ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དཔོན་པོ་ཡོད་ཚད་མི་ངན་ཟ་རྔམ་ཅན་ཡིན་ནམ།

2015-04-20 དཔལ་མགོན།

རང་རྒྱལ་གྱིས་ད་དུང་སྔར་བཞིན་རུལ་སུངས་ངོ་རྒོལ་བྱེད་བཞིན་ཡོད། དཔོན་ངན་མང་པོར་སེམས་ཁྲལ་ཆེན་པོ་སྐྱེ་བཞིན་ཡོད་པ་དང་། མང་ཚོགས་ཀྱི་འདོད་པ་སྔར་ལས་ཇེ་ཆེར་འགྱུར་བཞིན་ཡོད་པ་རེད། རུལ་སུངས་བ་གང་སར་ཁྱབ་པའི་དུས་སྐབས་འདིར། དཔོན་པོ་མི་ཉུང་བ་ཞིག་ལ་གློ་བུར་དུ་རང་ཉིད་ཀྱང་དཔོན་ངན་ཞིག་ཏུ་གྱུར་ཡོད་པའི་སྣང་བ་སྐྱེ་བཞིན་ཡོད་པ་རེད།

ཉེ་ཆར། "ལོ ༥༥ ཡན་དང་། ས་ཁུལ་དང་གྲོང་ཁྱེར་ནས་ལས་འགན་འཁུར་མཁན། ཁྲུའུ་ཀྲང་གཞོན་པའི་ཡན་གྱི་དཔོན་པོ་ཚང་མས་རྒྱུ་ཟ་མྱོང་ཡོད་ངེས་ཡིན་ལ། ལྐོག་ཟ་བྱས་པའི་རྒྱུ་ནོར་གྱི་ཆེ་ཆུང་ཡོད་པ་ཁོ་ན་ཙམ་རེད"ཅེས་པའི་བཤད་སྲོལ་ཞིག་ཡོད་པ་རེད།

དཔོན་ངན་འགའ་རེ་དངོས་གནས་ཟ་རྔམ་ཆེ་བས། མང་ཚོགས་ཀྱིས་སྡིགས་མོ་བྱེད་བཞིན་ཡོད་ལ། ཀྲུང་དབྱང་གིས་ཀྱང་དག་ཐེར་ནན་མོ་བྱེད་བཞིན་ཡོད། ཚོགས་ཆེན་བཅོ་བརྒྱད་མཇུག་རྫོགས་པ་ནས་ད་བར་དུ། དཔོན་ངན་ཆེ་ཆུང ༩༩ འཛིན་བཟུང་བྱས་ཡོད་ལ། སྨྱན་སྦྱོར་ཚན་ཁག་གིས་དཔོན་ངན་ཚོས་གནས་ཚུལ་བསྒྲགས་པ་ནི། དེ་བས་ཀྱང་འཇིགས་སྣང་ཆེ་བ་ཞིག་རེད།

རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་དབུ་ཁྲིད་པ་ཡོད་ཚད་ལ་ཤུགས་རྐྱེན་ཐེབས་ཏེ། མི་མང་པོ་ཞིག་གིས་དཔོན་པོ་ཡོད་ཚད་མི་ངན་ཡིན་པ་དང་། རྒྱུ་ནོར་ལྐོག་ཟ་བྱ་རྒྱུ་ལས་མང་ཚོགས་ལ་བསམ་བློ་གཏོང་མཁན་མེད་པར་འདོད་བཞིན་ཡོད།

མི་སུ་ཡིན་ཡང་སྐྱོན་བྲལ་ཅན་ཞིག་མེད་ལ། ལྷག་པར་དུ་ཏང་ཡོན་ཁྲི ༨༦༠༠ ལྷག་ཡོད་པའི་སྲིད་འཛིན་ཏང་ཞིག་ལ་མཚོན་ན་དེ་ལས་མ་འདས་སོ། ཏང་ཡོན་དཔོན་པོ་འགའ་ཞིག་གིས་རྒྱུ་ནོར་ལྐོག་ཟ་བྱས་པ་ཡིས། དཔོན་པོ་ཡོད་ཚད་ཟ་རྔམ་ཅན་དུ་བརྩིས་པ་ནི་གནས་ལུགས་དང་མི་མཐུན་པ་ཞིག་རེད། དཔོན་ངན་སྐོར་ཞིག་གི་བྱ་སྤྱོད་ཀྱིས་སེམས་ལ་བག་ཆགས་ངན་པ་བཞག་པར་བརྟེན། མང་ཚོགས་ཀྱི་ཆེད་དུ་ནུས་ཤུགས་ཡོད་ཚད་བཏོན་ནས་དངོས་ཡོད་ལས་དོན་སྒྲུབ་བཞིན་པའི་དཔོན་པོ་དག་ལའང་ལྟ་ཚུལ་ངན་པ་འཛིན་རྒྱུ་ནི་མི་འོས་པ་ཞིག་རེད།

ད་ལྟ་བསྒྲགས་པའི་གསར་འགྱུར་ཡོད་ཚད་ཀྱི་ནང་དུ་དཔོན་པོ་དག་གི་སྣང་བརྙན་ནི་ནུས་པ་ཞན་པ་དང་། གཤིས་རྒྱུད་གྱོང་པོ། སྒྱིད་ལུག་ཆེ་བ་ཞིག་གི་རྣམ་པ་བཞེངས་ཡོད། འོན་ཀྱང་དོན་དངོས་སུ། དཔོན་པོ་དག་ལས་མང་ཆེ་བ་ཞིག་དང་།ལྷག་པར་དུ་གཞི་རིམ་གྱི་དཔོན་པོ་མང་པོས་དོན་དངོས་སུ་ལས་དོན་ཇི་ལྟར་སྒྲུབ་བཞིན་ཡོད་པ་དང་། འཚོ་བ་ག་འདྲ་རོལ་བཞིན་ཡོད་པར་མི་མང་པོ་ཞིག་ལ་ཆ་རྒྱུས་མེད་པ་རེད།《མི་དམངས་གླེང་སྟེགས》དུས་དེབ་ཀྱིས་བརྟག་དཔྱད་བྱས་པ་ལས་མངོན་གསལ་ལྟར་ན། གཞི་རིམ་གྱི་དབུ་ཁྲིད་མང་པོའི་ཡོང་འབབ་མཐོ་རྒྱུ་མེད་ནའང་། ལས་ཀ་མང་པོ་སྒྲུབ་དགོས་པ་དང་དབང་ཆ་ཆེན་པོ་མེད་པ་རེད།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག