ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་ཡོང་འབབ་ལོ་རེ་རེར་ཇེ་ཉུང་ནས་ཇེ་ཉུང་ཡིན་འདུག

2015-04-29

ཨ་རིའི་ཕོ་བྲང་དཀར་པོ་ནས་ཉེ་ཆར་བསྒྲགས་པའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་ཁྲལ་ཐོའི་གནས་ཚུལ་ལྟར་ན།ཨོ་བྷ་མ་ཁྱོ་ཤུག་གཉིས་ཀྱི་ན་ནིང་གི་ཡོང་འབབ་ཁྱོན་བསྡོམས་ཨ་སྒོར་ཁྲི ༤༧.༧༣༨༣ ཡིན་པ་དང་།དེ་ལོ་སྔོན་མ་དག་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད་པ་མ་ཟད།ཁོང་ནས་སྲིད་འཛིན་གྱི་འགན་བཞེས་པ་ནས་ད་བར་དུ་ཡོང་འབབ་ཆེས་ཉུང་ཤོས་དེ་ཡིན་འདུགདེའི་རྒྱུ་རྐྱེན་གཙོ་བོ་ནི་ཨོ་བྷ་མའི་རང་རྣམ་བཙོང་བའི་འབབ་སྒོ་དེ་ཇེ་ཉུང་དུ་ཕྱིན་པའི་རྐྱེན་རེད།

ཨོ་བྷ་མའི་ན་ནིང་གི་ཡོང་འབབ་གཙོ་བོ་ནི་སྲིད་འཛིན་གྱི་ཟླ་ཕོགས་ཨ་སྒོར་ཁྲི ༤༠ ཡོད་པ་དེ་ཡིན་པ་དང་།ཁོང་ཁྱོ་ཤུག་གཉིས་ཀྱིས་སྲིད་གཞུང་ལ་ཁྲལ་རིགས་བསྡོམས་པས་ཨ་སྒོར་ཁྲི ༩.༣ སྤྲད་ཡོད།འདིའི་ཁྲལ་བསྡུའི་བསྡུར་ཚད ༡༩.༦% རེད།ན་ནིང་ཁོང་གཉིས་ནས་སྔ་གཞུག་ཏུ་སྙིང་རྗེའི་རོགས་སྐྱོར་ཚོགས་པ ༣༣ ལ་ཨ་སྒོར་ཁྲི ༧ གྱི་ཞལ་འདེབས་ཕུལ་ཡོད་ལ།དེས་ཁོང་གི་སྤྱིའི་ཡོང་འབབ་ཀྱི ༡༥% ཟིན་འདུགཨོ་བྷ་མར་ཟླ་ཕོགས་ལས་གཞན་པའི་ཡོང་སྒོ་གཙོ་བོ་ནི་རང་རྣམ་བཙོངས་བའི་ཡོང་འབབ་དང་དངུལ་ཁང་གི་འབབ་ཁྲལ་རེད།

ཨོ་བྷ་མ་ཁྱོ་ཤུག་གཉིས་ཀྱི༢༠༡༣ལོ་དང༢༠༡༢ལོ་སོ་སོའི་ཡོང་འབབ་ཨ་སྒོར་ཁྲི༥༠དང་ཨ་སྒོར ༦༦ ཡིན་པ་དང་།༢༠༠༩ ལོར་ཨོ་བྷ་མ་ཁོང་གི་རང་རྣམ་བཙོངས་བ་དང་ནོ་ཝེལ་ཞི་བདེ་བྱ་དགའ་ཐོབ་པ་གཉིས་ལ་རྐྱེན་བྱས་ནས་ཡོང་སྒོ་འབབ་ཆེན་རེག་ཡོད་པ་དང་།དེའི་ཁར་སྲིད་འཛིན་གྱི་ཟླ་ཕོགས་བསྣན་པ་བརྒྱུད།ལོ་དེར་ཁོང་ལ་ཁྱོན་བསྡོམས་ཡོང་འབབ་ཨ་སྒོར་ཁྲི ༥༥༠ ཡོད་འདུགདེ་ཡང་ཨ་སྒོར་གཅིག་ལ་མི་དམངས་ཤོག་སྒོར ༦ ཙམ་ཡིན་པའི་དབང་དུ་བཏང་ན།ལོ་དེར་སྲིད་འཛིན་ཨོ་བྷ་མ་མཆོག་ལ་དམངས་སྒོར་ཁྲི ༣༣༠༠ ཡི་ཡོང་འབབ་ཡོད་པ་རེད།

ཁ་བྱང་ཕྱི་མོ།སྲིད་འཛིན་ཨོ་བྷ་མ་མཆོག་གི་ཡོང་འབབ་ལོ་རེ་རེར་ཇེ་ཉུང་ནས་ཇེ་ཉུང་ཡིན་འདུག

འབྲེལ་ཡོད་རྩོམ་ཡིག