ་དངུལ་བསྡུ་ལེན་བྱེད་མཁན་ཉེས་གསོག་དོགས་ཅན་མོང་ག་གེ་གོ་འཛིན་བཟུང་བྱས་པ་རེད། ཚེས ༡༢ ཉིན་ཧྲན་ཏུང་ཉེན་རྟོག་ཕྱོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཨུ་རུ་སུར་བྲོས་བྱོལ་དུ་ཕྱིན་པའི་ཐོ་བཀོད་ཚོང་རྟགས་རྫུས་མའི་ཚོང་ཟོག་འཚོང་མཁན་ཉེས་གསོག་དོགས་ཅན་ཏིང་ག་གེ་མོ་རྒྱལ་ནང་དུ་རང་ཉེས་རང་ཞུ་བྱེད་པར་ཁྲིད་ཡོང་བ་རེད།

སྤྱི་བདེ་པུས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ལ་རྗེས་འདེད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས“ཝ་རྔོན། ༢༠༡༤ ལོའི”ལས་དོན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས་ཕྱིར་བྲོས་མི་སྣའི་གྲངས་གཞིའི་མཛོད་འཐུས་ཚང་དུ་གཏོང་བ་དང་འགུལ་ཚུལ་དོ་དམ་ནན་པོ་བྱས་ནས་མངའ་ཁོངས་ཕྱིའི་མི་རྒྱུ་གཉིས་འདེད་ཀྱི་ལས་དོན་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ་དང་། ཕྱིར་བྲོས་དཔལ་འབྱོར་ཉེས་གསོག་དོགས་ཅན་ ལ་ཕྱོགས་ཡོངས་ནས་བརྟག་དཔྱད་མཐིལ་རྟོགས་བྱེད་པའི་རྨང་གཞིའི་ཐོག་གདིང་གཞི་རྦད་དེ་ཁོང་དུ་ཆུད་པ་བྱས་ཏེ་རིགས་དབྱེ་ནས་གཙོ་གནད་གཏན་འཁེལ་དང་བྱ་ཐབས་ནུས་ལྡན་སྤྱོད་དགོས་པ། ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཆེད་དོན་ལྟ་སྐུལ་ལས་དོན་སྤེལ་ནས་ཆེད་དོན་བྱ་སྤྱོད་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

འབྲེལ་ཡོད་རྩོམ་ཡིག